མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སིམ་ལའི་ཆིངས་ཡིག་ལ་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སྡེ་གནམ་ལོ་ཡག

 ལོ་རྒྱུས་གླེང་སློང་བྱེད་པ་ནི་ཁ་སང་ལ་སྤྱི་བསྡོམས་དང་དེ་རིང་ལ་གདེངས་འཇོག སང་ཉིན་གྱི་རྒྱང་ལྟ་བཅས་ཡིན་པས། སིམ་ལའི་ཆིངས་ཡིག (The Simla Accord, or the Convention Between Great Britain, China, and Tibet, [in] Simla)ནི་བོད་ཀྱི་ཁ་སང་གི་སྤྱི་བསྡོམས་འབབ་ས་ཞིག་ཏུ་གྱུར་ཡོད། ཡིན་ནའང༌། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་འཆར་གཞི་ལྡན་པའི་ལོ་རྒྱུས་བཟོ་བཅོས་ཀྱི་ལས་གཞི་ཞིག་མི་མངོན་པའི་ལམ་ནས་ལག་བསྟར་བྱེད་ཀྱིན་པས།  འདི་ལ་ཆིངས་ཡིག་མི་འབོད་ཚུལ་དང་བོད་འདི་བཞིན་སྔར་ནས་རང་སྐྱོང་ཡིན་ཚུལ་ཞིག་བརྗོད་ཀྱིན་འདུག དོན་ལ་རྒྱའི་ཡིག་ཆ་ཀུན་ཏུའང་ཆིངས་ཡིག་ཅེས་པའི་མིང་ལ་དོགས་སློང་བྱས་མེད་པས།  རྐང་རྗེས་ལག་སུབ་བྱེད་དོན་གང་ཡིན་དཔྱད་བྱ་གཙོ་བོ་ཞིག་ཡིན་པའི་ཁར། མི་རབས་རྗེས་མར་འཇུ་ས་ཞིག་བསྐྱུར་རོགས་ཞེས་འབོད་བསྐུལ་མི་ཞུ་ག་མེད་ཀྱི་དུས་ལའང་སླེབས་འདུག

སིམ་ལའི་ཆིངས་ཡིག་གླེང་སྐབས།  ཆིངས་ཡིག་འདིར་རྒྱ་ནག་གི་ཕྱོགས་ནས་མིང་རྟགས་མ་བཀོད་པར་དུ་དེའི་ནང་གསལ་ཐོབ་ཐང་མེད་ཅེས་ཟུར་ཆིངས་བཞག་ཡོད་པ་དེ་ཁྲིམས་ནུས་ཅན་གྱི་རྒྱལ་སྤྱིའི་ངོས་ལེན་ཞིག་ཏུ་གླེང་དགོས་པར་མ་ཟད་སིམ་ལ་ཆིངས་ཡིག་གིས་བོད་ཀྱི་རྒྱལ་སྤྱིའི་གནས་བབ་ཐག་གཅོད་བྱས་ཡོད་པ་ཙམ་ལས་རྒྱ་ཕྱོགས་ནས་མིང་རྟགས་མ་བཀོད་པར་བརྟེན་ནས་བོད་ཀྱི་རྒྱལ་ཁབ་ཀྱི་ངོ་བོ་དང་ཡུལ་ཁམས་སྤྱིའི་གཅིག་གྱུར་རང་བཞིན་ཐད་འགོག་རྐྱེན་ཐེབས་ཐུབ་མེད། འོན་ཀྱང༌། ཕྱི་ལོ་ ༢༠༠༨ ལོར་དབྱིན་ཇི་གཞུང་གིས་དབུ་མའི་ལམ་ལ་ཁ་གཡར་ནས་རྒྱ་དམར་གཞུང་ལ་བོད་ཐོག་བདག་དབང་ཡོད་པར་ངོས་ལེན་བྱས་པ་ནི་བོད་ཕར་ཞོག་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་ལའང་གས་བསྲུབས་ཆེན་པོ་ཞིག་བཏོད་ཡོད། དཔེར་ན། རྒྱ་དམར་གཞུང་གིས་སྔ་རྗེས་སུ་ལ་དགས་དང་འབྲུག་གི་ཕྱོགས་ནས་བཙན་འཛུལ་བྱེད་འཆར་བྱས་པ་ནི་སྒྲུབ་བྱེད་དུ་གྱུར་ཡོད་ལ། དེང་ཕྱིན་གནད་དོན་འདིས་བཙན་བྱོལ་སྤྱི་ཚོགས་ནང་དཀའ་ངལ་གསར་བ་ཞིག་བསྐྱེད་མི་སྲིད་པའང་མིན།

འོ་ན། དེང་སྐབས་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་ནི་བྱུང་མ་མྱོང་བའི་གནས་བབ་ཅིག་ཡིན་ཞེས་བརྗོད་ཀྱིན་པ་མིན་ནམ། དེ་ནི་གོང་དུ་བརྗོད་པའི་ལོ་རྒྱུས་བཟོ་བཅོས་བྱེད་འཆར་གྱི་ཆ་ཤས་ཤིག་རེད་ལ། བཙན་པོའི་སྲིད་དབང་འཐོར་ཞིག་ཏུ་ཕྱིན་རྗེས།  བོད་ལ་གཅིག་གྱུར་བྱུང་མྱོང་མེད་པ་ཞིག་མ་རེད། ཡིན་ནའང༌། གནམ་གཤིས་དྲོད་གྲང་སྙོམས་པའི་མཐའ་མཚམས་ཡུལ་ལུང་ཁག་རིམ་བཞིན་གཞན་ལག་ཏུ་ཤོར་ཡོད་མོད། མདོ་ཁམས་ཏེ། ཁམས་དང་ཨ་མདོའི་གཙོ་ཤུགས་ལ་ཉམས་རྒུད་ཆེར་ཕྱིན་མེད། དཔེར་ན། ཁམས་ཕྱོགས་སུ་རྒྱལ་པོའི་ལམ་ལུགས་དུས་རབས་ཉི་ཤུ་བའི་འགོར་གཏོར་ཡོད་པ་མ་གཏོགས་ཨ་མདོའི་ནང་ཁྲི་དཔོན་སྟོང་དཔོན་ལམ་ལུགས་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་བར་གཏོར་ཐུབ་མེད།

ད་དུང་དབང་ཤུགས་ཀྱི་ཆ་ནས་ཕྱི་ལོ་ ༡༩༢༨ ལོར་མཚོ་སྔོན་ཞིང་ཆེན་ཟེར་བ་བཙུགས་པ་དང་ཕྱི་ལོ་ ༡༩༣༩ ར་ནུབ་ཁམས་ཞིང་ཆེན་ཟེར་བ་བཙུགས་པ་ནི་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་བཙན་འཛུལ་བྱ་སྤྱོད་ཡིན་པ་ལས་སུ་གང་གིས་ཀྱང་ཡིག་ཐོག་ནས་ངོས་ལེན་བྱས་མེད་ལ། དེ་བཞིན་དུ་རོང་པ་ལ་ནས་བཞག་པའི་གྲོས་ཆིངས་དེ་བཞིན་དམག་འཐབ་མཚམས་འཇོག་གི་གྲོས་ཆིངས་ཤིག་ཡིན། དེ་བས།  མན་ཇུར་ཁ་ནས་བཤད་བདག་དབང་ཙམ་ལས་དོན་དངོས་ཀྱི་བདག་དབང་རེག་ཐུབ་མེད་པ་གསལ་བོར་མཚོན་ཡོད།  དེ་བས། དེང་སྐབས་བོད་ཤར་ཕྱོགས་ཀྱི་ས་ཁུལ་མང་བོ་ས་ཁོངས་རང་སྐྱོང་འོག་བཅུག་ཡོད་དོན་ཡང་དེ་ལ་ཐུག་ཡོད།

གཞན་བོད་སོག་འབྲེལ་ལམ་དང་བོད་མན་འབྲེལ་ལམ་ནི་དབུས་གཞུང་དང་ས་གནས་ཀྱི་འབྲེལ་བ་མ་ཡིན་ནམ། སྤྱིར་ལོ་རྒྱུས་ཀྱི་འཕེལ་རིམ་ནི་གཅིག་ལ་གཅིག་བརྟེན་རང་བཞིན་ལྡན་པའམ། ཕན་ཚུན་བར་ཤུགས་རྐྱེན་སྤྲོད་རེས་ཀྱི་རིམ་པ་ཞིག་ནས་འཕེལ་ཡོང་བ་ཞིག་རེད། སྒོས་སུ་དབྱིན་ཇི་གཞུང་སོགས་ཀྱིས་ཕྱི་ལོ་ ༡༩༠༧ ར་གཞི་ནས་མན་ཇུ་གཞུང་ལ་བོད་ཐོག་མིང་ཙམ་དབང་བསྒྱུར་གྱི་ཐོབ་ཐང་ཡོད་པར་ངོས་ལེན་བྱས་འདུག  འོན་ཀྱང༌། ཕྱི་ལོ་ ༡༩༡༡ ལོར་མན་གཞུང་མཇུག་གྲིལ་བ་དང༌།  ཕྱི་ལོ་ ༡༩༡༣ ར་བོད་སོག་བར་དུ་མཛའ་འབྲེལ་གྲོས་ཆིངས་བཞག་པའི་ནང་བོད་སོག་ཕན་ཚུན་རང་བཙན་ཡིན་པར་ངོས་ལེན་དང་མན་ཇུའི་འོག་ནས་ཚུར་ཐོན་པའི་གསལ་བསྒྲགས་གནང་ཡོད་པས། གོང་གི་བོད་སོག་འབྲེལ་ལམ་ཡིན་ནའང་འདྲ། བོད་མན་འབྲེལ་ལམ་ཡིན་ནའང་ཆོག ཁྲིམས་ལ་གཞལ་རིན་ཡོད་པའི་བཞི་ཤད་ཅིག་བཀོད་ཟིན་སྟབས། ལོ་རྒྱུས་ཀྱི་འཕེལ་རིམ་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་མ་ནོར་བ་གནང་གལ་ཆེ་བའང་གསལ་བོ་རེད།

གང་ལྟར་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་མི་རང་ཉིད་ཀྱི་སྐད་ཆ་ལས་རྒྱ་སེར་ཞིག་གམ། རྒྱ་ནག་ཅིག་གིས་སྐད་ཆ་བཤད་པ་ཚད་མར་འཛིན་སྲོལ་འདུག་པས། སྨྱུག་ཐོགས་པས་ཀྱང་རིགས་དེ་གཉིས་ལུང་འདྲེན་གྱིས་རྩོམ་མཇུག་བསྡུ་རྩིས་ཡིན། ༼རྒྱལ་དབང་བཅུ་གསུམ་པ་ཆེན་པོས་ལྷ་ས་ནས་དངོས་སུ་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་རྗེས།

རྒྱ་ནག་དང་དབྱིན་ཇི།  བོད་གསུམ་ཀའི་འཐུས་མིས་རྒྱ་གར་བྱང་ཁུལ་གྱི་སིམ་ལར་བོད་རྒྱའི་མཐའ་མཚམས་རྩོད་རྙོག་རྒྱུན་བསྲིངས་པའི་རྐྱེན་གྱིས་བསྐངས་པའི་ཚོགས་འདུ་ཞིག་སྟེ། ཕྱི་ལོ་ ༡༩༡༣ ལོའི་ཟླ་ ༡༠ ཚེས་ ༡༣ ཉིན་ནས་ཕྱི་ལོ་ ༡༩༡༤ ལོའི་ཟླ་ ༤ ཚེས་ ༢༧  ཉིན་བར། ཕྱོགས་གསུམ་ཀའི་གཞུང་གིས་དབང་ཚད་ཆ་ཚང་སྤྲད་ཡོད་པའི་འཐུས་མིས་བོད་ཀྱི་བདག་དབང་དང་འབྲེལ་བའི་དོན་ཚན་ཁག་ལ་གྲོས་མོལ་བྱས་ཤིང༌། མཇུག་མཐར་གྲོས་མཐུན་མ་ཕྱི་གཏན་འབེབས་བྱས། འདི་ལ་སིམ་ལའི་ཆིངས་ཡིག་འབོད། ཕྱོགས་གསུམ་ཀས་ཆིངས་ཡིག་མ་ཕྱིར་མིང་རྟགས་བཀོད་པའི་ཕྱི་ཉིན། རྒྱ་ནག་གཞུང་གིས་ཆིངས་ཡིག་དེར་མོས་མཐུན་མ་བྱས༽༡ པའི་གནས་ཚུལ་གསལ་ཡོད་ཅིང༌། ཡང༌།༼སིམ་ལའི་ལྷན་ཚོགས་རྗེས་སུ་བོད་ཀྱི་གནས་བབས་དེ་ལྷན་ཚོགས་སུ་མ་ཞུགས་གོང་གི་གནས་སྟངས་ལས་ཅུང་ཟད་ཅིག་བརྟན་དུ་ཕྱིན་ཡོད་པ་རེད། བོད་དང་རྒྱ་ནག་ཕན་ཚུན་དབར་གྱི་གནས་སྟངས་དེ་བཟང་དུ་མ་སོང་བར། དམག་འཁྲུག་གི་ངང་ཚུལ་དེ་ད་དུང་རང་སོར་གནས་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་བྱས་ན། ལྷན་ཚོགས་མགོ་འཛུགས་སྐབས་སུ་ངོས་འཛིན་བྱས་པའི་བོད་ཀྱི་རྒྱལ་སྤྱིའི་གནས་བབས་དེ་བཞིན་སྲ་བརྟན་སོར་གནས་བྱུང་བའི་ཐོག་དགོས་ངེས་དབྱིན་ཇིའི་ཁས་ལེན་གྱི་རྒྱབ་སྐྱོར་ཡང་ཐོབ་ཡོད་པ་

རེད།  དེའི་ཁར་རྒྱ་མིས་ཆིངས་དོན་ལ་བརྩི་བཀུར་མ་བྱས་པ་དེས་བོད་ཕྱི་ནང་གཉིས་སུ་དགར་བའི་མཚམས་དེ་དག་དོན་དམ་བརྩི་མེད་དུ་གྱུར་ཏེ། དབྱིན་ཇིས་ངོས་འཛིན་བྱས་པའི་ས་ཁུལ་གཉིས་ཀྱིས་མཚོན་པའི་སྲིད་དང་ས་བབས་ཀྱི་དབྱེ་མཚམས་བཅས་ངེས་མེད་དུ་ལུས་ཤིང༌། བོད་མི་ཚོར་གོ་རྟོགས་བྱུང་བ་ལྟར།  ཁོང་ཚོའི་ལས་འགན་གལ་ཆེ་ཤོས་ཤིག་ཡོད་པ་དེ་ནི་མ་མཐར་ཡང་བོད་རང་བཙན་གཅེས་སྲུང་བྱ་རྒྱུ་དང༌།  རྒྱ་ནག་དང་ས་འབྲེལ་བོད་ཤར་ཕྱོགས་ཀྱི་ས་མཚམས་མངའ་ཁུལ་ཁག་ཏུ་ཞི་བདེ་བག་ཕེབས་རྒྱུན་གནས་ཡོང་ཐབས་བྱ་རྒྱུ་བཅས་སོ།།༽༢

 ཟུར་མཆན།

༡ <<བླ་མ་དམེ་བོ།>>  རྒྱ་ཡིག  བོད་ཀྱིས་དྲག་རྒོལ་ལོ་ངོ་བཞི་བཅུ་འཁོར་བ།

ལིན་ཀྲའོ་ཏྲིན་གྱིས་བརྩམས། ཤོག་ལྷེ་ ༦༠ ནས་ ༦༡ ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༣ ཐའེ་པེ་ནས་དཔར་བསྐྲུན་བྱས།  

༢ <<བོད་ཀྱི་གནས་བབས>> བོད་འགྱུར་མ་ཤོག་ལྷེ་ ༩༦ བོད་གཞུང་ཤེར་རིག་དཔར་ཁང༌། ཕྱི་ལོ་ ༡༩༨༩ ལོ།

༣ སིམ་ལའི་ཆིངས་ཡིག་གི་མ་ཟིན་དང་ཟུར་ཆིངས།  འབྱུང་ཁུངས་སྲིད་དོན་རྒྱལ་རབས།

 ༡༽སྒེ་རེག་འབི་རི་ཀྲན། ཨ་ཡེར་ལནྡ་དང༌། རྒྱ་མཚོའི་ཕ་རོལ་གྱི་དབྱིན་ཇིའི་རྒྱལ་ཁབ་དང༌། རྒྱ་གར་བཅས་ཀྱི་མངའ་བདག་ྋགོང་མ་ཆེན་པོ་དང༌། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྡཱ་ཙུང་ཐུ་དང༌། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་རྣམས་ནས་ཕན་ཚུན་ཐུགས་མཐུན་ཐོག ཨེ་ཤི་ཡ་ཞེས་པའི་ནང་གླིང་དུ་སོ་སོའི་ཆབ་སྲིད་ཀྱི་ཐུགས་དོན་དང༌། རྒྱལ་ཁབ་ཕན་ཚུན་མཐུན་ལམ་ཡོང་རྒྱུའི་འགྲོ་ལུགས་ཀྱི་ཆིངས་ཡིག་བཟོ་རྒྱུའི་ཐུགས་འདུན་དངོས་འབྲེལ་བྱུང་བར་སོ་སོའི་གཞུང་ནས་སྐུ་ཚབ་བསྐོ་བཞག་མཛད་པ། སྒེ་རེག་འབི་རི་ཀྲན། ཨ་ཡེར་ལནྡ་དང༌། རྒྱ་མཚོའི་ཕ་རོལ་གྱི་དབྱིན་ཇིའི་རྒྱལ་ཁབ་དང༌། རྒྱ་གར་བཅས་ཀྱི་མངའ་བདག་ྋགོང་མ་ཆེན་པོས་ཆེད་བསྩལ། སར་ཨར་ཐར། ཧེན་རི་མེག་མེ་ཧོན། འཇི་སི་འབི་ཨོ་ཀེ་སེ་ཨའི་ཨི། རྒྱ་གར་གཞུང་གི་ཕྱི་རྒྱལ་བློན་ཆེན་དང༌། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྡཱ་ཙུང་ཐུ་ནས་ཆེད་བསྩལ། མོན་ཞོར་ཨི་འབེན་ཅན། རིམ་པ་ཅ་ཧོ་ཞེས་པའི་དཔོན་པོ། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་ནས་ཆེད་བསྩལ། བློན་ཆེན་དགའ་ལྡན་བཤད་སྒྲ་བ་དཔལ་འབྱོར་རྡོ་རྗེ་བསྐོ་བཞག་མཛད་ཐོག ཕན་ཚུན་སོ་སོའི་དབང་ཆ་འཐུས་ཚང་ཡོད་པ་ལག་འཁྱེར་ངོ་མ་མིག་མཐོང་བྱུང་བ་ནས་བཟུང་ཕན་ཚུན་ཡིག་འགྲུལ་མཛད་པ་གཤམ་གསལ་གྱི་ཆིངས་ཡིག་དོན་ཚན་བཅུ་གཅིག་འཁོད་པར་ཆ་གནས་མཛད་ཡོད།

དོན་ཚན་དང་པོར། ཟུར་ཐོར་གསལ་བའི་ཆིངས་ཡིག་གི་ནང་གང་ཡོད་དེ་ད་ལྟའི་ཆིངས་ཡིག་འདི་ལ་བསྒྱུར་བཀོད་དུ་འགྲོ་གཞིའམ། མ་མཐུན་པ། གོ་ལྡོག་ཏུ་འགྱུར་བའི་རིགས་མ་ཡིན་པའི་ཚིག་གཞི་གང་ཡོད་ལ་ཕན་ཚུན་གྱི་དོ་བདག་གཞུང་ས་རྣམས་ནས་བརྩི་འཇོག་གནང་དགོས།

དོན་ཚན་གཉིས་པར། དབྱིན་གཞུང་དང༌། རྒྱ་ནག་གཞུང་ནས་བོད་ལྗོངས་འདི་བཞིན་ཕྱི་རྒྱར་རྒྱ་ནག་གི་མངའ་ཁོངས་ཡིན་དབང་བརྩིས་ཀྱང༌། བོད་ཕྱི་མའི་ནང་དོན་རྒྱལ་ཁག་རང་དབང་རང་བཙན་ཡིན་པ་མཁྱེན་ཆོད་ལྟར་ཆ་འཇོག་གནང་ནས་མངའ་ཁོངས་ས་མཚམས་ལ་དབྱེ་ཕྲི་དང༌། བོད་ཕྱི་མའི་ནང་དོན་དབང་ཕྱུས། ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་དང༌། ཁྲི་གསོལ་སོགས་ལ་ཐེ་ཚོགས་གཏན་ནས་མི་བྱེད་པར་ཚད་དབང་གང་ཡོད་ཚང་མ་ལྷ་ལྡན་བོད་གཞུང་རྒྱལ་ཁབ་རང་ནས་གནང་རྒྱུ་ཁས་ལེན་བྱས། དབྱིན་གཞུང་ནས་ཀྱང་བོད་དང༌། བོད་ཀྱི་སའི་ཆ་ཤས་ཙམ་ཡང་བདག་བཟུང་མི་བྱེད་པ་ཁས་ལེན་བྱས།

དོན་ཚན་གསུམ་པར། རྒྱ་གར་རྒྱལ་ཁག་དང༌། དེ་འབྲེལ་རྒྱལ་ཕྲན་རྣམས་དང༌། བོད་གཞུང་ས་འདྲེས་ལ་བརྟེན་ས་མཚམས་ཉེ་འདབས་བདེ་འཇགས་དང༌། བོད་དུ་ཆབ་སྲིད་གཏན་གཏན་དགོས་པ་དབྱིན་གཞུང་ལ་ཁྱད་པར་ཆེན་པོ་ཡོད་པར་ཆ་གནས་བྱུང་དོན་རྒྱ་ནག་གཞུང་ནས་ཆིངས་ཡིག་འདིའི་དོན་ཚན་བཞི་པའི་ཚིག་དོན་ལྟར་མ་གཏོགས་བོད་ཕྱི་མར་དམག་མི་གཏོང་བ་མ་ཟད། ཞི་དྲག་དཔོན་རིགས་མི་འཇོག་པ་དང༌། རྒྱ་ནག་གི་མི་སེར་ས་ཞིང་འདེབས་འཁོས་ཀྱིས་བོད་དུ་གཞིས་ཆགས་གཏན་སྡོད་བྱེད་མི་འཇུག་པར་ཁས་ལེན་བྱས། རྒྱ་ནག་གི་དཔོན་དམག་དེ་འདྲ་ཆིངས་ཡིག་འདི་བཞིན་རྟགས་འཇོག་སྐབས་བོད་ཕྱི་མའི་ནང་ལ་ཡོད་རུང༌། ཟླ་གསུམ་མི་འགྱངས་པར་ཕྱིར་འཐེན་བྱེད་རྒྱུར། དབྱིན་གཞུང་ནས་ཀྱང་འདས་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་ ༩ ཚེས་ ༧ ལ་དབྱིན་བོད་བར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་མ་གཏོགས་བོད་ལ་ཞི་དྲག་དཔོན་རིགས་མི་འཇོག་པ་དང༌། སྐུ་ཚབ་རྣམས་ཀྱི་སྐུ་སྲུང་ལས་ལྷག་པའི་དམག་མི་མི་འཇོག་པ་མ་ཟད། མི་སེར་ས་ཞིང་འདེབས་འཁོས་ཀྱིས་གཞིས་ཆགས་གཏན་སྡོད་མི་འཇུག་པར་ཁས་ལེན་བྱས།

དོན་ཚན་བཞི་བར། གོང་གསལ་དཔྱད་མཚམས་བྱུང་རུང༌། ལྷ་སར་རྒྱ་ནག་གི་དཔོན་པོ་ཆེ་བ་གཅིག་བཞག་སྲོལ་འདུག་པར་སྐུ་སྲུང་བབས་མཚུངས་དང་བཅས་བཞག་ཆོག་པ་བྱས་ཡོད། ཡིན་ཀྱང་སྐུ་སྲུང་ཐད་མི་གྲངས་གསུམ་བརྒྱ་ལས་ལྷག་པ་གཏན་ནས་བཞག་མི་ཆོག་པ་བྱས་ཡོད།

དོན་ཚན་ལྔ་བར། བོད་སྐོར་རྒྱ་ནག་དང༌། བོད་རྒྱལ་ཁབ་གཉིས་ནང་ཚགས་ལ་ཆིངས་ཡིག་དང༌། གན་རྒྱ་བཞག་མི་ཆོག་པ་མ་ཟད། རྒྱལ་ཁབ་གཞན་དག་དང་ཡང་མི་འཇོག་པ་རྒྱ་བོད་གཉིས་ཀྱིས་ཁས་ལེན་བྱས་ཡོད། འོན་ཀྱང་དབྱིན་བོད་གཉིས་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་ ༩ ཚེས་ ༧ ལ་བཞག་པའི་ཆིངས་ཡིག་དང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་དྲུག་ཟླ་ ༤ ཚེས་ ༢༧ ལ་དབྱིན་ཇི་དང༌། རྒྱ་ནག་བར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་དབྱིན་གཞུང་དང་ཆིངས་གན་བཞག་ཆོག་པ་བྱས་ཡོད།

དོན་ཚན་དྲུག་པར། དབྱིན་ཇི་དང༌། རྒྱ་ནག་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་དྲུག་ཟླ་ ༤ ཚེས་ ༢༧ ལ་བཞག་པའི་ཆིངས་གསལ་དོན་ཚན་གསུམ་པ་འདི་བཞིན་བརྩི་འཇོག་མ་དགོས་པ་བྱས་ཡོད། དབྱིན་བོད་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་བཞི་ཟླ་ ༩ ཚེས་ ༧

ལ་བཞག་པའི་ཆིངས་ཡིག་དོན་ཚན་དགུ་པའི་ང་པར་རྒྱལ་ཁག་གཞན་དག་ཅེས་པ་དེ་ནང་རྒྱ་ནག་མ་ཚུད་པ་བྱས་ཡོད། རྒྱ་ནག་གམ། རྒྱལ་ཁག་དགའ་ཉེ་གཞན་དག་ལ་གནང་བའི་ཚོད་བྱུང་བདེ་ཐབས་དེ་བཞིན་དབྱིན་ཇིའི་ཚོང་ཟོག་ལ་ཡང་གནང་དགོས།

དོན་ཚན་བདུན་པར། ཀ་པར་ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་གསུམ་དང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ལ་བཞག་པའི་ཚོང་གི་འགྲོ་ལུགས་ཆིངས་ཡིག་རྣམས་ལ་བརྩི་འཇོག་མེད་པ་བྱེད་རྒྱུ་བྱས། ཁ་པར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ལ་བཞག་པའི་ཆིངས་ཡིག་གི་དོན་ཚན་གཉིས་པ་དང༌། བཞི་པ། ལྔ་པའི་འབྲུ་དོན་ལ་བརྩི་འཇོག་ཡོང་བའི་ཆེད་དུ་བོད་གཞུང་ནས་དབྱིན་ཇིའི་གཞུང་དང༌། བོད་ཕྱི་བར་ཚོང་གི་འགྲོ་ལུགས་གསར་བཟོ་ལམ་སེང་བྱ་རྒྱུའི་ཁས་ལེན་བྱས་ཡོད། ཡིན་ཀྱང་རྒྱ་གཞུང་དང་མ་བསྟུན་པར་ཆིངས་ཡིག་འདིར་བསྒྱུར་བཅོས་སུ་འགྲོ་གཞིའི་ཚོང་གི་འགྲོ་ལུགས་ཆིངས་ཡིག་མི་འཇོག་རྒྱུ་བྱས།

དོན་ཚན་བརྒྱད་པར། དབྱིན་བོད་གཉིས་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་ ༩ ཚེས་ ༧ལ་བཞག་པའི་ཆིངས་ཡིག་གི་དོན་བཞིན་བོད་གཞུང་ལ་བཀའ་མོལ་ཞུ་དགོས། ཎཎཎ ཎཎཎ བྱུང་ན་རྒྱལ་རྩེ་ནས་ཡིག་འགྲུལ་ལ་སོགས་པས་ཐག་ཆོད་མིན་ཡོང་འདུག་པ་རྒྱལ་རྩེར་བཞུགས་པའི་དབྱིན་གཞུང་སྐུ་ཚབ་སྐུ་སྲུང་ཁྲིད་ནས་ལྷ་སར་འགྲོ་ཆོག་པ་བྱས་ཡོད།

དོན་ཚན་དགུ་པར། ཆིངས་ཡིག་འདིར་རྩ་འཛིན་བདེ་ཆེད་དུ་བོད་ཀྱི་ས་མཚམས་ས་ཁྲ་ཟུར་ཡོད་ལ་རྟགས་དམར་པོ་དང༌། བོད་ནང་མ་དང༌། བོད་ཕྱི་མའི་ས་མཚམས་ལ་རྟགས་སྔོན་པོ་རྒྱབ་ཡོད་པ་ལྟར་ཡིན། ད་ལྟའི་ཆིངས་ཡིག་འདིའི་ཚིག་དོན་གང་ཡོད་རུང༌། བོད་ནང་མར་བོད་གཞུང་གི་དབང་ཆ་ཐོབ་ཐང་ཡོད་མུས་ཚང་མ་རང་འཇགས་ལ་ལྷག་དོན་དགོན་ཁག་སོ་སོའི་བླ་མ་བསྐོ་བཞག་དང༌། ཆོས་སྡེའི་སྐོར་སོགས་བསྒྱུར་བཀོད་ཀྱི་དབང་ཆ་ཚང་མར་གནོད་འགལ་ཉམས་ཆག་ཏུ་མི་འགྲོ་བ་བྱས་ཡོད།

དོན་ཚན་བཅུ་པར། ད་ལམ་ཆིངས་ཡིག་འདི་བཞིན་དབྱིན་ཡིག་དང༌། རྒྱ་ཡིག བོད་ཡིག་རྣམས་ཡི་གེར་བསྒྱུར་སྐབས་གོ་བསྡུར་གཏན་ཏིག་བྱས་ཡོད་པ་གོ་ཕྱོགས་ལོག་གླེང་བྱུང་ན་དབྱིན་ཡིག་ཏུ་གསལ་བ་དེ་རང་སོར་གནས་བྱ་རྒྱུ།

དོན་ཚན་བཅུ་གཅིག་པར། ད་ལམ་ཆིངས་ཡིག་འདི་བཞིན་ལག་རྟགས་རྒྱབ་པ་ནས་བཟུང་བརྩི་འཇོག་བྱ་རྒྱུ། ཆིངས་ཡིག་འདི་བཞིན་དབྱིན་རྒྱ་བོད་བཅས་ཀྱི་ཡི་གེ་འདྲ་གསུམ་རེའི་ཐོག་སྐུ་ཚབ་སོ་སོའི་ཐམ་ག་དང༌། མིང་རྟགས་འཁོད་ཡོད། སིམ་ལར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི། ཟླ་བ་འཇུ་ལའི་ཏ་རིག་གསུམ། རྒྱ་ལུགས་མི་སེར་རྒྱལ་ཁབ་ཀྱི་ལོ་གསུམ་པའི་ཟླ་བ་བདུན་པའི་ཚེས་གསུམ། བོད་ལུགས་ཤིང་སྟག་ཟླ ༥ ཚེས ༡༠ ལ།

 ༢༽  ཟུར་ཐོ། དང་པོར།  ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་ཟླ་ ༣ ཚེས་ ༡༧ ཉིན་ཀ་ལ་ཀ་ཏར་དབྱིན་ཇི་དང༌། རྒྱ་ནག་བར་བོད་འབྲས་སྐོར་བཞག་པའི་ཆིངས་ཡིག གཉིས་པར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་ ༩ ཚེས་ ༧ ཉིན་དབྱིན་བོད་བར་ལྷ་སར་བཞག་པའི་ཆིངས་ཡིག གསུམ་པར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཟླ་ ༤ ཚེས་ ༢༧ ཉིན་དབྱིན་གཞུང་དང༌། རྒྱ་གཞུང་བར་པེ་ཅིང་ལ་བཞག་པའི་ཆིངས་ཡིག ཚིག་འབྲུ་འདི་ལྟར་འཁོད་པའི་ཤོག་ལྷེ་སྣོན་འཇོག་བྱས་ཡོད། དང་པོར། དོ་བདག་ཕན་ཚུན་ནས་བོད་ལྗོངས་འདི་བཞིན་རྒྱ་ནག་གི་ས་ཆའི་ཁོངས་གཏོགས་ཡིན་པར་ཆ་གནས་བྱས་ཡོད།

གཉིས་པར། ྋསྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་དང༌། ཁྲི་གསོལ་བོད་གཞུང་ནས་ཞུས་གྲུབ་ནས་རྒྱ་གཞུང་ལ་གསལ་ཆ་བཏོད་རྒྱུ་དང༌། རྒྱ་གཞུང་གི་ལྷ་བཞུགས་སྐུ་ཚབ་ནས་ཀྱང་དེ་དུས་རྒྱ་གཞུང་ལ་ནས་ྋསྐྱབས་མགོན་ཏཱ་ལའི་བླ་མའི་གོ་གནས་ཎཎཎ ཎཎཎ དང་མཐུན་པའི་མཚན་རྒྱན་གནང་བ་ཚང་མ་སྙན་སེང་ཞུ་རྒྱུ།

གསུམ་པར། བོད་ཕྱི་མར་དཔོན་རིགས་བསྐོ་བཞག་གནང་རྒྱུ་ཚང་མའི་དབང་ཆ་གང་ཡོད་བོད་གཞུང་རང་ལ་ཡོད་པ་ཆ་གནས་བྱས་ཡོད།

བཞི་པ། རྒྱ་ནག་གཞུང་གི་ཚོགས་འདུ་ཆེན་མོ་དང༌། དེ་དང་འདྲ་བའི་ལས་ཁུངས་གང་སར་བོད་ཕྱི་མའི་འཐུས་མི་མི་འཛུགས་རྒྱུ། ལྔ་པ། དབྱིན་ཇིའི་ཚོང་རའི་སྐུ་སྲུང་དམག་མི་གྲངས་འབོར་ཐད་ལྷ་བཞུགས་རྒྱ་ནག་སྐུ་ཚབ་ཀྱི་སྐུ་སྲུང་བརྒྱ་རེ་ལ་དབྱིན་ཇིའི་སྐུ་སྲུང་དམག་མི་བདུན་ཅུ་དོན་ལྔ་ལས་ལྷག་པ་མི་འཇོག

དྲུག་པ། དབྱིན་གཞུང་དང༌། རྒྱ་ནག་བར་ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་ཟླ་ ༣ ཚེས་ ༡༧ ལ་བཞག་པའི་ཆིངས་ཡིག་དོན་ཚན་གསུམ་པ་ལྟར་བོད་འབྲས་གཉིས་ཀྱི་ས་མཚམས་ལ་བོད་ཕྱོགས་ནས་ཚུར་རྒོལ་མི་འབྱུང་བ་རྒྱ་ནག་ནས་ཁས་ལེན་བྱས་པ་དེ་བཞིན་མ་དགོས་པ་བྱས།

བདུན་པ། ཆིངས་ཡིག་དོན་ཚན་གསུམ་པའི་འབྲུ་དོན་ལྟར་འགྲུབ་མ་ཐག་ཏུ་དོན་ཚན་བཞི་པར་གསལ་བའི་རྒྱ་དཔོན་ཆེ་བ་གཅིག་བསྐོ་བཞག་བྱས་པ་དེ་བཞིན་བོད་དུ་ཡོང་ཆོག་པ། དེ་ལྟར་གྲུབ་ཡོད་མེད་ཆིངས་ཡིག་འདི་ལ་རྟགས་འཇོག་བྱེད་མི་གསུམ་གྱི་སྐུ་ཚབ་པས་ཞིབ་དཔྱོད་ཐོག་ལམ་སེང་སྙན་གསན་ཞུ་རྒྱུ།

ཞེས་ཆིངས་ཡིག་ངོ་མར་རྒྱ་ཕྱོགས་ནས་ས་ཡིག་ཕབ་ཟིན་པར་ལུགས་འགལ་བློ་འགྱུར་གྱི་ཐམ་ག་མ་བརྒྱབ་རུང༌། དབྱིན་བོད་གཉིས་ནང་མཐུན་ཐམ་ག་དང༌། ས་ཡིག་བརྒྱབ་ཡོད་དོ།།

 ༣༽༑ དབྱིན་བོད་གཉིས་ནང་མཐུན་ཟུར་བཞག་ཆིངས་ཡིག

སྒེ་རེག་སྦི་རི་ཀྲན་དང༌། བོད་གཞུང་གི་བཀས་མངགས་ངོས་སྐུ་ཚབ་རྣམས་ནས་ད་ལམ་གཤམ་གསལ་གྱི་ཚིག་འབྲུ་ཡིག་ཐོག་བཀོད་དོན། ཆིངས་ཡིག་ཟུར་དུ་ཡོད་པ་དེ་བཞིན་དབྱིན་གཞུང་དང༌། བོད་གཞུང་ནས་བརྩི་འཇོག་བྱེད་རྒྱུ་ངོས་རྣམས་ངེས་ཡོད། རྒྱ་ནག་གཞུང་ནས་ཆིངས་ཡིག་དེར་རྟགས་འཛུགས་མ་བྱས་པར་ཆིངས་ཡིག་དེའི་ནང་རྒྱ་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་པ་བཅས་ཤོག་ལྷེ་འདི་བཞིན་ལ་ངོས་རྣམས་ནས་དབྱིན་བོད་ཡི་གེ་འདྲ་མཉམ་རེའི་ཐོག་ཐམ་ག་དང༌། མིང་རྟགས་བརྒྱབ་ཡོད། སིམ་ལར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི་ཟླ་བ་འཇུ་ལའི་ཏ་རིག་གསུམ། བོད་ལུགས་ཤིང་རྟགས་ཟླ་ ༥ ཚེས་ ༡༠ ལ།

 

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

སྐར་མ ༥༣ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 2

  1. གནས་ཚང་། says:
    ལོ་ 11 སྔོན།

    འདི་ན་ཁག་ཅིག་གིས་རུབ་རྒྱག་གི་འདུག ལན་རྒྱག་མཁན་མེད་དམ། ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་པ་མ་རེད་པས། དབུ་མའི་ལམ་དང་འགལ་བ་མ་རེད་དམ།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 11 སྔོན།

    གནམ་ལོ་ཡག་གི་བརྩམས་ཆོས་ལ་བལྟས་ཟིན། ད་དུང་སྨྱུག་རྩེ་ན་འགྱང་ཡོད་པ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese