མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ས་གནས་བདེ་དོན་གྱི་འོས་མི་སངས་རྒྱས་བཀྲིས་ལགས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

མིང་། སངས་རྒྱས་བཀྲིས
སྐྱེས་ལོ། ༡༥།༠༨།༡༩༨༠
སྐྱེ་ཡུལ། མདོ་སྨད། གཙོས།
རྒྱ་གར་ལ་འབྱོར་ལོ། ༢༢།༠༤།༡༩༩༦

སློབ་སྦྱོང་གི་བརྒྱུད་རིམ།
སུ་ཇ་བོད་ཁྱིམ་སློབ་གྲྭ་རུ་ལོ་ལྔ་ལ་སློབ་སྦྱོང་གིས་སྐད་ཡིག་ཨིན་ཡིག་དང་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་སློབ་མཐར་ཕྱིན། དེ་རྗེས་རྒྱ་གར་རྒྱལ་ཡོངས་ཨིན་དྷ་ར་གྷན་དྷི་མཐོ་སློབ་དུ་ཡིག་ཚད་ལམ་ནས་སྤྱི་ཚོགས་འབྲེལ་ལམ་སྐོར་ལ་སློབ་གཉེར་མཐར་སོན་པ་བྱུང་།

ལས་ཀའི་ཉམས་མྱོང་།

(ཕྱི་ལོ་༢༠༠༡-༢༠༠༣)-(International Earth Ville Institute) ཞེས་པའི་དྷ་སར་བཙུགས་པའི་ཚོགས་སྡེ་ (Dharamsala Earth Ville Institute) ཞེས་པའི་རྒྱལ་སྤྱིའི་ཚོགས་སྡེ་དེའི་འབྲེལ་མཐུད་པའི་ལས་དོན་བསྒྲུབས།
(ཕྱི་ལོ་༢༠༠༣-༢༠༠༥) ནེའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོ་དང་བྷེལ་ལྦེའུ་སྨན་ཁང་ (Bellevue Hospital and New York University of Medicine) གཉིས་ཀྱིས་བཙན་བྱོལ་བོད་མི་ཚོའི་སེམས་ཁམས་གནས་བབ་ལ་ཞིབ་འཇུག་ལས་གཞི་རྩོམ་སྐབས་ཞིབ་འཇུག་པའི་ལས་འགན་འཁུར།
(ཕྱི་ལོ་༢༠༠༥-༢༠༠༧) (CASE WESTERN RESERVE UNIVERSITY) གཙུག་ལག་སློབ་དཔོན་མལ་ཝེན་གྷོལ་ས་ཊན་ (Melvyn Goldstein )དང་མཉམ་དུ་བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཉམས་ཞིབ་བྱས།
(ཕྱི་ལོ་༢༠༠༦-༢༠༠༨)-དྷ་སར་བཙུགས་པའི་བོད་གནས་ལྟ་ཞིབ་ལས་ཁུངས་ (Tibet Watch) སུ་ཉམས་ཞིབ་པ་དང་གསར་འགོད་པའི་ལས་དོན་བསྒྲུབས།སྐབས་དེར་ཉམས་ཞིབ་ཀྱི་ངོ་བོ་ནི་རྒྱ་ནག་གི་སྤྱི་བདེ་མི་སྣས་ལས་དོན་སྒྲུབ་སྟངས་དང་བོད་ཀྱི་གནས་བབ་ལ་ཉམས་ཞིབ་བྱ་རྒྱུ་དེ་ཡིན་ལ། དེའི་རིང་རྒྱལ་སྤྱིའི་གསར་འགོད་པ་གྲགས་ཅན་མི་ཉུང་བ་ཞིག་དང་མཉམ་འབྲེལ་གྱིས་ལས་དོན་བསྒྲུབས་པའི་གོ་སྐབས་བྱུང་།
(ཕྱི་ལོ་༢༠༠༣-༢༠༠༩)-བོད་ཀྱི་ན་ཆུང་ཤེས་ཡོན་ཞབས་ཞུ་ཁང་ (Tibetan Children’s Education Center) གསར་འཛུགས་བྱས་ཤིང་། ཚོགས་པ་དེའི་འགན་འཛིན་གྱི་ལས་འགན་ཁུར་ཏེ་<<བོད་ཀྱི་ན་ཆུང་ཚགས་པར།>>འདོན་ཐེངས་སུམ་ཅུ་དཔར་བསྐྲུན་གྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་འགྲེམས་སྤེལ་བྱས།

ད་ལྟའི་བྱ་གཞག

མོན་ཊ་ཝེེའུ་བོད་ཀྱི་ཟ་ཁང་ (Mount View Tibetan Restaurant and Bar) གི་ཚོང་དོན་ལས་གཉེར་གྱིས་ཁྱིམ་ཚང་གི་འཚོ་ཐབས་སྐྱོང་བཞིན་ཡོད།

གུས་པ་དྷ་ས་ས་གནས་བདེ་དོན་གྱི་འོས་མིར་ལངས་པའི་དགོས་དམིགས་གཙོ་བོ་ཁག
༄༅།། སྤྱིར་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས། ༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་དང་ཡང་དག་པའི་དགོངས་གཞི་ལ་དད་གུས་རྩེ་གཅིག་གིས་ཤར་བསྐྱོད་བྱ་རྒྱུ་ཡིན་ལ། བོད་ཀྱི་བདེན་མཐའ་སེལ་ཐབས་སུ་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་རིགས་རྒྱུན་མར་གནས་ངེས་ཡིན་ནའང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱིས་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་བསྩལ་བའི་བཀའ་སློབ་ལམ་སྟོན་འབའ་ཞིག་ལ་མ་བརྟེན་པར་བོད་ཀྱི་བདེན་མཐའ་སེལ་ཐབས་མེད་པ་ནི་དོན་དངོས་གནས་ཚུལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་ཀྱི་བཞེད་དོན་འགྲུབ་རྒྱུ་ནི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ས་ཡ་དྲུག་པོ་མི་རེ་ངོས་རེའི་ཞེ་འདོད་གཙང་མ་ཡིན་པས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ལ་གནོད་གཞིའི་རིགས་དང་ཁོང་གི་མཛད་པ་འཕྲིན་ལས་ལ་གཞི་མེད་བསྙོན་འཛུགས་བྱེད་རིགས་ཆེ་ཕྲ་ཀུན་ལ་བློ་ཐག་གཙང་བཅད་ཀྱིས་འགོག་རྒོལ་བྱེད་ཐབས་ཀྱི་ནུས་པ་གང་ཡོད་འདོན་རྒྱུ་ཡིན། གོང་དུ་བརྗོད་པའི་གནད་དོན་གཙོ་བོར་བཟུང་སྟེ། གུས་པ་དྷ་ས་ས་གནས་བོད་མིའི་བདེ་དོན་འགན་འཛིན་གྱི་འོས་མིར་ལངས་པར་དགོས་འདུན་དོན་ཚན་གསུམ་ཙམ་མདོར་བསྡུས་ཀྱིས་འཁོད་ཡོད།

ཀ༽ ༡) དྷ་ས་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་ཡིན་པ་དང་།
༢) རྒྱ་གར་དང་འཛམ་གླིང་ཡུལ་གྲུ་གཞན་མང་པོ་ནས་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཡོང་འདོད་བྱ་སའི་གནས་ཤིག་ཡིན་པ།
༣) བོད་མི་བརྒྱ་ཕྲག་མང་པོ་འདུ་འཛོམས་དང་འགྲོ་འོང་བྱ་ཡུལ་གཙོ་བོ་ཞིག་ཡིན་ལ། འདིར་འགྲོ་འོང་སྡོད་གསུམ་བྱེད་པའི་བོད་མི་མང་པོ་ཞིག་ལས་ཁ་ཤས་ནི་ངེས་མེད་དུ་གནས་སྐབས་རིང་གནས་སྡོད་བྱེད་པ་དང་། ཁ་ཤས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འགྲོ་བ། ཁ་ཤས་བོད་དུ་ལོག་པ་སོགས་ཡོང་གི་ཡོད་པས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་གནད་དོན་ཐད་དམིགས་བསལ་ཡིད་གཟབ་བྱ་དགོས་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་དྷ་ས་ནི་བོད་མིའི་གཞིས་ཆགས་ཁག་གཞན་དག་དང་བསྡུར་ན་རྙོག་འཛིང་ཅུང་ཆེ་བའི་ས་གནས་ཤིག་ཏུ་གྱུར་ཡོད། གལ་ཏེ་གུས་པ་ས་གནས་བདེ་དོན་འགན་འཛིན་དུ་འོས་འདེམས་བྱུང་ཚེ། དཔལ་ལྡན་ནང་སྲིད་ལས་ཁུངས་དང་བདེ་སྲུང་ལས་ཁུངས་བཅས་ལས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཞུས་ཏེ། འབྲེལ་ཆགས་རྒྱ་གར་ས་གནས་འགོ་འཛིན་སོགས་ལ་ལུགས་མཐུན་གོ་བསྡུར་ཀྱིས་འདི་ལྟའི་གནས་སྟངས་ཀྱི་བདེ་དོན་འགན་ཧུར་ལེན་བྱ་འཆར་ཡོད།
ཁ༽ ང་ཚོ་རྒྱལ་ཁབ་ཅིག་གི་ནང་གནས་ཚང་གཡར་ནས་བསྡད་ཡོད་པར་བརྟེན། བོད་མི་ཚོས་རྒྱ་གར་གཞུང་དམངས་གཉིས་ཀྱིས་མཐུན་འགྱུར་གྱིས་ང་ཚོ་འདིར་སྡོད་ཆོག་པ་བཟོས་པའི་བཀའ་དྲིན་ཚོར་རྒྱུ་ཧ་ཅང་གལ་ཆེན་པོ་རེད་སྙམ་གྱི་ཡོད་ལ། ས་གནས་བོད་མི་ཚོ་དང་རྒྱ་གར་ཡུལ་མི་ཚོའི་དབར་ལ་གཅེན་གཅུང་ལྟ་བུའི་མཛའ་བརྩེའི་འདུ་ཤེས་ཟབ་མོ་བསྐྲུན་ཐུབ་པ་ཡོང་རྒྱུའང་གལ་ཆེན་པོར་མཐོང་གི་ཡོད། དེར་བརྟེན་གལ་ཏེ་གུས་པ་འོས་འདེམས་བྱུང་ཚེ། དུས་ནས་དུས་སུ་སྒང་འོག་བར་གསུམ་གྱི་ཡུལ་མི་རྒྱ་གར་བ་ཚང་མར་བོད་མི་ཚོའི་སེམས་གཏིང་ནས་བཀའ་དྲིན་ཚོར་གྱི་ཡོད་པ་ཤེས་སུ་འཇུག་ཐབས་དང་། མཛའ་བརྩེའི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གཏོང་ཐབས་ལ་རང་ནུས་ཡོད་རྒུ་འདོན་ཐབས་བྱ་རྒྱུ།
ག༽ ང་རང་བོད་ནས་གསར་དུ་འབྱོར་བ་ཞིག་ཡིན་པའི་ཆ་ནས། ཟས་གོས་གནས་མལ་གསུམ་ཐད་ལ་འཕྲད་པའི་འཚོ་བའི་དཀའ་ངལ་དང་། འབྱོར་འཁོས་ཞན་པ་དང་སྐད་བརྡ་མི་འཕྲོད་པ་སོགས་ཀྱི་གནས་སྟངས་འོག་རྒྱ་གར་ཡུལ་མིའི་དབར་མཐུན་ལམ་བྱེད་པ་དང་། ཁྲིམས་མཐུན་གྱིས་གནས་སྡོད་ཆོག་པའི་ཡིག་ཆ་མེད་པ་སོགས་ཀྱི་དཀའ་ངལ་འོག་ཉམས་མྱོང་མང་པོ་ཞིག་བརྒྱུད་མྱོང་ཡོད། དཔེར་ན། ཐོག་མར་ང་རང་དྷ་སར་གནས་སྡོད་བྱེད་སྐབས་ཉིན་འགའ་རེར་བཟའ་བཏུང་ཅུང་ཙམ་ཡང་མ་རག་པར་ལྟོག་སྡུག་མྱངས་པ་དང་། སྡོད་སའི་གནས་མལ་མ་རག་པར་ཤིང་ནགས་ནང་ཉལ་དགོས་བྱུང་བ། དེ་བཞིན་ཁྲིམས་མཐུན་ཡིག་ཆ་མེད་པས་འཇིགས་སྣང་ཁྲོད་སྡོད་དགོས་བྱུང་བ་སོགས་དཀའ་ངལ་ཆེ་ཕྲ་མང་པོ་ཞིག་འཕྲད་མྱོང་ཡོད། ད་ལྟའི་ཆ་ལའང་སྔོན་ཆད་ང་རང་གིས་དངོས་སུ་མྱངས་པའི་གནས་སྟངས་དེ་འདྲའི་འོག་ལུས་པའི་བོད་མི་མི་ཉུང་བ་ཞིག་ཡོད་ངེས་སྙམ་གྱི་ཡོད་ལ། ང་རང་ཉིད་དཀའ་སྡུག་དེ་འདྲའི་རིགས་དངོས་སུ་མྱངས་མྱོང་མཁན་ཞིག་ཡིན་པའི་ཆ་ནས་བོད་མི་སུ་ཞིག་ལ་དཀའ་ངལ་དེ་རིགས་འཕྲད་ཚེ། སྣང་མེད་དུ་མི་འཇོག་པར་རང་ནུས་གང་ཡོད་ཀྱིས་དཀའ་ངལ་ལས་གྲོལ་ཐབས་སུ་ཧུར་ཐག་བྱ་འདོད་ཡོད། གནས་ཚུལ་ཆུང་ངུ་འགའ་རེ་ང་རང་ཚོས་མ་བསྒྲུབས་པ་མ་གཏོགས་འབད་པ་བྱས་ན་བསྒྲུབ་ཐུབ་ངེས་སྙམ་གྱི་ཡོད། དཔེར་ན། ང་རང་ཚོའི་དཔལ་ལྡན་ནང་སྲིད་ལས་ཁུངས་ལྟ་བུ་ལ་དུས་ནས་དུས་སུ་ལམ་སྟོན་ཞུས་ཏེ་མཉམ་རོགས་ཀྱིས། དཀའ་ངལ་ཡོད་མཁན་ཚོར་ཟས་གོས་གནས་མལ་གྱི་འཚོ་བའི་མཐུན་རྐྱེན་སྦྱོར་ཐབས་སུ་རོགས་སྐྱོར་འཚོལ་བ་དང་། ཁྲིམས་མཐུན་ཡིག་ཆ་བཟོ་བའི་ཐད་རིན་མེད་དུ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་ཡོང་ཐབས་སོགས་ཅི་དགེ་གང་ཐུབ་གནང་རྒྱུ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་པ་དང་སྦྲགས། རང་ཉིད་ས་གནས་བདེ་དོན་འགན་འཛིན་ལ་འོས་འདེམས་བྱུང་ཚེ། གོང་དུ་བརྗོད་པའི་གནད་དོན་དག་གཙོ་བོར་བཟུང་སྟེ། སོ་སོ་བོད་ཀྱི་སྤྱི་ཚོགས་ལ་སྲི་ཞུ་བསྒྲུབ་པར་ཧུར་ཐག་བྱ་འདོད་ཀྱི་དམ་བཅའ་བརྟན་པོ་ཡོད།

རྒྱབ་སྐྱོར་བ་ཐུན་མོང་ནས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese