མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོགས་གཅོད་ཅིག

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

པདྨ་རིག་འཛིན། མཛད་རྣམ་ལས་བྱེད་ཟུར་པ།

འདིར་སྟོན་པ་བཅོལ་ལྡན་འདས་སྐུ་མྱ་ངན་ལས་འདས་ཚུལ་ལ་དོགས་གཅོད་ཀྱི་ཚུལ་དུ། མདོ་ལས་ལུང་དྲངས་ཏེ་སྟོན་པ་བཅོམ་ལྡན་འདས་དང་འཁོར་སེང་གེ་སྒྲའི་བར་གསུང་ལན་གནང་བ་ཞིག་བཀོད་ཡོད།

འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་༼ཏ་པ༽རྒྱ་ནག་ནས་བསྒྱུར་བ་འདི། རྒྱ་ནག་གི་མཁན་པོ་ཝང་ཕབ་ཞུན་དང་། རྡརྨའི་གཞི་འཛིན་དགེ་བའི་བློ་གྲོས་དང་། ལོ་ཙྭ་ཚོ་བ་རྒྱ་མཚོའི་སྡེས་བསྒྱུར་ཏེ་གཏན་ལ་ཕན་པའི་མདོ་༼ཏ་པ༽ཤོག་ངོས་ ༡༤༢ རྒྱབ་ཀྱི་ཐིག་ ༤ པ་རུ་སེང་གེ་སྒྲས་གསོལ་བ། “བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་དཔྱིད་ཟླ་འབྲིང་པོ་ལ་མྱ་ངན་ལས་འདའ།” ཞེས་དྲིས་པའི་ལན་དུ། བཅོམ་ལྡན་འདུས་ཀྱིས་ “རིགས་ཀྱི་བུ། (༡)དཔྱིད་ཟླ་འབྲིང་པོ་ནི། དཔྱིད་ཅེས་བྱ་སྟེ། དཔྱིད་ཀྱི་ཟླ་བ་ལ་དངོས་པོ་ཐམས་ཅད་སྐྱེ་ཞིང་། རྨོ་བ་ཐམས་ཅད་རྩ་བ་གཙུགས་ཏེ། མེ་ཏོག་དང་། འབྲས་བུ་ཡོངས་སུ་རྒྱས་ལ། ཆུ་བོ་ཐམས་ཅད་འབྲུབ་ཅིང་། བྱོལ་སོང་ཐམས་ཅད་ནུ་མ་རྒྱས་ཏེ། དེའི་ཚེ་ན་སེམས་ཅན་དག་རྟག་པའི་འདུ་ཤེས་མང་དུ་སྐྱེས་ཏེ། སེམས་ཅན་གྱི་མི་རྟག་པའི་སེམས་གཞིག་པའི་ཕྱིར། ཆོས་ཐམས་ཅད་མི་རྟག་པར་བསྟན་ཏེ། དེ་བཞིན་གཤེགས་པ་འབའ་ཞིག་ནི། རྟག་པ་མི་འགྱུར་བ་གནས་པར་བསྟན་ཏོ།།” ཞེས་གསུངས་ཡོད།

 སེང་གེ་སྒྲས་གསོལ་བ། “དེ་བཞིན་གཤེགས་པ་ཐོག་མ་བལྟམས་ནས་རབ་ཏུ་བྱུང་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ཀུན་ཀྱང་ཚེས་བརྒྱད་པ་དང་སྦྱར་ན། ཅིའི་སླད་དུ་མྱང་ངན་ལས་འདས་པ་འབའ་ཞིག་ཚེས་བཅོ་ལྔ་དང་སྦྱར།” ཞེས་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས། “ལེགས་སོ། ལེགས་སོ། རིགས་ཀྱི་བུ་ཇི་ལྟར་ཚེས་བཅོ་ལྔ་ལ་ཟླ་བ་སྐྱེད་དབྲི་མེད་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། ཡོངས་སུ་མྱང་ངན་ལས་འདས་པ་ལ་སྐྱེད་དབྲི་མེད་དོ།། དེ་ལྟ་བས་ན་ཚེས་བཅོ་ལྔ་ལ་ཡོངས་སུ་མྱ་ངན་ལས་འདའོ།།” ཞེས་བཀའ་ལན་བསྩལ་ཡོད།

 (༡)དཔྱིད་ཟླ་འབྲིང་པོ་ནི། ཧོར་ཟླ་གཉིས་པ་ལ་གོ་དགོས་སྟབས། རྣམ་དཔྱོད་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མདོ་དཔར་འདི་བཞིན་མ་ཡིན་པར་མདོ་དཔར་གཞན་ལའང་གཟིགས་ཞིབ་ཀྱིས་དགོངས་ཆུབ་ཡོང་བ་ཞུ།།

 

 

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 2

  1. བློ་བཟང་། says:
    ལོ་ 12 སྔོན།

    མདོ་ལྟར་ན་ང་ཚོས་དེང་སྐབས་བོད་ཕྱི་ནང་གཉིས་ནས་ས་ག་ཟླ་བ་སྲུང་བརྩི་གནང་སྟངས་དེ་ནོར་འདུག་གསུང་གི་ཡོད་པ་རེད་དམ། འདི་གསལ་བོ་ཞིག་གནས་གནང་རོགས།

    Reply
  2. བློ་བཟང་། says:
    ལོ་ 12 སྔོན།

    སྐུ་ངོ་མཆོག་གིས་གསུངས་སྟངས་བྱས་ན། ས་ག་ཟླ་བའི་ཚེས་བཅོ་ལྔ་འདི་ཉིད་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་ཉིན་མོ་མ་རེད་གསུངས་གི་ཡོད་པ་མ་རེད་དམ། མདོ་ལུགས་ཀྱི་བཤད་སྟངས་དེ་འདྲ་ཡོད་ན་ང་ཚོས་ཞིབ་འཇུག་བྱེད་དགོས་པ་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese