མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་མི་རབས་གསར་པ་ཚོས་བོད་ཡིག་ལ་དོ་སྣང་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཧོ་ལན་ཌིའི་ནང་བོད་མི་ཚོར་བཀའ་སློབ་གནང་སྟེ། མ་འོངས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གཙོ་བོ་ནང་ཆོས་ཀྱི་ཤེས་ཚད་དང་འབྲེལ་བའི་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་ཆགས་ཡོད་སྟབས། མི་རབས་གསར་པ་ཚོས་བོད་ཡིག་གལ་ཆེར་བརྩིས་ཏེ་དོ་སྣང་བྱ་དགོས་སྐོར་གསུངས་འདུག

ཁ་སང་ཚེས་ ༡༣ ཉིན་༸གོང་ས་མཆོག་གིས་ཧོ་ལན་ཌིའི་མཛད་འཕྲིན་ལེགས་པར་གྲུབ་ཏེ་འཇར་མན་གྲོང་ཁྱེར་ཧྥི་རན་ཁི་ཧྥོར་ཌིར་ (Frankfurt) ཡོད་པའི་བོད་ཁང་དུ་ཆིབས་བསྒྱུར་གནང་ཡོད་པ་དང་། སྐབས་དེར་ཧེ་སེན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཝོལ་ཀེར་བྷོ་ཧྥིར་ (Mr. Volker Bouffier) མཆོག་གིས་གཙོས་འཇར་མན་གྱི་སྲིད་དོན་མགོ་ཁྲིད་ཁག་གིས་ཕེབས་བསུ་ཞུས་ཡོད་འདུག དེ་རིང་སྔ་དྲོ་༧གོང་ས་མཆོག་གསར་འགོད་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་སྟེ་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པར་མ་ཟད།  ཉིན་རྒྱབ་ཧྥི་ར་ཕོར་ཊི་ (Fraport Arena) ཞེས་པའི་རྩེད་ཐང་དུ་མང་ཚོགས་ལ་དྲན་ཤེས་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་གི་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་ ༡༥ ཉིན་འཇར་མན་གནས་སྡོད་བོད་མི་ཚོར་མཇལ་ཁ་གནང་རྒྱུ་དང་། ཚེས་ ༡༦ ཉིན་འཇར་མན་གྱི་ཚོགས་པ་ (German Speakers Association) ཞེས་པས་༧གོང་ས་མཆོག་ལ་འདི་ལོའི་ལོ་འཁོར་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༡༠ ཉིན་ནས་བཟུང་༧གོང་ས་མཆོག་གིས་ཧོ་ལན་ཌིའི་ནང་གནད་ཡོད་མི་སྣར་ཐུག་འཕྲད་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སོཊ་ཆོས་ཕྱོཊ་ཀྱི་མཛད་འཕྲིན་ཁག་བསྐྱངས་ཡོད་འདུག་ལ། ཧོ་ལན་ཌིའི་ནང་གི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསར་འགོད་པའི་བཏོན་པའི་དོལ་རྒྱལ་བསྟེན་གསོལ་གྱི་དགེ་སྐྱོན་སྐོར་གྱི་དྲི་བར་ལན་འདེབས་གནང་སྐབས་༧གོང་ས་མཆོག་གིས། ང་ཚོ་ནང་པ་སངས་རྒྱས་པ་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ལྷ་དང་དྲེགས་པ་སོགས་སྐྱབས་གནས་ལ་བརྩི་མི་རུང་བ་བཀའ་གནང་ཡོད། དོལ་རྒྱལ་གྱི་གནས་ཚུལ་དེ་དུས་རབས་ ༡༧ ནང་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་ཡོད། སྤྱིར་བཏང་དོལ་རྒྱལ་བསྟེན་པ་དེས་བཀྲ་མི་ཤིས་པ་ཡོང་བཞིན་ཡོད་པ་མ་ཟད། ཆོས་ལུགས་འཐེན་འཁྱེར་གྱི་གཞི་རྩར་གྱུར་བཞིན་ཡོད་པར་བརྟེན་ངོས་ཀྱིས་ཆོས་ ལུགས་རིས་མེད་ལ་དག་སྣང་བྱེད་དགོས་པ་བརྗོད་བཞིན་ཡོད། དོལ་རྒྱལ་རྗེས་འབྲང་པ་ཚོས་ཆོས་ལུགས་གཞན་གྱི་དཔེ་ཆ་དང་སྐུ་འདྲ་སོགས་གཏོར་ ཤིག་བཏང་བ་མ་ཟད། ལྷག་པར་དུ་རྙིང་མའི་ཆོས་ལ་ཧ་ཅང་སྡང་ཟུགས་ཆེན་པོ་བྱེད་བཞིན་ཡོད། ངོས་རང་ནས་ཀྱང་མ་ཤེས་པར་ཐོག་མར་ཕྱི་ལོ་ ༡༩༥༡ ལོར་འགོ་བཙུགས་ནས་ཕྱི་ལོ་ ༡༩༧༠ ལོ་བར་བསྟེན་པ་ཡིན། ཕྱིས་སུ་དོལ་རྒྱལ་སྐོར་དེ་ཧ་ཅང་རྙོག་ཕྲ་ཚ་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་ རྗེས་གཞི་ནས་རྟགས་དཔྱད་རིམ་པ་བྱས་པ་ཡིན། ངོས་ཀྱིས་ཆོས་ལུགས་རིས་མེད་ཀྱི་བླ་མ་གྲངས་ ༢༠ བསྟེན་པ་ཡིན། དེ་ཁོངས་ནས་བླ་མ་གཅིག་མ་གཏོགས་གཞན་ཚང་མས་དོལ་རྒྱལ་ལ་མཐའ་གཅིག་ཏུ་འགག་པ་སྐྱོན་མཁན་ཡིན། ངོས་ཀྱི་ཕྱི་ལོ་ ༡༩༧༠ ལོ་མགོ་ཙམ་ནས་དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་མཚམས་འཇོག་བྱས་རྗེས་མང་ཚོགས་ཀྱིས་ཤེས་རྟོགས་དགོས་པར་བརྟེན་གནད་དོན་རྣམས་གཞི་ནས་འགྲེལ་བཤད་རྒྱག་མགོ་བཙུགས་པ་ཡིན། སྤྱིར་བཏང་ལྷས་མི་སྲུང་དགོས་ཀྱང་དོལ་རྒྱལ་ལ་མིས་སྲུང་དགོས་པའི་གནས་སྟངས་ཆགས་ཡོད། ཁོ་པ་ཚོས་ངོས་ལ་ཏཱ་ལའི་བླ་མ་རྫུན་ཤོད་རྒྱུ་མཚམས་འཇོག་དགོས། ཅེས་སྐད་འབོད་བྱེད་བཞིན་ཡོད། ཁོ་ཚོས་དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་མི་ཤེས། དངོས་ཡོད་གནས་ཚུལ་ཤེས་ནས་གསལ་བཤད་བྱ་རྒྱུ་ངོས་ཀྱི་ལས་འགན་རེད། ཁོ་པ་ཚོས་ངོས་ཀྱི་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱས་སྐོར་རྗོད་བཞིན་ཡོད་པ་དེ་ལྟར་རྩ་བ་ནས་མིན་པ་ནི། རྒྱ་གར་ལྷོ་ཕྱོགས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དགོན་པ་ཚོར་ལྟོས་དང་ཤེས་རྟོགས་ཐུབ་རྒྱུ་རེད། ཅེས་གསུངས་འདུག

ཧོ་ལན་ཌིའི་ནང་རོ་ཊར་ཌེམ་གྲོང་ཁྱེར་གྱི་ཡི་ཤུ་ལྷ་ཁང་ནང་ཧོ་ལན་ཌི་དང་བྷེལ་ཇམ། ཧྥ་རན་སི་བཅས་ནས་ཡོང་བའི་བོད་མི་ ༢༠༠༠ བརྒལ་བར་བཀའ་སློབ་གནང་སྐབས། ངོས་ལ་ཆ་བཞག་ན་རང་ལོ་ ༢༥ ནས་ལོ་རྒན་ ༧༩ བར་བཙན་བྱོལ་བ་བྱས་ནས་བསྡད་པ་རེད། ང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་། བོད་མི་རིགས་ཞེས་པ་དེ་ལས་སླ་པོ་ཞིག་མེད། ཇི་ཙམ་གྱི་དཀའ་ངལ་འཕྲད་པ་དེ་ཙམ་གྱིས་སྙིང་སྟོབས་དང་ལྷག་བསམ་རི་བོ་བཙུགས་པ་ལྟར་གནས་ཡོད། ང་ཚོ་བོད་པ་སྐྱོ་བོ་ཁྱོན་ནས་མིན། གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་གིས་མི་ལོ་ ༦༠ ལྷག་རིང་འཇིགས་སྣང་དང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་ཀྱང་། མི་རིགས་ཀྱི་ཞེན་ཁོག་དང་མི་རིགས་ཀྱི་བདེན་དོན་རྩོད་རྒྱུར་ཧ་ལས་པའི་སྙིང་སྟོབས་ཡོད་ལ། མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་བཞིན་ཡོད་སྟབས། ང་ཚོ་བོད་རིགས་སྤྱི་དང་ལྷག་པར་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་དཀའ་ངལ་གདོང་ལེན་བྱེད་སྟངས་དེ་ཧ་ལས་པ་རེད། ང་ཚོ་བཙན་བྱོལ་དུ་ལོ་ ༥༥ ཙམ་འགྲོ་བཞིན་ཡོད། ས་གནས་གང་དུ་ཡིན་རུང་སོ་སོའི་མི་རིགས་ལ་ཞེན་ཁོག་དང་ལར་ཞེན། སོ་སོའི་ཆོས་དང་རིག་གཞུང་ཐོག་ཚང་མས་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད། བོད་ཀྱི་ལོ་རྒྱུས་ཀྱི་ནང་དཀའ་ངལ་ཆེ་ཤོས་དང་གཉན་འཕྲང་གི་དུས་ཚོད་འདིར་སོ་སོའི་ལས་དང་སྨོན་ལམ་གྱི་སྐྱེས་པའི་ང་ཚོའི་མི་རབས་འདི་དག་གིས་བོད་མི་རིགས་ཀྱི་ཞབས་འདྲེན་ཞུས་མེད། བོད་ཀྱི་གནས་ཚུལ་འདི་ནག་སུབ་ཏུ་ཕྱིན་མེད། ད་བར་ལོ་ ༦༠ བརྒལ་བ་ཕྱིན་ཡོད་ཀྱང་། ད་ལྟ་ཡང་འཛམ་གླིང་འདིའི་སྟེང་བོད་ཀྱི་གནས་ཚུལ་གནས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་དང་ང་ཚོ་བཙན་བྱོལ་ཏུ་ཡོད་པའི་རྒྱ་ཆེའི་མི་མང་ཚང་མས་བོད་མི་རིགས་ཀྱི་མི་གོ་ཆོད་པ་ཞིག་ཆགས་ཡོད། འདི་ནི་ཁྱེད་རང་ཚོའི་སེམས་ལ་སྤོབས་པ་དང་སྤྲོ་བ་སྐྱེས་དགོས་རྒྱུ་ཞིག་ཆགས་ཡོད། ཅེས་གསུངས་ཡོད།

ཡང་༧གོང་ས་མཆོག་གིས། ཁྱེད་རང་ཚོ་ཚང་མ་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་སྐྱེས་དགོས། ང་ཚོའི་ལུང་པ་ཤོར་སོང་། ལུང་པའི་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་འདུག ད་ང་ཚོ་བྱུང་མ་སོང་བསམས་ནས་སེམས་ཀྱི་ངར་ཤུགས་ཤི་བ་ལྟ་བུ་བྱེད་རྒྱུ་མེད། བྱེད་དགོས་དོན་ཡང་མེད། ང་ཚོས་མ་འོངས་པར་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གཙོ་བོ་དེ་ནང་ཆོས་ཀྱི་ཤེས་ཚད་དང་། དེ་དང་འབྲེལ་བའི་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་ཡོད་དགོས། དེའི་གཞི་རྩ་བོད་ཡིག་ཤེས་དགོས་ཀྱི་ཡོད། ཁྱེད་རང་ཚོ་མི་རབས་གསར་པ་ཚོས་བོད་ཡིག་གལ་ཆེར་བརྩིས་ཏེ་དོ་སྣང་བྱེད་དགོས་ཚུལ་སོཊ་གསུངས་ཡོད་པར་མ་ཟད། འདས་པའི་ལོ་ངོ་དེ་དག་ནང་འགྱུར་མང་པོ་ཞིག་ཕྱིན་ཡོད་པ་ལྟར། མ་འོངས་པར་བོད་མི་ཚོས་སོ་སོའི་ལས་ཀ་བྱེད་ས་དེར་བོད་སྤྱི་པའི་དོན་དག་འདི་ཡིན་ཞེས་སྟོན་རྒྱུ་མེད་ནའང་། ལས་ཀ་བྱེད་ས་དེར་དྲང་པོ་དང་སེམས་པ་རྣམ་དག ཡ་རབས། སེམས་པ་བཟང་པོ་བྱ་རྒྱུ་དང་། བོད་པ་ནང་ཁུལ་ལ་རོགས་རམ་དང་འཆམ་མཐུན། མི་རིགས་གཞན་ལ་གུས་ཞབས་སོགས་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་ཡོད་འདུག

དོལ་རྒྱལ་གྱི་སྐོར་ལ་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། ཁ་སང་ནོར་ཝེར་དོལ་རྒྱལ་རྗེས་འབྲང་པ་ཚོ་ཧ་ཅང་ངར་པོ་བྱས་ཏེ་བསླེབ་འདུག ངར་སྐྱག་རྫུན་མ་ཤོད། ཅེས་ཟེར་གྱི་འདུག ངོས་ནས་སྐྱག་རྫུན་ཤོད་ཀྱི་མེད། དངོས་གནས་བྱས་ན་ཁོ་ཚོས་སྐྱག་རྫུན་བཤད་པ་མ་གཏོགས་ངོས་ཀྱི་སྐྱག་རྫུན་བཤད་མེད། གང་ལྟར་ལོ་རྒྱུས་རིང་པོ་ཡོད་པའི་རྙོག་གྲ་ཞིག་རེད། དང་པོ་དེར་དོལ་རྒྱལ་བསྟེན་ན་སྐྱོན་ཡོད་པ་དེ་ངོས་རང་གི་ལོ་རྒྱུས་དང་འབྲེལ་ནས་ཤོད་རྒྱུ་འདི་ངོས་ཀྱི་ལས་འགན་རེད། བཤད་ནས་ཉན་མ་ཉན་སོ་སོའི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་ངོས་ཀྱིས་བཤད་པ་དེ་ ཉན་དགོས་རེད་ཅེས་བརྗོད་ཀྱི་མེད་སྟབས། དོལ་རྒྱལ་སྐོར་གྱི་རྒྱབ་ལྗོངས་འདི་ལྟར་རེད། དོལ་རྒྱལ་བསྟེན་ན་སྐྱོན་འདུག་མ་གཏོགས་དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། བར་སྐབས་ནས་དགེ་ལྡན་གྱི་ལྷན་ཚོགས་ཀྱི་ཐོག་ནས་དོལ་རྒྱལ་སྐོར་ཉམས་ཞིབ་ཞིབ་ཕྲ་བྱས་རྗེས་དཔེ་དེབ་གཅིག་བཏོན་ཡོད། རིམ་པས་དེབ་འདི་དབྱིན་ཡིག་ཐོག་བསྒྱུར་ཐུབ་ན་གསལ་པོ་ཆགས་ཀྱི་རེད། ཅེས་སོགས་གསུངས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༩ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 5

  1. གསེར་ས་ལེ་སྦྲམ། says:
    ལོ་ 12 སྔོན།

    ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ལྷག་པར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ་འདས་པའི་ལོ་ངོ་མང་བོའི་རིང་དངོས་སུ་ལག་ལེན་ཐོག་ནས་བོད་སྐད་ཡིག་ལ་དོ་སྣང་གང་འདྲ་བྱུང་ཡོད་མེད་དང་། ཉམས་རྒུད་དང་ཕམ་ཉེས་ཀྱི་འགག་མདོ་གང་ཞིག་ལ་བསླེབས་ཡོད་མེད་གསལ་སྟོན་བྱེད་རྒྱུ་ཧ་ཅང་གི་གནད་འགག་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཁྱམས་འཇུགས་ལགས།
    བཤུ་མཁན་ང་ཡིན་ན་ཡང་། འདིར་འགོད་མཁན་ང་མ་རེད། ཁྱེད་རང་གི་མིང་རྫུན་མ་ཁྱམས་དང་འཇུགས་ལ་གོ་དོན་ག་རེ་ཡོད་རེད། ཅིག་གསུང་དང་། ལགས།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    མགོན་པོ་གང་ཉིད་རྒྱ་གར་ནང་བྲོས་བྱོལ་ཕེབས་ཐུབ་མེད་ཚེ་དུས་ད་ཚོད་བོད་འདི་བོད་ནག་སྲུབ་ཕྱིན་ཚར་ཡོད་པར་རྒྱ་ཆ་བརྒྱ་ཐམ་པ་ཡིན་པ་དང་མགོན་པ་ོ་གང་ཉིད་ལ་རྟེན་ནས་བོད་ད་ལྟ་ནག་སྲུབ་མ་སོང་ཙང་རྒྱ་གཞུང་གི་མགོན་པོ་གང་ཉིད་ལ་ཤིན་ཏུ་སྡང་ཟུགས་བྱེད་དགོས་དོན་འདི་རེད།།།

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཀརྨ་རྡོ་རྗེས་དུས་བབ་ཚག་ཤོག་གི་ལེན་ཟློསཀྱང་ཀྱང་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༧གོང་ས་མཆོག་གིས་ཧོ་ལན་ཌིའི་ནང་བོད་མི་ཚོར།
    ་་་་་་་་ མ་འོངས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གཙོ་བོ་ནང་ཆོས་ཀྱི་ཤེས་ཚད་དང་འབྲེལ་བའི་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་ཆགས་ཡོད་སྟབས། མི་རབས་གསར་པ་ཚོས་བོད་ཡིག་གལ་ཆེར་བརྩིས་ཏེ་དོ་སྣང་བྱ་དགོས་་་་་་་
    ་་་་་་་་་ དོལ་རྒྱལ་གྱི་གནས་ཚུལ་དེ་དུས་རབས་ ༡༧ ནང་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་ཡོད། ་་་་་་་་
    ་་་་་་་ ངོས་རང་ནས་ཀྱང་མ་ཤེས་པར་ཐོག་མར་ཕྱི་ལོ་ ༡༩༥༡ ལོར་འགོ་བཙུགས་ནས་ཕྱི་ལོ་ ༡༩༧༠ ལོ་བར་བསྟེན་པ་ཡིན། ཕྱིས་སུ་་་་་་་་
    ་་་་་་་་ ངོས་ཀྱིས་ཆོས་ལུགས་རིས་མེད་ཀྱི་བླ་མ་གྲངས་ ༢༠ བསྟེན་པ་ཡིན། དེ་ཁོངས་ནས་བླ་མ་གཅིག་མ་གཏོགས་གཞན་ཚང་མས་དོལ་རྒྱལ་ལ་མཐའ་གཅིག་ཏུ་འགག་པ་ སྐྱོན་མཁན་ཡིན། ་་་་་་་་་
    ་་་་་་ ཁོ་པ་ཚོས་ངོས་ལ་ཏཱ་ལའི་བླ་མ་རྫུན་ཤོད་རྒྱུ་མཚམས་འཇོག་དགོས། ཅེས་སྐད་འབོད་བྱེད་བཞིན་ཡོད། ཁོ་ཚོས་དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་མི་ཤེས། ་་་་་་
    ་་་་་་་་་་་ ཁོ་པ་ཚོས་ངོས་ཀྱི་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱས་སྐོར་བརྗོད་བཞིན་ཡོད་ པ་དེ་ལྟར་རྩ་བ་ནས་མིན་པ་ནི། རྒྱ་གར་ལྷོ་ཕྱོགས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དགོན་པ་ཚོར་ལྟོས་དང་ཤེས་ རྟོགས་ཐུབ་རྒྱུ་རེད། ཅེས་གསུངས་འདུག ་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese