མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞྭ་དམར་རིན་པོ་ཆེ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་ཞུ་མི་ཆོག

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བལ་ཡུལ་གཞུང་གིས་ཞྭ་དམར་རིན་པོ་ཆེ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་ཞུ་ཆོག་པའི་ཆོག་མཆན་ཕྱིར་བསྡུ་བྱས་ཡོད་འདུག

ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལིའི་བལ་ཡུལ་གཞུང་ཚབ་ཁང་གིས་རྒྱལ་བ་ཞྭ་དམར་སྐུ་ཕྲེང་ ༡༤ མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་གི་སྐུ་ཕུང་རྒྱ་གར་ཀ་ལོན་སྤུག་ཌིཝཱཀར་ (Shri Diwakar) དགོན་པ་ནས་ཕྱིར་བལ་ཡུལ་གྱི་མ་དགོན་ཤར་མི་ནུབ་དགོན་ཆེན་དུ་སྐུ་ཕུང་ཞུགས་འབུལ་ཆེད་གདན་ཞུའི་ཆོག་མཆན་སྤྲད་ཡོད་ཀྱང་། ཁ་སང་བལ་ཡུལ་གཞུང་གིས་རིན་པོ་ཆེ་མཆོག་གི་སྐུ་ཕུང་རྒྱ་གར་ནས་བལ་ཡུལ་ནང་གདན་འདྲེན་ཞུ་ཆོག་པའི་ཆོག་མཆན་ཕྱིར་བསྡུ་བྱས་ཡོད་འདུག གནས་ཚུལ་དེའི་ཐད་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བལ་གཞུང་གིས་ཞྭ་དམར་པའི་སྐུ་ཕུང་བལ་ནང་ནང་གདན་ཞུའི་ཆོག་མཆན་ཕྱིར་འཐེན་བྱས་པ་དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ཡིན་སྐོར་བརྗོད་འདུག

འདིའི་ཐད་བལ་གཞུང་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དྷ་ཁཱལ་ (Laxmi Prasad Dhakal) ལགས་ཀྱིས། ཉེ་ལམ་བལ་ཡུལ་གཞུང་གིས་ཞྭ་དམར་རིན་པོ་ཆེ་མཆོག་གི་སྐུ་ཕུང་རྒྱ་གར་ནས་བལ་ཡུལ་གྱི་མ་དགོན་ནང་གདན་འདྲེན་ཞུས་ཏེ་ཞུགས་འབུལ་ཆོག་མཆན་སྤྲད་ཡོད་ཀྱང་། ང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་རིན་པོ་ཆེ་མཆོག་འབྲུག་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་ཤེས་རྟོགས་བྱུང་འཕྲལ་ཆོག་མཆན་དེ་ཕྱིར་བསྡུ་བྱེད་དགོས་བྱུང་སོང་། ཞེས་དང་། བལ་གཞུང་ནང་སྲིད་དྲུང་ཆེ་སུར་ཡཱ་ (Surya Silwal) ལགས་ཀྱིས། €œབལ་ཡུལ་གྱི་ཁྲིམས་ལུགས་ནང་ཕྱི་རྒྱལ་གྱི་མིའི་ཕུང་བོ་བལ་ཡུལ་ནང་འཁྱེར་ཡོང་ནས་མེར་བསྲེགས་སོགས་ཀྱི་བྱེད་སྒོ་སྤེལ་བའི་ཆ་རྐྱེན་མེད་སྟབས། ཐེངས་འདིར་ང་ཚོས་ཆོག་མཆན་དེ་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།€ ཅེས་སོགས་བརྗོད་འདུག

ཞྭ་དམར་རིན་པོ་ཆེ་མཆོག་གི་དྲ་ཚིགས་སྟེང་། €œརྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་ང་ཚོས་ཟླ་འདིའི་ཚེས་ ༡༣ ཉིན་རིན་པོ་ཆེ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་བྱེད་ཐུབ་མ་སོང་།€ ཞེས་འཁོད་འདུག

བལ་ཡུལ་གྱི་ཉིན་རེའི་དབྱིན་ཡིག་གསར་འགྱུར་ (English daily) ཞེས་པའི་དྲ་ཚིགས་སྟེང་། བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྱི་གནོན་ཤུགས་འོག་བལ་གཞུང་གིས་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་ཞུ་རྒྱུ་བཀག་འགོག་བྱས་པ་ཞིག་ཡིན་པ་དང་། བལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་བལ་ཡུལ་ནང་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་མི་ཆོག་པ་བཟོས་པ་མ་ཟད། བལ་ཡུལ་ནང་གཏན་སྡོད་བྱེད་མཁན་སྐྱབས་བཅོལ་བོད་མི་ཚོར་དམ་དྲག་རྡུང་རྡེག་གཏོང་གི་ཡོད། ཅེས་སོགས་འཁོད་འདུག

ཀ་ཐ་མན་གྲུའི་ཆ་འཕྲིན་ (Kathmandu Post) ཞེས་པའི་སྟེང་། རྒྱ་གར་རྒྱལ་ས་ལྡི་ལིའི་བལ་ཡུལ་གཞུང་ཚབ་ཀྱིས་ཞྭ་དམར་རིན་པོ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་གྱིས་ཞུགས་འབུལ་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་། ཁ་སང་སླར་ཡང་ཆོག་མཆན་དེ་ཕྱིར་བསྡུ་བྱས་པ་ནི་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་སྒུར་བ་ཡིན་སྐོར་འཁོད་འདུག

འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་གིས་ཁ་སང་བལ་ཡུལ་གཞུང་ལ་རིན་པོ་ཆེ་མཆོག་གི་སྐུ་ཕུང་རྒྱ་གར་ནས་བལ་ཡུལ་ནང་གདན་འདྲེན་ཞུ་ཆོག་པའི་ཆོག་མཆན་སྤྲོད་དགོས་སྐོར་འབོད་སྐུལ་ཞུས་ཡོད་ཀྱང་བལ་ཡུལ་གཞུང་གིས་ངོས་ལེན་བྱས་མི་འདུག

བལ་ཡུལ་ནང་བཞུགས་མཁན་སེ་ནམ་མཁའ་རྡོར་རྗེ་རིན་པོ་ཆེ་མཆོག་གིས། €œརྒྱ་ནག་གཞུང་གིས་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་ཞུ་མཁན་གྲས་སུ་༧གོང་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ཡོད་ཚུལ་བརྗོད་དེ་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་ཞུ་བཅུག་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད། བལ་ཡུལ་གཞུང་གིས་འདས་གྲོངས་སུ་ཕྱིན་པའི་སྐྱེས་བུ་དམ་པ་ཞིག་གི་སྐུ་ཕུང་གདན་འདྲེན་ཞུ་བཅུག་མེད་པ་དེ་ནི་ཐབས་སྡུག་གི་གནས་ཚུལ་ཞིག་རེད། €ཅེས་སྐྱོན་བརྗོད་བྱས་འདུག

ཞྭ་དམར་རིན་པོ་ཆེ་མཆོག་ནི་ ༡༩༥༢ ལོར་ཁམས་སྡེ་དགེ་རུ་འཁྲུངས་ཤིང་། རྒྱལ་བ་ཀརྨ་པ་སྐུ་ཕྲེང་སྔོན་མས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། ཞྭ་དམར་རིན་པོ་ཆེ་མཆོག་རྒྱ་གར་ནང་ཕེབས་རྗེས། རྒྱལ་བ་ཀརྨ་སྐུ་ཕྲེང་སྔོན་མ་དགོངས་པ་མ་རྫོགས་བར་ཁོང་གི་སྐུ་རྗེས་སུ་འབྲང་ནས་བསླབ་པ་སློབ་གཉེར་གནང་། ༡༩༨༡ ལོའི་ཟླ་ ༡༡ པར་རྒྱལ་བ་ཀརྨ་པ་མཆོག་ཨ་རིར་དགོངས་པ་རྫོགས་རྗེས་ཁོང་གི་མཛད་འཕྲིན་ཁག་འཕྲོ་སྐྱོང་གནང་སྟེ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཡོད་པའི་རུམ་བཏེགས་དགོན་པའི་འཛུགས་སྐྲུན་དང་བསྟན་པའི་གསུང་རབ་བསྟན་འགྱུར་རིན་པོ་ཆེ་དཔར་སྐྲུན་སོགས་གནང་ཡོད་འདུག ༢༠༡༤ ལོའི་ཟླ་ ༦ ཚེས་ ༡༡ ཉིན་གྱི་སྔ་དྲོར་ཞྭ་དམར་རིན་པོ་ཆེ་མཆོག་གློ་བུར་དུ་མགུལ་སྙིང་གི་ཁྲག་རྩ་འགག་པའི་སྙུང་གཞིའི་འོག་འཇར་མན་དུ་དགོངས་པ་རྫོགས་ཡོད་པ་དང་། ཚེས་ ༢༢ ཉིན་འཇར་མན་ནས་རྒྱ་གར་ནུབ་བྷང་གྷལ་ཀ་ལོན་སྤུག་ནང་ཡོད་པའི་ཁོང་གི་དགོན་པ་ཌིཝཱཀར་ཞེས་པར་སྐུ་ཕུང་གདན་འདྲེན་ཞུས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཞྭ་དམར་རིན་པོ་ཆེ་མཆོག་གིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པ་ལས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ལ་ཐེ་ཇུས་གནང་མྱོང་མེད་ཀྱང་། བལ་ཡུལ་གཞུང་གིས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་ཁོང་གི་སྐུ་ཕུང་གདན་འདྲེན་ཞུ་བཅུག་མེད་པ་དེ་ནི། འགྲོ་བ་མི་རིགས་དང་དམངས་གཙོའི་རྒྱལ་ཁབ་ཀྱི་མཚན་ཤས་ཤིག་ཡིན་སྐོར་སོགས་ཀྱི་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 4

  1. མི་རྒོད། says:
    ལོ་ 12 སྔོན།

    ངས་ཁོང་ལ་གུས་འདུད་ཞུ། ཡིན་ཡང་རྒྱ་དམར་དང་ འབྲུག་ རྒྱ་གར་སོགས་ཀྱིས་ཆབ་སྲིད་ལག་ཆར་བེད་སྤྱོད་གནང་ནས་ཁོང་གི་མཛད་འཕྲིན་བོད་རིགས་མང་ཚོགས་ནང་སྤེལ་ཐུབ་མེད། དེར་བརྟེན་ཆབ་སྲིད་ལ་ཐབས་མཁས་དང་ བསྟུན་མཁས་གནང་ཡང་མདོ་དོན་ནི་ཁོང་ཚོས་འདི་འདྲ་བྱེད་པ་ལས་རིག། བྱ་བ་འདིས་རྒྱ་དམར་ལ་ཧམ་པ་དང་ གཡོ་རྒྱུ་མི་རབས་ནས་མི་རབས་ཡོད་པ་མཁྱེན་དགོས། གསར་བསྒྱུར་འདི་ཡང་ལམ་གཞན་དུ་དོན་ནས་བདུན་གཅིག་སོང་ཟིན་པ་རེད།།།།།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་མིའི་བོད་པའི་སྐྱིད་སྡུག་གླེང་ན་ཆབ་སྲིད་ཡིན་འདུག་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༈ཞྭ་དམར་རིན་པོ་ཆེ་ཡི་བོད་པའི་སྐྱིད་སྡུག་ལ་སེམས་འཁུར་དང་གླིང་སློངས་བྱེད་མ་མྱོང་ཀྱང་སྐུ་ཕུང་ཁོ་རང་གི་དགོན་པའི་ནང་ཁྱེར་མ་བཅུག་ན་

    Reply
  4. བོད་དགའ། says:
    ལོ་ 12 སྔོན།

    རིན་པོ་ཆེ་མཆོག་གི་སྐུ་ཕུང་མ་དགོན་དུ་གདན་ཞུ་གནང་མ་ཐུབ་པར་སེམས་ཕམ་ཡོད། འདིའི་རྒྱུ་རྐྱེན་གཙོ་བོ་ནི་གོང་དུ་ Laxmi Prasad Dhakal དང་ Surya Silwal གཉིས་ནས་བཤད་པ་ལྟར་རེད་དྲན། དེ་མིན་རྒྱ་ནག་གི་ངན་ཇུས་ཡིན་པ་ཞིག་མི་དྲན། རྒྱུ་མཚན་ནི། རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་ཆོས་ཕྱོགས་ཀྱི་ཕྱག་ལས་མ་གཏོགས་སྲིད་ལ་ཕྱག་འཆང་བ་ཞིག་རྩ་བ་གཉིས་ནས་མཐོང་ཐོས་མ་བྱུང་། བསམ་ཚུལ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese