མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མགོ་འཛིན་ལ་ལག་པ་རྐྱོང་མཁན་གསར་འབྱོར་ཚོ་མ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp


ངྷ་ས་ས་གནས་མགོ་འཛིན་གྱི་འོས་མི་གསུམ་གྱིས་མང་ཚོགས་ལ་ཁོང་ཅག་གི་སྲིད་བྱུས་དང་འཆར་གཞི་སོགས་ངོ་སྤྲོད་བྱེད་སྐབས། ས་གནས་མགོ་འཛིན་ལས་ཐོག་བསོད་ནམས་རྡོ་རྗེ་ལགས་ཀྱིས་མི་མང་དཀྱུས་མ་སུ་འདྲ་ཞིག་བསླེབས་ཀྱང་ཁོའི་དཀའ་ངལ་སེལ་མ་ཐུབ་ནའང་ཁོའི་དཀའ་ངལ་ལ་ཉན་ཐུབ་པ་བྱས་པ་ཡིན་ཟེར།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་དྷ་ས་མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག ༼ས་གནས་མགོ་འཛིན་གྱི་འོས་བསྡུ་དང་དེའི་ལས་དོན་སྐོར་༽ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་སྟེ། ངྷ་ས་ས་གནས་མགོ་འཛིན་སྐབས་གསུམ་པའི་འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན་ཏེ། མང་གཙོ་ཚོགས་པའི་མིང་འདོན་བྱས་པའི་འོས་མི་གསུམ་གདན་འདྲེན་ཞུས་ཏེ་གཏམ་བཤད་སྤེལ་བཅུག་སོང་།

གདན་ཞུའི་འོས་མི་དྷ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བསྟན་འཛིན་སྒྲོལ་མ་ལགས་དང་ས་གནས་མགོ་འཛིན་ལས་ཐོག་པ་བསོད་ནམས་རྡོ་རྗེ་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་ཟླ་བ་རིན་ཆེན་ལགས་བཅས་ཀྱིས་ས་གནས་མགོ་འཛིན་གྱི་འོས་མིར་ལངས་དགོས་པའི་དམིགས་ཡུལ་དང་འཆར་གཞི་ཅི་ཡོད་ངོ་སྤྲོད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་སོང་། སྐབས་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས། དྷ་ས་ས་གནས་མགོ་འཛིན་དེ་ས་གནས་གཞན་ལས་ལྷག་གི་གལ་ཆེན་པོ་ཆགས་ཡོད་པ་དང་། སྔོན་འགྲོ་འོས་བསྡུ་དེ་ཕྱི་ཟླ་ ༦ པའི་ཚེས་ ༡༢ དང་དངོས་གཞིའི་འོས་བསྡུ་ཕྱི་ཟླ་ ༦ ཚེས་ ༢༤ བཅས་སུ་ཁེལ་ཡོད་སྟབས། མི་མང་གིས་འོས་བསྡུའི་ཆ་ཤས་ཡག་པོ་ལེན་དགོས་པའི་འབོད་སྐུལ་བཅས་གནང་སོང་།

 

ཟླ་བ་རིན་ཆེན་ལགས་ཀྱིས་ཁོ་རང་ས་གནས་མགོ་འཛིན་གྱི་འོས་མིར་ལངས་དགོས་བའི་དམིགས་ཡུལ་དང་འཆར་གཞིའི་སྐོར་ལ། ང་ཚོའི་གནས་ཚང་གི་ཡུལ་མི་ཧ་ཅང་གལ་ཆེན་ཆགས་ཡོད་སྟབས་ཡུལ་མིར་མཐུན་ལམ་གལ་ཆེན་དུ་འཛིན་དགོས་པ་དང་། ང་ཚོས་ལས་གཞི་གང་འདྲ་ཞིག་བརྩམས་ཀྱང་གནས་ཚང་གི་ཁྲིམས་དང་སྒྲིག་གཞི། དེ་བཞིན་སོ་སོའི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་དང་གོམས་གཤིས་སོགས་དང་མ་འགལ་བའི་ཐོག་ནས་འགྲོ་དགོས་པ་དང་། གནས་ཚང་རྒྱ་གར་དང་བོད་མིའི་འབྲེལ་ལམ་སྔར་ལས་ལྷག་པར་ཡར་རྒྱས་སུ་གཏོང་ཐུབ་པ་ཡིན་ན། ལས་དོན་གཞན་ཁག་མང་པོ་ཞིག་བསྒྲུབ་ཐུབ་པའི་རེ་བ་ཡོད་པ་རེད་བསམ་གྱི་འདུག གཞན། ས་གནས་རེ་ཟུང་མ་ཡིན་པར་ས་གནས་གང་ཞིག་ཡིན་ཡང་དབུལ་ཕོངས་དང་ཉམ་ཐག བདག་མེད། ནད་གཅོང་། དེ་མིན་ཤེས་ཡོན་གྱི་ཕོངས་བའི་རིགས་ལ་དམིགས་བསལ་དོ་སྣང་བྱས་ཏེ་ཕན་ཐོགས་བྱེད་པའི་དམིགས་ཡུལ་གཙོ་བོར་འཛིན་རྒྱུ་དང་། བཙན་བྱོལ་སྒྲིག་འཛུགས་དང་དེས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ཀྱི་དགོངས་དོན། བཀའ་ཤག་དང་ལྷན་ཁང་ཁག་བདུན་གྱི་ལས་དོན་ཁག་ལག་བསྟར་བྱེད་མཁན་ས་གནས་མགོ་འཛིན་ཆགས་ཡོད་སྟབས། མཉམ་རུབ་ཐོག་འགྲོ་ཐབས་དང་ལས་ཀ་ཆེ་སར་བལྟས་ནས་ཆུང་ས་སྐྱུར་བ་མ་ཡིན་པར་ལས་དོན་གང་ཞིག་ཡིན་ཡང་གལ་ཆེན་དུ་བརྩི་རྒྱུ་ཡིན། ཞེས་བརྗོད་སོང་།

 

བསྟན་འཛིན་སྒྲོལ་མ་ལགས་ཀྱིས་༧གོང་ས་མཆོག་གི་ལམ་སྟོན་འོག་ཤར་སྐྱོད་བྱེད་རྒྱུ་གལ་ཆེན་ཡིན་ཚུལ་དང་། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་ཕྱྭར་ཕྱི་ནང་གཉིས་ནས་ཉེན་ཁ་ཆེན་པོ་ཡོད་སྟབས་མང་ཚོགས་ཀྱིས་ཐུགས་སྣང་བྱེད་དགོས་པ། ཁོང་མོས་ཁོར་ཡུག་གཙང་བཟོ་དང་གཞུང་ལམ་ཡར་རྒྱས་གཏོང་ཕྱོགས་ལ་འབྲེལ་ཡོད་དཔོན་རིགས་ལ་ཞུ་གཏུག་བྱེད་རྒྱུ་ཡིན་པ་དང་། ས་གནས་མི་མང་གི་བདེ་འཇགས་ཡོང་ཐབས་དང་རྒྱ་གར་ཡུལ་མི་དང་འབྲེལ་ལམ་དམ་ཟབ་གཏོང་རྒྱུ་སོགས་གལ་ཆེན་དུ་འཛིན་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

 

བསོད་ནམས་རྡོ་རྗེ་ལགས་ཀྱིས། འདས་པའི་ལོ་རིང་ངས་ག་རེ་བྱས་ཡོད་ཅེས་ལབ་པ་ཡིན་ན་ཞེ་དྲག་གང་ཡང་བྱེད་ཐུབ་མ་སོང་། འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞིའི་ཐོག་གནས་ཐུབ་པ་ཞིག་བྱུང་ཡོད། ང་ཚོར་ངོམ་རིན་ཡོད་པ་ཞིག་ཡོད་པ་དེ་སྒྲིག་འཛུགས་དང་འདི་དང་དེའི་ཁྲིམས་དང་སྒྲིག་གཞི་ཁག་རེད། དེ་ནས་མི་མང་དཀྱུས་མ་སུ་འདྲ་ཞིག་བསླེབས་ཀྱང་ཁོའི་དཀའ་ངལ་སེལ་མ་ཐུབ་ནའང་ཁོའི་དཀའ་ངལ་ལ་ཉན་ཐུབ་པ་བྱས་པ་ཡིན། ངའི་དམིགས་ཡུལ་གལ་ཆེ་ཤོས་དེ་༧གོང་ས་མཆོག་གི་ཕེབས་ལམ་བཟོ་རྒྱུ་དེ་ཡིན། འདས་བའི་ལོ་གསུམ་རིང་རྒྱ་གར་དབུས་གཞུང་ལ་ཞུ་གཏུག་བརྒྱབ་ནས་ཟླ་གཅིག་རིང་གྲུབ་འབྲས་མཐོང་གི་རེད། དེ་མིན། ཕྱོགས་རིས་མེད་པའི་ཐོག་ནས་ཉམ་ཐག་ཚོར་དམིགས་བསལ་གཟིགས་སྐྱོང་བྱེད་རྒྱུ་ཡིན། ང་ཚོ་ས་གནས་མགོ་འཛིན་ཡིན་ཟེར་ནས་རྐུབ་སྟེགས་རྫིག་པོའི་སྟེང་སྡོད་པའི་དུས་ཚོད་རྫོགས་ཚར་བ་རེད། གཞན། ཟློས་གར་དང་བྷག་སུའི་ལམ་ཁ་གཉིས་བར་ཁང་པ་ ༢༡༤ ལྷག་གི་དཀའ་ངལ་མང་པོ་ཡོད་པ་ལོ་ངོ་ ༥༠ ནང་ཁྲིམས་མཐུན་ཆགས་མེད་པར་ཁྲིམས་མཐུན་བཟོ་རྒྱུ་དེ་དམིགས་ཡུལ་ཆེ་ཤོས་ཤིག་ཡིན། ལམ་འགྲམ་དུ་ཁྲོམ་སྟོན་མཁན་དཀའ་ངལ་ཡོད་པ་ཚོར་ཚོང་ཁང་གསར་རྒྱག་བྱེད་པའི་དམིགས་ཡུལ་དང་འཆར་གཞི་ཡོད་པ་ལྟར་འབད་བརྩོན་བྱེད་རྒྱུ་ཡིན། གཞོན་སྐྱེས་ལས་མེད་རྣམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་བདེ་དོན་ལས་ཁུངས་ཀྱི་ཚོགས་ཁང་ལ་ཁང་པ་གསར་རྒྱག་བྱས་ཏེ། ལུས་ཕུང་སྦྱོང་བརྡར་ཁང་དང་རྩེད་རིགས་འདྲ་མིན་ཡོད་པའི་རྩེད་ཁང་ཞིག་བཟོ་བའི་དམིགས་ཡུལ་ཡོད། མང་ཚོགས་ཆེད་ཚོགས་ཁང་ཞིག་དང་དཔེ་མཛོད་ཁང་ཞིག་རྒྱག་དགོས་བསམ་གྱི་ཡོད། ཁོར་ཡུག་གཙང་བཟོ་དང་བུད་མེད་ལ་བཙན་གཡེམ་མནར་སྤྱོད་སོགས་ཀྱི་སྐོར་ལ་ཁྲིམས་ལུགས་ཟབ་སྦྱོང་སྤྲོད་རྒྱུ་ཡིན་ཞེས་སོགས་བརྗོད་སོང་།

 

༼ས་གནས་མགོ་འཛིན་ཁག་གི་ལས་དོན་བར་ཁྱད་པར་ཅི་ཡོད༽ཅེས་པའི་བརྗོད་གཞིའི་ཐོག་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། ས་གནས་བདེ་དོན་ཚང་མར་ཁྲིམས་དང་སྒྲིག་གཞི་གཅིག་གྱུར་རེད་མ་གཏོགས་དྷ་རམ་ས་ལར་ཁྲིམས་དང་སྒྲིག་གཞི་ཁ་ཁ་རྩ་བ་ནས་ཡོད་པ་མ་རེད། དྷ་རམ་གནད་འགག་ཆགས་དོན་གཙོ་བོ་༧གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཡིན་པ་དང་། འཛམ་གླིང་གི་མི་སྣ་ཆེ་ཆུང་དང་བོད་ནས་གསར་དུ་འབྱོར་རིགས་ཚོའི་་བཞུགས་གནས་ཡིན་པའི་རྐྱེན་གྱིས་རེད། ས་གནས་གཞན་དུ་དེ་དག་ཡོད་མ་རེད། ལྷག་པར་དུ་དྷ་རམ་ས་ལར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། རྒྱལ་སྤྱིའི་གསར་འགོད་པ་དང་བོད་པའི་གསར་འགོད་པ་སོགས་ཀྱི་བསྟི་གནས་ཡིན་པ་འདི་ལྟ་བུ་ས་གནས་གཞན་གང་དུའང་ཡོད་པ་མ་རེད། ཅེས་སོགས་བརྗོད་སོང་།

 

༼ས་གནས་མགོ་འཛིན་བྱས་པའི་བརྒྱུད་རིམ་གྱི་ཉམས་མྱོང་༽ཞེས་པའི་བརྗོད་གཞིའི་ཐོག་བསོད་ནམས་རྡོ་རྗེ་ལགས་ཀྱིས། སྐབས་དེར་སྤྱི་ཚོགས་ནང་དྷ་རམ་ས་ལའི་ས་གནས་མགོ་འཛིན་བྱེད་ན་སྟོབས་ཤུགས་ཆེན་པོ་དགོས་ཀྱི་རེད་ཟེར། རྒྱུ་མཚན་བོད་ནས་གསར་དུ་འབྱོར་བ་ཚོར་འབོར་ཤོབ་ཆེན་པོ་ཡོད་པ་རེད་ཟེར། འོན་ཀྱང་ང་འདས་བའི་ལོ་གསུམ་རིང་ས་གནས་མགོ་འཛིན་དུ་བསྡད་པའི་རིང་ང་ལ་ལག་པ་རྐྱོང་མཁན་ཐེངས་གཉིས་བྱུང་སོང་། དེ་གཉིས་བོད་ནས་ཡོང་བའི་གསར་འབྱོར་མ་རེད།  བོད་ནས་གསར་དུ་འབྱོར་མཁན་ཚོ་ལས་ཁུངས་ནང་ཡོང་སྐབས། ཕར་འགྲེལ་བཤད་བརྒྱབ་ན་སྐད་ཆར་ཡག་པོ་ཉན་གྱི་འདུག ཁོང་ཚོའི་དཀའ་ངལ་སེལ་མ་ཐུབ་པར་འགྲེལ་བཤད་བརྒྱབ་ན་ཐུགས་རྗེ་ཆེ་ཟེར་ནས་ལོག་འགྲོ་གི་འདུག ཅེས་བརྗོད་སོང་།

ཁོས་མུ་མཐུད་དུ། ང་བསོད་ནམས་རྡོ་རྗེ་ལྟ་བ་མཁྲེགས་པོ་ཞེ་དྲག་ཡོད། ས་གནས་མགོ་འཛིན་བྱེད་སྐབས་དཔལ་འབྱོར་ཡོད་མཁན་མི་ཁ་ཤས་ཤིག་གིས་ཅོག་ཙེ་སྒང་ལ་དངུལ་བཞག་ནས་ལས་ཀ་སྡུག་པོ་བྱེད་ཤོག་ཟེར་བ་དང་། ཡང་ཁ་ཤས་ངའི་ནང་ལ་བསླེབས་ཏེ་ཁྱེད་རང་གི་སྤུན་མཆེད་ཡིན། ཁོ་རང་རྒྱ་གར་ནང་སྐྱེས་མཁན་ཞིག་ལ་བོད་ནས་བསླེབས་པའི་རྒྱབ་གཉེར་ཡི་གེ་སྤྲོད་རོགས་ཟེར་བ་སོགས་བྱུང་ཡང་ངས་རྩ་བ་ནས་ཁས་ལེན་བྱས་མེད། དེ་རིང་ས་གནས་མགོ་འཛིན་གྱི་རྐུབ་སྟེགས་གཡུག་ཟེར་ན་གཡུག་གི་རེད་མ་གཏོགས་མ་ལས་ཀ་སྡུག་ཅག་བྱེད་ཀྱི་མ་རེད། གལ་སྲིད་ས་མགོ་འཛིན་གྱིས་མི་ཚང་མའི་དོན་དག་བསྒྲུབ་ཐུབ་ཀྱི་ཡོད་ན་མི་དེར་ལྷད་ཅིག་ཡོད་པའི་རྟགས་རེད། མི་དེས་ལས་ཀ་ཡག་པོ་བྱེད་ཀྱི་མེད་པའི་རྟགས་རེད། རྒྱུ་མཚན་ང་ཚོས་བཅའ་ཁྲིམས་ཀྱི་དགོངས་དོན་གཞི་བཟུང་འགྲོ་དགོས་ན་མི་ཁ་ཤས་ཀྱི་དོན་ཐག་བསྒྲུབ་མ་ཐུབ་པ་ཡོང་གི་རེད། ཅེས་བརྗོད་སོང་།

 

༼ས་གནས་མགོ་འཛིན་གྱི་འགན་འཁུར་ཆེ་ཤོས་གང་ཡིན་༽ཞེས་པའི་བརྗོད་གཞིའི་ཐོག་ཟླ་བ་རིན་ཆེན་ལགས་ཀྱིས། འདས་པའི་ལོ་རྒྱུས་ནང་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ཚར་རྗེས། ང་རང་ཚོའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་ལས་ཀ་བྱེད་ཕྱོགས་ཚང་མའི་སྟེང་ལ་འགན་ཆེན་པོ་དང་འགྱུར་བ་མང་པོ་ཕྱིན་ཡོད། དྷ་རམ་ལའི་མི་མང་གི་ཉིན་རེའི་འཚོ་བ་སྐྱེལ་སྟངས་དང་དཀའ་ངལ་སོགས་ལའང་འགྱུར་བ་ཕྱིན་ཡོད།

ལོ་བཅུ་གྲངས་ཚུན་ལ་ངྷ་རམ་ས་ལ་འདི་ཁྲོམ་ར་ཆེན་པོ་ཞིག་ཆགས་ཚར་ཡོད། གཞན་གྱི་མི་ཡོང་མཁན་དང་ནག་ཉེས་ཀྱི་ཚད་དང་ཉེན་ཁའང་ཆེ་རུ་ཕྱིན་ཡོད། དེ་འདྲའི་གནས་སྟངས་འོག་༧གོང་ས་མཆོག་གི་སྐུ་ཕྱྭར་སྲུང་སྐྱོབ་དང་མི་མང་གི་བདེ་སྡུག་ལ་བལྟ་རྒྱུ་སོགས་ས་གནས་མགོ་འཛིན་གྱི་ལས་འགན་ཆེ་ཤོས་ཆགས་ཡོད་ཅེས་སོགས་བརྗོད་སོང་།

 

གསར་འགོད་པ། ལྷ་སྐྱབས་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

མཆན། 7

  1. འབྲུག་སྨྱོན། says:
    ལོ་ 11 སྔོན།

    ས་འགོ་ལས་ཐོག་བསོད་རྡོ་ནི་གུས་པ་དང་བློ་མཐུན་ཞིག་ཡིན། གུས་པར་ཚོགས་པའི་དཀའ་ངལ་ཞིག་འཕྲད་སྐབས་དེ་དུས་ཁོང་ས་འགོ་འོས་བསྡུ་དངོས་གཞི་ལ་བསླེབ་ཡོད། ཁོས་སང་ཉིན་ང་ལ་འོས་ཤོག་བླུགས་རོགས་འཐོབ་སོང་ན་དེ་ནས་དཀའ་ངལ་འདི་ལ་ཞིབ་འཇུག་ཚན་པ་བཙུག་ནས་རོགས་པ་བྱེད་ཆོག་ཟེར། དངོས་སུ་རྐུབ་སྟེགས་སྟེང་ཕྱག་ལས་གནང་སྐབས་གུས་པས་སླར་ཡང་གནས་ཚུལ་རྣམས་ཞུ་སྐབས་དཀའ་ལས་ཁག་པོ་ཞེ་དྲགས་རེད་ཤག དེ་ལྟ་བུའི་གནས་ཚུལ་ལ་མི་འཇོན་པར་དམིགས་ཡུལ་ཆེན་པོ་ལག་པ་འཆང་བ་ལ་གད་མོ་ཤོར་གྱི།

    Reply
  2. དཔའ་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    ༼ཁ་ཤས་ངའི་ནང་ལ་བསླེབས་ཏེ་ཁྱེད་རང་གི་སྤུན་མཆེད་ཡིན། ཁོ་རང་རྒྱ་གར་ནང་སྐྱེས་མཁན་ཞིག་ལ་བོད་ནང་བསླེབས་པའི་རྒྱབ་གཉེར་སྤྲོད་རོགས་ཟེར་བ་སོགས་བྱུང་ཡང་ངས་རྩ་བ་ནས་ཁས་ལེན་བྱས་མེད། ༽ ས་གནས་འགོ་འཛིན་གྱི་ཁེ་སང་འདི་ཡིན་ན་ཐང་། རྡ་རམ་ས་ལའི་ས་གནས་འགོ་འཛིན་ལ་མ་གཏོགས་མེད་པའི་ནོར་བུ་འདི་རེད།

    Reply
  3. བོད་དགའ། says:
    ལོ་ 11 སྔོན།

    ངས་ཀྱང་ཟླ་བ་རིན་ཆེན་ལ་རྒྱབ་སྐྱོར་ཡོད། ཁོང་མི་འཇོན་པོ་དང་རྡ་སའི་སྤྱི་ཚོགས་ཆེད་སེམས་ཤུགས་བླ་མེད་ཡོད་མཁན་ཞིག་རེད། ད་དུང་མི་མཐོ་དམན་སུ་ནའང་བསྟུན་མཁས་ཡོད་པ་ཞིག་རེད།
    ལས་ཐོག་བསོད་ནམས་རྡོ་རྗེ་ལགས་སྤྱིར་བཏང་མི་དྲང་མོ་ཞིག་ཡིན་པ་ཡོད། འོན་ཀྱང་མི་དང་བསྟུན་མཁས་དེ་ཙ་མེད་མཁན་ཞིག་རེད། སུ་ལའང་ཧ་མི་ལས་ཟེར་མཁན་ཞིག་རེད། སྤྱིར་མི་དེ་འདྲ་དགོས་ཀྱང་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་ལ་འཐེན་རྒྱུ་དང་སྣར་རྒྱུ་ཚང་མ་ཡོད་མཁན་ཀོ་མཉེད་འདྲ་ཞིག་དགོས་པ་རེད་དྲན།
    བསྟན་འཛིན་སྒྲོལ་མ་སེམས་ཤུགས་ཡོད་མཁན་ཞིག་རེད། འོན་ཀྱང་རྡ་སའི་གཞིས་འགོ་དེར་མཐོང་རྒྱ་དང་ཐོས་རྒྱ་ཉམས་མྱོང་སོགས་ཅུང་ཡོད་མཁན་ཞིག་ཡོད་ན་ལེགས་སྙམ།

    Reply
  4. གཉན་མི། says:
    ལོ་ 11 སྔོན།

    བསོད་རྡོར་གྱིས་སྐད་ཆ་དྲང་མོ་སྐོར་ཞིག་བཤད་ཐུབ་པ་དགའ་ཡོད། དེ་མིན་ང་ཚོའི་མགོ་སྲིད་སྐྱོང་ནས་བཟུང་ཁ་ཐོགས་ཚད་པོས་་་སྟོང་གཏམ་་་འུད་ཤོབ་་་་་ཧམ་རྫུན་་་རྐྱང་རྐྱང་བཤད་ཡོང་དུས་་ངོ་མ་བཙན་བྱོལ་སྤྱི་ཚོགས་འདི་ཡིད་རྟོན་མེད་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་འདུག
    ད་བར་དུ་ཕྱི་ཡུལ་ནས་རྒྱ་ནག་ལས་ཀྱང་གསར་འབྱོར་བ་ལ་གདོང་ལེན་བྱས་པ་རེད། གསར་འབྱོར་བ་ཐོག་མར་འབྱོར་སའི་སྣེ་ལེན་ཁང་ཁག་ཏུ་དམག་སྦྱོང་ཐོབ་པའི་མི་སྣ་དག་ཆེད་དུ་བསྐོ་བཞག་བྱས་པ་རེད།
    གསར་འབྱོར་སློབ་གྲྭ་ཆེ་ཤོས་སོག་སྒར་ཡང་ལོ་མང་པོ་ཞིག་ལ་དམག་མི་རྒན་ཡོལ་ཞིག་གི་ལག་འོག་ཏུ་བཞག་པ་རེད།
    གནས་ཚུལ་མང་པོ་ཞིག་གི་ཐོག་ནས་གསར་འབྱོར་བ་དེ་མི་ཞིག་ཏུ་བརྩི་གི་ཡོད་པ་མ་རེད། ཁོང་ཚོས་གསར་འབྱོར་བ་དེ་ཚོ་གོ་བརྡ་འཕྲོད་ས་ཡོད་ས་ཞིག་དང་། བསམ་ཤེས་བྱེད་ཐུབ་མཁན་ཞིག་ཏུ་བརྩི་མྱོང་ཡོད་པ་མ་རེད།
    འོན་ཀྱང་དོན་དམ་གྱིས་བསམ་ཤེས་མེད་མཁན་དང་་་གོ་བརྡ་འཕྲོད་རྒྱུ་མེད་མཁན་ནི་ཁོ་རང་ཚོ་ཡིན་པ་འདྲ།
    ཟླ་བ་རིན་ཆེན་ཡང་དམག་མི་ཟུར་བ་ཞིག་རེད། ད་གང་དྲག གསར་འབྱོར་ཚོ་ག་ས་གང་ནས་དམག་མི་ཞིག་གི་ལག་ནས་ཐར་ཐབས་མེད་པ་འདྲ།

    Reply
  5. སྒྲོལ་མ། says:
    ལོ་ 11 སྔོན།

    ངས་ཟླ་བ་རིན་ཆེན་ལགས་སུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁོང་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་རེད། སྔོན་མ་རྡ་རམ་ས་ལའི་སྤྱི་ཚོགས་ནང་དཀའ་ངལ་ཞིག་འཕྲད་སྐབས་ཁོང་འཐོན་ཡོང་གི་རེད། ཧུར་བོ་པ་རོ་བྱེད་གི་རེད། གཞིས་མགོ་ལས་ཐོག་བསོད་ནམས་རྡོ་རྗེ་ལགས་སུ་རྒྱབ་སྐྱོར་མེད། མ་གཞི་མི་ཡག་པོ་ཡོད་རེད་དེ་ལས་ཀ་ཆེན་པོ་བྱེད་ཐུབ་མཁན་དེ་མ་རེད། དེ་ནས་རླུང་ཚ་བོ་དང་མི་ལ་སྐད་ཆ་བཤད་སྟངས་ཡག་པོ་ཡོད་པ་མ་རེད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དྷ་རམ་ས་ལའི་ས་གནས་མགོ་འཛིན་བྱེད་ན་སྟོབས་ཤུགས་ཆེན་པོ་དགོས་ཀྱི་རེད
    འདི།
    དྷ་རམ་ས་ལའི་ས་གནས་མགོ་འཛིན་༼བྱེད་༽ན་སྟོབས་ཤུགས་ཆེན་པོ་དགོས་ཀྱི་རེད
    དྷ་རམ་ས་ལའི་ས་གནས་མགོ་འཛིན་བྱས་ན་སྟོབས་ཤུགས་ཆེན་པོ་དགོས་ཀྱི་རེད
    འདི་ལ་འདས་ཚིག་ཐོབ་དགོས་སྙམ་པས། དཔྱད་པར་འཚལ།

    Reply
  7. རྡོ་རྗེ། says:
    ལོ་ 11 སྔོན།

    བསོད་ནམས་རྡོ་རྗེ་ལགས་ཀྱིས་ཡག་པོ་གསུངས་འདུག འོན་ཀྱང་ཁོག་གི་སྐད་ཆ་ཡིན་མིན་མི་ཤེས། ཆབ་སྲིད་པ་འདི་ཚོས་ནམ་ཡང་ཁོག་གི་སྐད་ཆ་བཤད་གི་མ་རེད། ཁ་ནས་གང་བཤད་པ་དེ་དངོས་ཡོད་ལས་ལྡོག་ཕྱོགས་བཤད་གི་རེད། གང་ལྟར། ཁོའི་ཁོག་གི་ཁ་ཆ་ཡིན་དང་ཁ་ཡི་སྐད་ཆ་ཡིན་ལ་མ་ལྟོས་པར། དེང་སྐབས་བོད་ནས་གསར་འབྱོར་བ་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཏེ་བཙན་བྱོལ་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་སྟོང་པ་ཆགས་བཞིན་ཡོད་པ་དང་བསྟུན་ཏེ་གསར་འབྱོར་ཚོར་ལྟ་སྟངས་ཇེ་ཡག་དང་རིན་ཐང་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་དངོས་ཡོད་རེད།
    རྒྱ་བལ་འབྲུག་གསུམ་གྱི་ས་གནས་གང་དུ་ཕྱིན་ཡང་གསར་འབྱོར་ཚོ་ཡ་རབ་སྤྱོད་བཟང་རེད། རྒྱག་རེས་རྒྱག་མཁན་དང་ཐ་མ་ནག་པོ་འཐེན་མཁན། གཞིང་ཚོང་མཁན། རྐུ་འཕྲོག་བྱེད་མཁན། རྒྱན་འཛུགས་ཤོ་རྒྱག་དང་ནག་ཚོང་རིགས་བྱེད་མཁན་ཚང་མ་བཙན་བྱོལ་ནང་སྐྱེས་པའི་རྙིང་འབྱོར་ཚོའི་བུ་དང་བུ་མོ་དག་རེད། འོ་ད་ངས་མང་པོ་མི་བཤད་ཚོར་བའི་དབང་དུ་འགྲོ་བཞིན་འདུག
    མཐའ་དོན་ངས་རྡ་རམ་ས་ལའི་ས་གནས་མགོ་འཛིན་དེ་ཟླ་བ་རིན་ཆེན་ལགས་སུ་རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese