མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་སློབ་པའི་དགོས་པ་ངོས་འཛིན་སྟངས་ཀྱི་ནོར་འཁྲུལ་ཞིག

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་རྡོ་རྗེས།

དེང་གི་ཆར་གཞིས་བྱེས་གཉིས་ན་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་གླེང་སློང་མང་བ་དང་། དོན་གཉེར་ཅན་མང་པོས་ཁ་བཤད་དང་ལག་ལེན་གཉིས་ཐད་ནས་ཕ་སྐད་རྒྱུད་འཛིན་གྱི་བྱ་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་སུ་མཆིས། འདི་ནི་དགའ་བར་འོས་པའི་དོན་བཟང་ཞིག་ཏུ་སྣང་ཡང་། ཡིད་ཕངས་པ་ཞིག་ལ། ཕ་སྐད་རྒྱུད་འཛིན་གྱི་དགོས་པ་ངོས་འཛིན་སྟངས་ལ་ཞན་ཆའམ་མི་མངོན་པའི་ཉེན་ཁ་ཞིག་འདུག བོད་མི་མང་པོས་བོད་སྐད་ཡིག་ནི་རང་གི་འཚོ་གནས་ལ་དེ་ཙམ་ཕན་ཐོགས་མེད་པ་དང་། དེ་རྒྱུན་འཛིན་བྱེད་པ་ནི་བོད་མི་རིགས་ཀྱི་སྤྱི་བྱུས་འབའ་ཞིག་ཡིན་པར་སྙམ་པ་དང་། ཕ་སྐད་རྒྱུད་འཛིན་གྱི་གདོང་ལེན་པ་དག་གིས་ཀྱང་བོད་ཡིག་སློབ་པའི་དགོས་དོན་ནི་རིགས་ཞེན་ལ་གཞི་བཅོལ་བ་ལས་གང་ཟག་སྒེར་གྱི་ཁེ་ཕན་དང་འབྲེལ་ནས་གླེང་མཁན་ཉུང་། ངས་བསམ་ན་བོད་ཡིག་སློབ་པའི་དགོས་དོན་ནི་བོད་མི་སྒེར་བ་ལ་དངོས་སུ་ཕན་ཐོགས་མིན་གྱི་ཆ་ནས་ལྟ་དགོས་སྙམ།

ང་ཚོས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཟེར་བའི་ཚེ། སྐད་ཡིག་གི་མི་སྒེར་བར་ཕན་པའི་ཆ་ལ་གོ་རྟོགས་ཡང་དག་ཅིག་མེད་པར་མི་རིགས་ཀྱི་ལ་རྒྱའམ་རིགས་ཞེན་གྱི་ཆ་དེ་དམིགས་སུ་བཟུང་སྟེ། བོད་སྐད་ཡིག་སློབ་པ་ནི་མི་རིགས་ཀྱི་ངོ་བོ་ཡུན་གནས་ཙམ་གྱི་ཆེད་དུ་ཡིན་པར་ངོས་འཛིན་སྲོལ་འདུག འདི་ནི་བོད་སྐད་ཡིག་རྒྱུད་འཛིན་གྱི་ཞན་ཆ་ཞིག་ཡིན་པ་མ་ཟད། ཉེན་ཁ་ཞིག་ཏུའང་མཐོང་། ཅི་ཕྱིར་ཞེ་ན། འགྲོ་བ་མིའི་རིགས་གཞན་དང་ཁྱད་མེད་པར་ང་ཚོ་བོད་མི་ཕལ་ཆེ་བས་ཀྱང་ཚེ་འདིའི་ལྟོ་གོས་གཏམ་གསུམ་གཙོ་བོར་དོན་དུ་གཉེར་བ་དང་།  རང་ལ་དངོས་སུ་ཕན་པར་ངེས་པའི་དོན་ཞིག་ཡིན་ན་སྤྲོ་བ་དང་བརྩོན་པས་ལྷུར་ལེན་པ་ཡིན། བོད་སྐད་ཡིག་སློབ་པའང་རང་ལ་ཕན་པའི་ངེས་ཤེས་འདྲོངས་ན། སློབ་གཉེར་གྱི་འདུན་པ་ཆེ་བ་དང་རང་འགུལ་གྱིས་གཙིགས་སུ་འཛིན་སྲིད། འོན་ཀྱང་། བོད་སྐད་ཡིག་སློབ་པའི་དགོས་དོན་ནི་བོད་མི་རིགས་ཀྱི་ངོ་བོ་ཡུན་གནས་ཀྱི་དགོས་མཁོ་འབའ་ཞིག་ཡིན་པར་འཁྲུལ་བས། བོད་སྐད་ཡིག་གི་དངོས་ཕན་རིན་ཐང་དང་གང་ཟག་སྒེར་གྱི་མི་ཚེའི་དཀའ་ངལ་སེལ་བར་ཕན་པའི་ཕྱོགས་དེ་ངོས་མ་ཟིན་པས། བོད་སྐད་ཡིག་རྒྱུད་འཛིན་གྱི་བྱ་གཞག་དོན་དུ་གཉེར་མཁན་ཚོས་རིགས་ཞེན་གྱི་ངོས་ནས་བོད་ཡིག་སློབ་པར་སྐུལ་མ་ཇི་ཙམ་བཏང་ཡང་། བོད་མི་མང་པོས་བོད་ཡིག་སློབ་པ་ནི་སྒེར་གྱི་འཚོ་གནས་ལ་འབྲེལ་བ་ཆེར་མེད་པ་དང་བོད་མི་རིགས་ཀྱི་སྤྱི་བྱུས་འབའ་ཞིག་ཡིན་པར་སྙམ་ནས་དོ་སྣང་དེ་ཙམ་མི་བྱེད། དེར་བརྟེན་ང་ཚོས་ངེས་པར་དུ་དངོས་ཕན་དང་སྒེར་དོན་གྱི་ངོས་ནས་བོད་ཡིག་གི་རིན་ཐང་དང་བོད་ཡིག་སློབ་པའི་དོན་སྙིང་རྟོགས་དགོས།

ཕྱི་དངོས་པོའི་འཚོ་བ་འཕེལ་རྒྱས་ཧ་ཅང་ཆེ་བའི་དུས་རབས་འདིར་ནང་བསམ་པའི་འཚོ་བར་ཕན་པའི་རིག་གནས་ཀྱང་མེད་དུ་མི་རུང་། འཛམ་གླིང་གི་ཡུལ་གྲུ་སོ་སོར་སེམས་ཀྱི་སྡུག་བསྔལ་སེལ་ནུས་པའི་རིག་གནས་རེ་ཡོད་པ་དང་། སྔོན་ཆད་དང་ད་ལྟ་གང་ཡིན་ཡང་བསམ་པའི་འཚོ་བ་ལ་ཕན་ཐོགས་ངེས་ཅན་རེ་བྱུང་དང་འབྱུང་བར་གདའ། རང་རེའི་མེས་པོ་ཚོས་བློ་གྲོས་དང་ཉམས་མྱོང་ལས་བཞེངས་པའི་བོད་ཀྱི་རིག་གནས་བང་མཛོད་ནང་དུ་མིའི་སེམས་ཀྱི་སྡུལ་བསྔལ་སེལ་བར་ཕན་པའི་ཤེས་བྱ་གང་མང་མཆིས་པ་དང་། ལྷག་པར་དུ་བོད་མིའི་འཚོ་གནས་ཀྱི་ཁོར་ཡུག་ཐུན་མོང་མ་ཡིན་པ་དང་རྟེན་ཅིང་འབྲེལ་བའི་བསམ་པའི་རིག་གནས་དེ་ནི་སྒང་བ་བོད་མིའི་གཅེས་ནོར་དུ་གྲུབ།  བོད་སྐད་ཡིག་ནི་རིག་གནས་དེའི་རྟེན་ལྟ་བུ་ཡིན་པ་དང་། དེ་ཤེས་ན་སའི་གོ་ལའི་གླིང་སྣེ་གསུམ་པར་གྲགས་པའི་ས་སྒང་འདིར་འཚོ་བའི་དུས་སུ། ནང་སེམས་ཀྱི་བདེ་སྐྱིད་རྙེད་པར་ཕན་ནུས་ཆེ་བ་དང་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་ཡིན། ཕྱོགས་གཞན་ནས་བཤད་ན། བོད་ནི་གཞན་དབང་དང་བཙན་གནོན་གྱི་འོག་ན་ཡོད་པ་དང་། ཆབ་སྲིད་དང་དཔལ་འབྱོར་དང་བསམ་བློ་སོགས་ཀྱི་རང་དབང་ལ་བཀག་རྒྱ་ཤིན་ཏུ་ཆེ་བས། བོད་སྐད་ཡིག་གིས་ནང་བསམ་པ་ཙམ་དུ་མ་ཟད། ཕྱི་དངོས་པོའི་འཚོ་བ་ལའང་ཕན་ཐོགས་ལྡན།  དཔེ་མཚོན་ཕྲན་བུ་ཞིག་དྲངས་ན། བོད་སྐད་ཡིག་ནི་ནང་ཁུལ་མཐུན་སྒྲིལ་དང་འབྲེལ་འདྲིས་ཀྱི་ལག་ཆ་དཔེ་མེད་ཅིག་ཡིན། རང་ས་རང་ཡུལ་དུ་བོད་སྐད་ཡིག་བཀོལ་ནས་ཚོང་ལས་ཞིག་གཉེར་ནའང་། རྒྱ་ནག་སྐད་ཡིག་གི་བཙན་འཛུལ་ལ་བརྟེན་པ་ཚོས་བོད་དུ་ཚོང་ལས་ཀྱི་ཁེ་ཕན་ཧམ་ཟ་བྱེད་པའི་གནད་དོན་གང་འཚམ་སེལ་ནུས།

ཁོ་བོ་སྒེར་གྱི་ཉམས་མྱོང་གི་ཆ་ནས་བཤད་ན། རྒྱ་ནག་གི་སྐད་ཡིག་དང་དབྱིན་སྐད་འོས་འཚམ་ཞིག་ཤེས་པ་དང་། སྐད་རིགས་དེ་དག་ལ་བརྟེན་པའི་ཕྱི་དངོས་པོའི་འཚོ་བར་ཕན་པའི་ཤེས་བྱ་སྣ་ཚོགས་ཚུར་ལེན་བྱ་ནུས། འོན་ཀྱང་། རང་གི་འཚོ་གནས་ཀྱི་ཁོར་ཡུག་དང་སེམས་ཁམས་ལ་འཚམ་པའི་ཐུན་མིན་རིག་གནས་ནི་བོད་སྐད་ཡིག་གི་ངོས་ན་ཡོད་པ་རྟོགས་སོང་།  དེའི་དོན་ནི་སྐད་ཡིག་གཞན་ན་རང་གི་བསམ་བློའི་འཚོ་བར་ཕན་པའི་རིག་གནས་ཅི་ཡང་མི་འདུག་ཟེར་བ་མིན། འཛམ་བུ་གླིང་ལ་ཐུན་མོང་དུ་གྱུར་བའི་རིག་གནས་ཀྱང་ཡོད་པ་སྨྲོས་མ་དགོས།  ང་ལ་མཚོན་ན།  ༧རྒྱལ་བ་རིན་པོ་ཆེ་མཆོག་ཇི་ལྟ་བུ་ཞིག་ཡིན་པ་རང་བློས་གང་ནུས་ཤིག་རྟོགས་པའི་མཐུན་རྐྱེན་མེད་དུ་མི་རུང་བ་ནི་བོད་སྐད་ཡིག་ཡིན། གལ་སྲིད་ངས་བོད་སྐད་མ་གོ་བ་དང་བོད་ཡིག་གི་ཤེས་ཚད་འོས་འཚམ་ཞིག་མེད་ཚེ། ཁོང་གི་ཇི་ལྟ་བུ་ཡིན་པ་ནི་ཕྱོགས་རེ་བ་ཙམ་ལས་རྟོགས་མི་ནུས་པའམ། ཡང་ན་རྨོངས་དད་ཙམ་ལས་རྒྱུ་མཚན་ཤེས་པའི་དད་པ་ནི་རྙེད་མི་སྲིད། བོད་སྐད་ཡིག་ནི་༧རྒྱལ་དབང་མཆོག་དང་ཕྲན་ཆུང་བར་གྱི་ཟམ་པ་ཡིན་ཟེར་ཆོག ཁོང་གིས་བོད་སྐད་ཡིག་གི་སྟེང་ནས་གནངས་པའི་གསུང་ཆོས་དང་བཀའ་སློབ་དག་གིས་ངའི་སེམས་ལ་འོད་སྣང་དང་སྙིང་སྟོབས་སྩོལ་བ་དང་། དེའང་ང་རང་གིས་བོད་སྐད་ཡིག་ཤེས་པའི་མཐུན་རྐྱེན་ལ་རག་ལས་པ་དང་། ལྷག་པར་དུ་བོད་ཡིག་རན་པར་ཤེས་པའི་རྐྱེན་གྱིས་ཡིན།

གལ་སྲིད་དོན་དངོས་ཀྱི་སྟེང་ནས་བོད་སྐད་ཡིག་ནི་བོད་མིའི་ནང་སེམས་དང་ཕྱི་དངོས་པོའི་འཚོ་བ་གང་ལའང་ཕན་ཐོགས་མེད་ཚེ། ང་ཚོས་རིགས་ཞེན་ཙམ་གྱི་དབང་དུ་བྱས་ནས་སྐད་ཡིག་བེད་མེད་ཅིག་རྒྱུད་འཛིན་བྱ་དགོས་དོན་ཅི་ཡང་མ་མཆིས། བོད་མི་བརྒྱ་ཆའི་དྲུག་བཅུ་ལས་བརྒལ་བ་ཞིག་གིས་བོད་སྐད་ཡིག་ནི་རང་གི་འཚོ་བ་ལ་ཕན་ཐོགས་མེད་པར་ལྟ་བའི་སྣང་ཚུལ་བྱུང་ན། དེའི་དུས་སུ་བོད་སྐད་ཡིག་ནི་ཤི་ཟིན་པ་ཡིན།  དེ་ལྟ་བས་ན། དངོས་ཡོད་འཚོ་བའི་ཉམས་མྱོང་ལ་གཞི་བཅོལ་ནས་བོད་སྐད་ཡིག་རྒྱུད་འཛིན་གྱི་དགོས་དོན་ནི་སྒེར་ཕན་དང་རིགས་ཞེན་གཉིས་ལས་གང་གི་སྟེང་ན་ཡོད་པ་ངེས་དགོས་པ་དང་། བོད་སྐད་ཡིག་ཤེས་ན་རང་ཉིད་ལ་ཕན་ཐོགས་གང་ཞིག་ཡོད་མེད་རྟོགས་དགོས་སོ།།

 

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese