མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤང་རི་སྣ་རིན་པོ་ཆེའི་སྐུ་གཟུཊ་སྐྱོ་བོ་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་གྱི་ཞོགས་པར་དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་འཇུ་བཟུང་གིས་ལོ་ ༨ དང་ཟླ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་དེ། རིན་པོ་ཆེ་མཆོག་བཙོན་ཁང་དུ་ལོ་ ༦ དང་ཟླ་ ༣ ལྷག་འགྲོ་བཞིན་ཡོད་ཀྱང་། བཙོན་ཁང་དུ་སྡོད་རིང་ཉེས་རྡུང་དང་ཟས་བཀག་སོགས་མི་སྤྱོད་ལས་འདས་པའི་ཉེས་པ་འདྲ་མིན་བཏང་སྟབས། ད་ཆར་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག

སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་འམ་ཕུར་བུ་ཚེ་རིང་མཆོག་ནི། ༡༩༥༧ ལོའི་ཟླ་ ༡ ཚེས་ ༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དཀར་མཛེས་རྫོང་བེ་རི་གསེར་མཁར་ཤང་མཆིག་རིང་གྲོང་གི་ཡབ་ཚེ་དབང་དར་རྒྱས་དང་ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས་བ་དང་། རྗེས་སུ་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་། ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་དང་། སྤང་རི་སྣ་རྒན་གསོ་ཁང་གི་འགན་འཛིན་བཅས་གནང་ཡོད་འདུག

༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་རིན་པོ་ཆེར། བཙུན་དགོན་གཉིས་ཀྱི་བཙུན་མ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བར་ངོ་རྒོལ་བྱས་པ་དང་། ༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡིག་ཆའི་སྟེང་མཚན་རྟགས་མ་བཀོད་པ། ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་སྤང་རི་སྣ་དགོན་པའི་བཙུན་མ་ ༥༤ དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ཁྲོམ་སྐོར་བྱས་པ་སོགས་དང་འབྲེལ་བ་ཡོད་པར་བཤད་དེ་རིན་པོ་ཆེར་རྗེས་འདེད་རྟོག་ཞིབ་བྱས་ཡོད་པ་དང་། བཙུན་ཚོར་ངན་སྐུལ་བྱས་པ་སོགས་སྙད་འདོགས་འདྲ་མིན་བྱས་ཡོད་པར་མ་ཟད། ༢༠༠༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གློ་བུར་སྙུང་གཞི་མཛད་སྐབས། རིན་པོ་ཆེ་དབུ་བཞུགས་ཐོག་དཀར་མཛེས་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཞབས་རིམ་གསོག་སྒྲུབ་བྱས་པ་སོགས་རྒྱལ་ཁབ་ཁ་བྲལ་གྱི་ཉེ་མིང་འོག ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༤།༠༠ ཙམ་ལ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

རྗེས་སུ་ས་གནས་སེར་སྐྱ་མི་མང་གིས་ཟླ་བ་མང་པོའི་རིང་རིན་པོ་ཆེ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་མེད་ཀྱང་། ༢༠༠༩ ལོའི་ཟླ་ ༡༢ ཚེས་ ༢༣ དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ལོ་ ༨ དང་ཟླ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་དེ་མེན་ཡྰང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་སྟབས། ད་ཆར་རིན་པོ་ཆེ་ཁོང་གི་བདག་གཉེར་བྱེད་བཞིན་པའི་སྤང་རི་སྣ་བཙུན་དགོན་ལ་བཙུན་མ་ ༡༠༠ ལྷག་དང་། ཡར་སྟེང་བཙུན་དགོན་ལ་བཙུན་མ་ ༦༠ ལྷག རྒན་གསོ་ཁང་ལ་རྒན་འཁོགས་ ༡༠ ལྷག་བཅས་དང་། ཁོང་གི་གསར་འཛུགས་གནང་བའི་སྨན་ཁང་བཅས་ལ་སྣེ་འཁྲིད་དང་ལམ་སྟོན་གནང་མཁན་མེད་པར་ལྷག་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་ཤར་ཕྱོགས་ཁམས་དཀར་མཛེས་འབྲི་རོགས་ཐུགས་རྗེ་གཟིགས།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་ནས་ཁག་མེད་ཀྱང་ང་ཚོ་འདི་ནས་སི་ཁྲོན་ཞེས་དེ་ཨུ་ཚུག་གིས་སྦྱར་དགོས་པ་ཅི་ཞིག་ཡིན།་སི་ཁྲོན་དཀར་མཛེས་ཟེར་དུས།རྒྱ་མགོ་བོད་བྱར་རེད།

    ི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese