མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་སྤྱི་སྲིད་བློན་ལ་བསྐོས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐེ་ལན་ཌིའི་གྲོས་ཚོགས་འཐུས་མི་ཚོས་འོས་ཤོག་བླུགས་ཏེ་ཐེ་ལན་ཌིའི་དམག་སྤྱི་ཆང་ཨོ་ཅཱ་བར་བརྒལ་སྲིད་གཞུང་གི་སྲིད་བློན་དུ་བསྐོ་བཞག་བྱས་ཡོད་འདུག

ཁ་སང་ཉེན་རྟོག་པ་དང་དམག་དཔོན་ལས་གྲུབ་པའི་ཐེ་ལན་ཌིའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་སྲིད་བློན་འོས་ཤོག་འཕངས་པ་བརྒྱུད། ཐེ་ལན་ཌིའི་དམག་སྤྱི་ཆང་ཨོ་ཅཱ་ (Prayuth Chan-ocha) ལགས་སུ་གྲོས་ཚོགས་འཐུས་མི་ ༡༩༤ ཁྲོད་ནས་འཐུས་མི་ ༡༩༡ གི་འོས་ཤོག་ཐོབ་སྟེ་ཚད་མཐོ་བའི་མང་མོས་ཐོག ཐེ་ལན་ཌིའི་བར་བརྒལ་སྲིད་གཞུང་གི་སྲིད་བློན་ལ་བསྐོ་བཞག་བྱས་ཡོད་འདུག

འདིའི་ཐད་དམག་སྤྱི་ཆང་ཨོ་ཅཱ་ལགས་ཀྱིས། “€œངས་ད་ལྟ་བར་གྲོས་ཚོགས་འཐུས་མི་ཚོས་ང་བར་བརྒལ་སྲིད་གཞུང་གི་སྲིད་བློན་ལ་བསྐོ་བཞག་བྱས་པ་ཤེས་རྟོགས་བྱུང་མེད་ཀྱང་། ངས་སྲིད་བློན་གྱི་འགན་འཁུར་བླངས་རྗེས་རྒྱལ་ཁབ་ནང་བརྟན་ལྷིང་དང་འཕེལ་རྒྱས་གལ་ཆེར་འཛིན་རྒྱུ་ཡིན་པ་དང་། བདུན་ཕྲག་རྗེས་མའི་ནང་བློན་ཆེན་ཁག་བསྐོ་བཞག་བྱས་ཏེ། ༢༠༡༥ ལོའི་ལོ་མཇུག་གི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་མགོ་འཛུགས་མ་བྱས་སྔོན་ལ། རྒྱལ་ནང་གི་ཆབ་སྲིད་ལམ་ལུགས་མང་པོ་ཞིག་ལ་བཅོས་བསྒྱུར་གཏོང་རྒྱུ་ཡིན”€ ཞེས་བརྗོད་འདུག

ད་ལྟ་དམག་སྤྱི་ཆང་ཨོ་ཅཱ་ལགས་ཀྱིས། ཐེ་ལན་ཌི་གཞུང་གི་ལྷན་ཁང་ཁག་གི་བློན་ཆེན་ ༣༥ བསྐོ་བཞག་དང་། རྩ་ཁྲིམས་བསྒྱུར་བཅོས་ལྷན་ཚོགས་ཀྱི་ཚོགས་མི་ (member reform council) ༢༥༠ འོས་འདེམས་སོགས་བྱ་རྒྱུ་ཡིན་འདུག

༢༠༠༡ ནས་ ༢༠༠༦ ལོ་བར་ལྕམ་ཡེན་ལག་ཤི་ནཱ་ཝ་ཌེ་ར་ལགས་ཀྱི་གཅེན་པོ་ཐག་སང་ (Thaksin Shinawatra) གིས་ཐེ་ལན་ཌིའི་སྲིད་བློན་གྱི་ལས་འགན་འཁུར་སྐབས་དབང་ཆ་ལོག་པར་བེད་སྤྱོད་བཏང་བ་དང་། གཞུང་རྒྱུ་ཧམ་ཟ་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ཏེ། ཐེ་ལན་ཌིའི་ཆེས་མཐོའི་ཁྲིམས་ཁང་གིས་ལོ་གཉིས་དུས་བཀག་བཙོན་བཅུག་བྱས་པར་བརྟེན། ཐག་སང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་གཞུང་ལ་ངོ་རྒོལ་རིམ་པ་བྱས་ཏེ། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་གཞུང་མང་བདེ་དོན་ཐོག་དཀའ་ངལ་འཕྲད་སྟབས། དམག་མིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་གཞུང་བཙན་བཟུང་གིས་ལོ་ཤས་རིང་འཛིན་སྐྱོང་བྱས་ཡོད།

༢༠༡༡ ལོའི་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སྲིད་བློན་ཟུར་བ་ཐག་སང་གི་གཅུང་མོ་ཡེན་ལག་ཤི་ནཱ་ཝ་ཌེ་ར་ལགས་སུ་སྲིད་བློན་གྱི་རྒྱལ་ཁ་ཐོབ་ཏེ། ༢༠༡༡ ལོའི་ཟླ་ ༨ ཚེས་ ༥ ཉིན་ལས་དོན་མགོ་འཛུགས་བྱས་ཡོད་ཀྱང་། ༢༠༡༣ ལོའི་ལོ་མཇུག་ཏུ་ཐེ་ལེན་ཌིའི་ཕྱོགས་འགལ་ཚོགས་པའི་སྣེ་ཁྲིད་འོག་མི་མང་འབུམ་གཅིག་ལྷག་གིས་གཞུང་ནང་ལྐོག་ཟ་རུལ་སུངས་དང་། གཞུང་གིས་མང་ཚོགས་ལ་སྲིད་བྱུས་སྤེལ་སྟངས་འགྲིག་གི་མེད་པའི་སྐྱོན་འཛུགས་བྱས་སྟབས། ༢༠༡༤ ལོའི་ཟླ ༥ ཚེས་ ༧ ཉིན་ཐེ་ལན་ཌིའི་ཆེས་མཐོའི་ཁྲིམས་ཁང་གིས་ཁོ་མོས་དབང་ཆ་ལོག་པར་བེད་སྤྱོད་བཏང་སྟེ། ནང་མི་དང་སྲིད་དོན་ཚོགས་པའི་ཁེ་ཕན་ཆེད་གཉེན་ཉེ་ཐཱ་ཝེལ་ (Thawil Pliensri) རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་གཙོར་བསྐོས་པ་མ་ཟད། རྒྱལ་ཁབ་ནང་ཆབ་སྲིད་དཀའ་རྙོག་ཆེན་པོ་བཟོས་པ་བཅས་ཀྱི་ནག་ཉེས་བཀལ་ཏེ་སྲིད་བློན་ནས་དགོངས་པ་ཞུ་རུ་བཅུག་ཡོད་སྟབས། རྒྱལ་ཡོངས་ནང་ཁོ་མོའི་ཕྱོགས་གཏོགས་དང་ཕྱོགས་འགལ་ཚོགས་པའི་བར་ཟིང་ཆ་ལངས་ཏེ་བར་བརྒལ་སྲིད་གཞུང་ལ་དཀའ་ངལ་འཕྲད་པར་བརྟེན། འདི་ལོའི་ཟླ་ ༥ ཚེས་ ༢༢ ཉིན་དམག་སྤྱི་ཆང་ཨོ་ཅཱ་ཡིས་མགོ་ཁྲིད་པའི་དམག་མིས་རྒྱལ་ཡོངས་ནང་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་གནད་ཡོད་མི་སྣ་མང་པོ་འཇུ་བཟུང་བྱས་ཏེ་གཞུང་གི་དབང་ཆ་བཙན་འཛུང་བྱས་ཡོད།

དམག་སྤྱི་ཆང་ཨོ་ཅཱ་ཡིས་དྲག་པོའི་ཁྲིམས་གཞི་བསྡམས་སྐབས། ཐེ་ལན་ཌིའི་ཆབ་སྲིད་པ་དང་ལས་འགུལ་བ་སྙན་གྲགས་ཅན་མི་ ༢༠༠ ལྷག་བཀག་བསྐྱིལ་བྱས་ཡོད་པ་མ་ཟད། སྲིད་བློན་ཟུར་པ་ལྕམ་ཡེན་ལག་ཤི་ནཱ་ཝ་ཌེ་ར་ལགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཞུང་ཞབས་པ་དང་ཉེན་རྟོག་པ་མང་པོ་ཞིག་གཙང་སེལ། ལྷག་པར་དུ་ཟླ་འདིའི་ཚེས་ ༡༨ ཉིན་གྲོས་ཚོགས་ནང་ ༢༠༡༥ ལོའི་སྔོན་རྩིས་འཆར་འགོད་ཀྱི་གྲོས་འཆར་ཞིག་འཁྱེར་ཡོང་སྟེ། མང་མོས་གྲོས་ཆོད་བཞག་པ་བཅས་མི་གཅིག་དབང་འཛིན་རིང་ལུགས་ཀྱི་དར་ཆ་འཕྱར་མགོ་བཙུགས་ཡོད་སྟབས། ཨོ་སི་ཌོ་ལི་ཡ་དང་ཨ་རི། ཡུ་རོབ་མཐུན་ཚོགས་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ད་ལྟའི་ཐེ་ལན་ཌིའི་གཞུང་ལ་ལྟ་སྟངས་འགྱུར་བཞིན་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟའི་ཐེ་ལན་ཌིའི་སྲིད་བློན་གྱིས་མང་ཚོགས་དང་གཞུང་ལ་བག་ཆགས་གང་འདྲ་འཇོག་ མིན་ནི་ཁོ་རང་གིས་རྣམ་དཔྱོད་དང་དབང་ཆ་བེད་སྤྱོད་ཇི་ལྟར་གཏོང་མིན་ལ་རག་ལུས་ཡོད་སྐོར་དང་། ཡང་ཁག་ཅིག་གིས། ཁོའི་དམིགས་ཡུལ་གཙོ་བོ་ནི་ལྕམ་ཡེན་ལག་ཤི་ནཱ་ཝ་ཌེ་ར་ལགས་ཀྱི་སྲིད་དབང་མགོ་རྟིང་སློག་སྟེ་རྒྱལ་པོའི་ལམ་ལུགས་ཀྱི་གཞུང་ཞིག་གསར་འཛུགས་བྱ་རྒྱུ་དེ་ཡིན་སྐོར་བརྗོད་འདུག

དམག་སྤྱི་ཆང་ཨོ་ཅཱ་ (Prayuth Chan-ocha) ནི་ ༡༩༥༤ ལོའི་ཟླ་ ༣ ཚེས་ ༢༡ ཉིན་སྐྱེས་ཤིང་། གཞི་རིམ་ནས་མཐོ་འབྲིང་བར་ཐེ་ལན་ཌིའི་དམག་སློབ་ (Armed Forces Academies Preparatory School) ཞེས་པར་སློབ་གཉེར་དང་། དེའི་རྗེས་རྒྱལ་ཡོངས་བདེ་སྲུང་མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས། ཐེ་ལན་ཌིའི་རྒྱལ་པོའི་སྐོར་སྲུང་དམག་སྤྱི་དང་། ༢༠༡༠ ལོར་ཐེ་ལན་ཌིའི་སྤྱི་ཁྱབ་དམག་སྤྱིར་བསྐོ་བཞག་བྱས་ཡོད་ཅིང་། ༢༠༡༣ ལོར་ལྕམ་ཡེན་ལག་ཤི་ནཱ་ཝ་ཌེ་ར་ (Yingluck Shinawatra) ལགས་སྲིད་བློན་གནང་སྐབས། ཁོ་མོར་ངོ་རྒོལ་བྱེད་མཁན་ཚོར་དོ་དམ་བྱེད་མཁན་གྱི་ལས་འགན་འཁུར་ཡོད་ཀྱང་། སྐབས་དེར་ཁོས་རྒྱལ་ཡོངས་ནང་དམག་མིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ། ༢༠༡༤ ལོའི་ཟླ་ ༥ ཚེས་ ༢༢ ཉིན་གཞུང་གི་དབང་ཆ་ཡོངས་རྫོགས་བཙན་བཟུང་བྱས།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༨ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese