མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༥༢༩ ལ་སྲོག་ཁྲིམས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨི་ཇིབ་ཁྲིམས་ཁང་ཞིག་གིས་ཕྱིར་འབུད་བཏང་བའི་སྲིད་འཛིན་མོར་སིར་རྒྱབ་སྐྱོར་བྱེད་མཁན་གྱི་མི་ ༥༢༩ ལ་སྲོག་ཁྲིམས་བཅད་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་ཨི་ཇིབ་རྒྱལ་ས་ཁེད་རོབ་ཀྱི་ལྷོ་ཕྱོགས་ས་གནས་མེན་ཡྰ་ (Minya) ཁྲིམས་ཁང་གིས་ཕྱིར་འབུད་བཏང་བའི་སྲིད་འཛིན་མོར་སི་ (Morsi) ལ་རྒྱབ་སྐྱོར་གནང་མཁན་དང་། ཁ་ཆེ་སྤུན་ཟླ་ཚོགས་པའི་ཚོགས་མི་ ༥༢༩ ཡིས་འཇབ་རྒོལ་བྱས་ཏེ་ཉེན་རྟོག་པ་དང་མི་བསད་པ། གཞུང་དངོས་གཏོར་བཤིག མི་མང་ལ་ངན་སྐུལ་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་འདུག

ཁྲིམས་རྩོད་པ་ཛ་རེ་ (Mohammed Zarie) ལགས་ཀྱིས་རོའུ་ཊར་གསར་འགོད་པར། ཐེངས་འདིའི་ཁྲིམས་ཁང་གི་ཐག་གཅོད་དེ་སྡུག་རྩུབ་ཅན་ཞིག་ཡིན་པ་དང་ཁས་ལེན་གནང་དཀའ་བས་ཡང་བསྐྱར་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱ་རྒྱུ་ཡིན་པ་དང་། ལྷག་པར་དུ་ཨི་ཇིབ་ཀྱི་ཁྲིམས་ཁང་སྲིད་གཞུང་གི་ཤ་འཁོན་ལེན་པའི་ལག་ཆ་ཆགས་ཡོད་སྟབས། དེ་རེབ་ཀྱི་ཐག་གཅོད་འདི་ལོ་རྒྱུས་ནང་མིག་དཔེ་ངན་པ་ཞིག་ཆགས་ཡོད་ཅེས་བརྗོད་འདུག

ན་ནིང་ཟླ་ ༧ པའི་ནང་ཨི་ཇིབ་དམག་སྤྱི་སེ་སེ་ (Abdel Fattah al-Sisi ) ལགས་ཀྱིས་སྲིད་འཛིན་མོར་སི་ (Morsi) ཕྱིར་འབུད་བྱས་རྗེས། བར་བརྒལ་སྲིད་གཞུང་གིས་ཁ་ཆེ་སྤུན་ཟླ་ཚོགས་པ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཏེ་སྒོ་བརྒྱབ་ཡོད་པ་མ་ཟད། སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་དང་ཚོགས་མི། རྒྱབ་སྐྱོར་བྱེད་མཁན་ཁྱོན་མི་ ༡༢༠༠ ལྷག་ལ་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། དམག་དཔུང་གི་རྒྱབ་རྟེན་ཡོད་པའི་སྲིད་གཞུང་གིས་ཁ་ཆེ་སྤུན་ཟླ་ཚོགས་པ་རྩ་མེད་བཏང་ནས་ཕྱིར་འབུད་བཙོན་འཇུག་བྱས་པའི་སྲིད་འཛིན་མོར་སི་ལ་དགའ་མོས་ཡོད་མཁན་ཚོར་ཨི་ཇིབ་ཀྱི་སྲིད་དོན་ནང་གོ་སྐབས་མེད་པ་བཟོ་རྒྱུ་ཡིན་པ་བདེན་དཔང་ར་སྤྲོད་བྱས་ཡོད་ཅེས་བརྗོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་ནང་སྲིད་གཞུང་གིས་དུས་རྒྱུན་ཁ་ཆེ་སྤུན་ཟླ་ཚོགས་པས་དྲག་སྤྱོད་དང་འཇིགས་སྐུལ་ཚོགས་པ་རྩ་འཛུགས། གཞུང་དངོས་བཙན་འཕྲོག་བྱས་པའི་སྐྱོན་འཛུགས་བྱས་ཀྱང་། ཁ་ཆེ་སྤུན་ཟླ་ཚོགས་པས་དྲག་སྤྱོད་དང་འབྲེལ་བའི་འབར་རྫས་གས་གཏོར་སོགས་ལ་འབྲེལ་བ་གང་མེད་ཅེས་ཁས་ལེན་བྱས་མེད་ཚུལ་སོགས་བཀོད་འདུག

སང་ཉིན་ཡང་བསྐྱར་ཁྲིམས་ཁང་དེའི་ནང་ཁ་ཆེ་སྤུན་ཟླ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷེ་ཌེ་ (Mohammed Badie) དང་། ས་གནས་མེན་ཡྰ་ (Minya) ཡི་མགོ་ཁྲིད་མི་སྣ་ཁག་ཅིག་གཙོས་ཁྱོན་མི་ ༧༠༠ ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese