རྒྱ་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་དུ་རྩོམ་ཡིག་སྤེལ་མཁན་བོད་རིགས་བུད་མེད་ཟླ་བ་མཚོ་མོ་ལགས་གློ་བུར་རྫ་སྟོད་དུ་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས། བོད་ནང་གི་དྲ་རྒྱའི་བརྒྱུད་ལམ་དུ་རྩོམ་ཡིག་སྤེལ་མཁན་བུད་མེད་ཟླ་བ་མཚོ་མོ་ལགས་ཀྱིས། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་དང་། རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་གྱི་སྒྲིག་ཁྲིམས་དང་འགལ་བའི་ཐོག་ཟིན་བྲིས་སྤེལ་བའི་ཉེས་མིང་འོག ཡུལ་ཤུལ་རྫ་སྟོད་རྫོང་དུ་འཛིན་བཟུང་བྱས་ཡོད་འདུག
གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། བུད་རིགས་བུད་མེད་ཟླ་བ་མཚོ་མོ་ལགས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྤྱི་རྫ་ས་ཆེན་སྡེ་བ་ནས་ཡིན་འདུག་ལ། ནམ་རྒྱུན་བོད་ནང་གི་དྲ་རྒྱའི་བརྒྱུད་ལམ་སོགས་སུ་རྩོམ་ཡིག་སྤེལ་མཁན་ཞིག་ཡིན་འདུག ཉེ་སྔོན་ཁོ་མོས་རྩོམ་ཡིག་གི་བརྗོད་བྱར་སྒ་སྐྱེ་རྒུ་མདོའི་ས་གནས་བོད་མིའི་གནས་སྟངས་དང་། རྒྱ་ནག་གི་ས་གནས་ལས་བྱེད་ཚོས་བོད་མིའི་བདེ་སྡུག་ལྟ་རྟོག་ཡག་པོ་བྱེད་ཀྱི་མེད་པའི་སྐོར་སོགས་འཁོད་པའི་རྩོམ་ཡིག་ཁག་བརྒྱུད་ལམ་དུ་བཀོད་རྗེས། རྒྱ་གཞུང་ཉེན་རྟོག་པས་ཁོ་མོ་རྫ་སྟོད་རྫོང་དུ་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་ས་གནས་ཉེན་རྟོག་པས་མོ་ཡུལ་ཤུལ་ཁུལ་ཐོག་ཏུ་འཁྲིད་དེ། ད་ཆར་ཁོ་མོའི་གནས་སྟངས་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
གསར་འགོད་པ། དོན་གོ
Â