མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ཏུ་དབྱིན་ཡིག་ཕབ་བསྒྱུར་རམ་ཡིག་བསྒྱུར་བྱེད་སྟངས་རོབ་ཙམ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

(Tibetanization of Roman Script)

བློ་བཟང་བསྟན་པ།

བོད་ཡིག་མ་ཡིན་པའི་དབྱིན་ཡིག་དང་གཞན་ཡིག་རིགས་ཁག་གི་མིང་ཚིག་རྣམས་བོད་ཡིག་ཏུ་ཡིག་བསྒྱུར་རམ་ཕབ་བསྒྱུར་བྱེད་སྐབས། གསར་ཤོག་དང་དཔེ་དེབ་ཁག་མང་པོའི་ནང་འདྲ་མིན་དང་གང་བྱུང་དུ་ཡིག་བསྒྱུར་བྱས་དང་བྱེད་བཞིན་ཡོད་པ་ལྟར། འདིར་དབྱིན་ཡིག་གམ་རོམཱན་ཡིག་གཟུགས་(roman script) གཅིག་མཚུངས་ཀྱི་ཡིག་རིགས་ཁག་རྣམས་བོད་ཡིག་ཏུ་ཡིག་བསྒྱུར་བྱེད་སྐབས། དེ་སྔར་ལེགས་སྦྱར་གྱི་ཡི་གེ་དེ་ཉིད་བོད་ཡིག་ཏུ་ཡིག་བསྒྱུར་རམ་ཕབ་བསྒྱུར་དེ་ཡི་གེ་སྤྱིའི་དབྱངས་གསལ་གང་ཡོད་རྣམས་ཕབ་བསྒྱུར་བྱས་ཡོད་པ་དེ་ཉིད་ཀྱི་དཔེ་སྟོན་དང་མཚུངས། དབྱིན་ཡིག་གི་དབྱངས་གསལ་གཉིས་ཀྱང་ཡིག་བསྒྱུར་རམ་ཕབ་བསྒྱུར་གང་ཐུབ་བམ་གང་འདྲས་བྱས་ནས་གང་འདྲ་ཞིག་ཡོང་མིན་ཐད་དེར་དཔེ་སྟོན་གྱི་མཚོན་ཆེད་ཡིག་བསྒྱུར་ཁག་རྣམས་ལྟ་ཚོད་ཀྱི་ཐོག རྩོམ་འཐུང་འདི་བརྒྱུད་དོན་སྤེལ་བྱས་པ་ཡིན།

དེ་ཡང་ཕབ་བསྒྱུར་དེ་གང་ཐུབ་ཀྱི་ཡིག་བསྒྱུར་(transliteration) བྱས་པ་ལས། སྒྲ་བསྒྱུར་(transcription) ཐོག་བྱས་མེད་ཀྱང་། དབྱིན་ཡིག་གི་མིང་ཚིག་གང་མང་ཞིག་སྒྲ་བསྒྱུར་མི་བྱེད་དཀའ་མེད་ཀྱང་ཡོང་། དེ་དག་ལ་མཁས་དབང་རྣམ་པས་གོ་བསྡུར་ཐོག་གཅིག་མཚུངས་གཏན་འབེབས་ཤིག་ཡོང་ན་གང་མ་ལེགས་སམ། དེ་ཡང་དབྱིན་ཡིག་གི་དབྱངས་ལྔ་དང་གསལ་བྱེད་ཉི་ཤུ་རྩ་དྲུག་དེ་དཔེ་མཚོན་ཙམ་ཡིག་བསྒྱུར་ཐོག་འཇོག་ན།

གོང་གི་གསལ་བྱེད་ཉི་ཤུ་རྩ་དྲུག་ནི་དབྱིན་ཡིག་གི་དབྱངས་ལྔའི་ནང་གསེས་གང་རུང་ཞིག་གིས་ནུས་ཤུགས་ཐོག་སྒྲ་གདངས་སམ་བརྗོད་པ་ཐོན་གྱི་ཡོད་པ་བཞིན། དེར་བོད་ཡིག་ཏུའང་ཡིག་བསྒྱུར་བྱེད་སྐབས་ངེས་པར་དུ་གང་ཐུབ་ཀྱིས་དབྱིན་ཡིག་དེའི་དག་ཆ་དང་མཐུན་པ་འབྲི་དགོས་པ་གལ་ཆེན་དུ་བཟུང་ན་དྲག་ཀྱང་། གོང་གི་གསལ་བྱེད་ཁག་ལ་བོད་ཡིག་གསལ་བྱེད་སུམ་བཅུ་ལས་གང་སྒྲ་མཐུན་པའམ་ཉེ་བ་ཞིག་གིས་དཔེ་སྟོན་མཚོན་པར་བྱས་ཡོད། ཡིན་ཡང་དྲི་བརྟགས་བཀོད་པའི་ཡིག་གྲངས་ལྔ་ལ་བོད་ཡིག་གི་ལོག་ཡིག་གཉིས་ཀྱང་བཀོད་པ་ཐུགས་ཀྱི་ཡོད་ཀྱང་། དེར་དེ་དག་ལ་གསལ་བྱེད་གཞན་གྱི་དཔེ་མཚོན་བྱུང་ན་དགའ་བསུ་ཞུ་ཡི་ཡིན། གཞན་དབྱིན་ཡིག་ཉི་ཤུ་རྩ་གཅིག་རྣམས་བོད་ཡིག་གསལ་བྱེད་ཁག་གང་འཐུས་མཚོན་ནུས་ཀྱི་འདུག

དེ་ཡང་དབྱིན་ཇིའི་ཡིག་འབྲུ་ Ball ཞེས་པར་ “€œབཱལླ”€ ཞེས་ཡིག་བསྒྱུར་བྱས་སྐབས། མིང་གཞི་བ་ཡིག་གི་འོག་ཏུ་ཨ་ཆུང་དེ་དབྱངས་ཡིག་ a དེ་མཚོན་པ་ཡིན། དེ་ནི་སྐད་ཡིག་གང་ཞིག་ཡིན་རུང་ཡིག་འབྲུ་དེ་ཡི་ནང་དབྱངས་གསལ་གཉིས་ལྷན་གཅིག་ཏུ་མེད་པར་བསྒྲུབ་མི་ཐུབ་པ་བཞིན། དབྱིན་ཡིག་ཏུ་དབྱངས་ཡིག་ཨ་གང་ཡོད་པ་དེའི་འོག་ཏུ་ཨ་ཆུང་ཱ གཅིག་ལྷན་སྦྱོར་བྱེད་ན་དབྱངས་གསལ་ཡིག་འབྲུ་ཆ་ཚང་བ་ཡིན་པའང་མཚོན་ནུས། དེ་ཙམ་མ་ཟད་བོད་ཡིག་མ་ཡིན་པའི་ཡིག་འབྲུ་ཡིན་པ་མངོན་གསལ་ཡོང་བའི་དགོས་པ་དང་། དེ་ཡང་ཡིག་བསྒྱུར་ “€œབཱལླ”€ ཞེས་མཐོང་མ་ཐག་ཀློག་པ་པོས་ཡིག་འབྲུ་དེ་ཉིད་བོད་ཡིག་མ་ཡིན་པ་དང་ཡིག་འབྲུ་དེ་ཉིད་ཀློག་སྐབས་བོད་སྐད་ཡིག་གི་སྒྲ་གདངས་དང་མ་འདྲ་བ་ཞིག་ཀློག་དགོས་པའི་དགོས་པ་དང་དོ་སྣང་སླེབས་པ་སོགས་ཀྱི་ཕན་ནུས་ཡོང་བའི་དགོས་པ་དང་གལ་ཆེན་དུ་མཐོང་། དེ་ཡང་དབྱིན་ཇིའི་མིང་ཚིག་མང་ཆེ་བ་ཞིག་བོད་ཡིག་ཏུ་དོན་བསྒྱུར་ཐོག་ད་ལྟའི་ཆར་སྒྲིག་གི་ཡོད་ཀྱང་། གང་ཟག་གི་མིང་དང་། སེམས་ཅན་གྱི་མིང་། ས་ཆའི་མིང་། དེ་དེ་བཞིན་མིང་ཚིག་གང་ཡང་བོད་ཡིག་ཐོག་བསྒྱུར་དཀའ་བ་ཡོད་པ་བཞིན། དེ་དག་ཡིག་བསྒྱུར་བྱེད་ཕྱོགས་ཐོག་འདིར་དཔེར་བརྗོད་ཁག་ཅིག་བཀོད་ཡོད་པ་ནི།

ཞེས་གོང་གི་ཡིག་བསྒྱུར་ཁག་གཅིག་ལ་ཨ་ཆུང་ཱ ཐོག་འཁོད་པ་དེ་ནི་དབྱངས་ཡིག་མཚོན་གྱི་ཡོད་པ་དང་། དེ་མིན་དབྱངས་ཡིག་གཞན་གང་ཡོད་དག་ཡིག་འབྲུ་དེའི་ཐོག་ནས་སྒྲ་གདངས་ཀྱང་རྗོད་ཀྱི་ཡོད་སྟབས། དེར་དབྱིན་ཡིག་ཀློག་སྐབས་གསལ་ཁ་སྟོན་ཐུབ་པ་དང་ལྷན། དབྱིན་ཡིག་གཅིག་མཚུངས་ནུབ་ཕྱོགས་ཀྱི་སྐད་ཡིག་ཁག་མང་པོའི་འབྲི་སྲོལ་ལྟར་ཚིག་འབྲུ་(syllable) གཅིག་གམ་འདུ་མའི་བསྒྲུབས་པའི་ཚེག་ཁྱིམ་གཅིག་ལས་ཡིག་འབྲུ་(word) གཅིག་བསྒྲུབས་པ་རྣམས་ཚེག་མེད་པར་ཚིག་འབྲུ་རྣམས་ཨ་ཆུང་ངམ་དབྱངས་ཡིག་གི་མཚོན་པའི་ཐོག་འབྲི་ན་ཀློག་བདེ་བའམ་བོད་ཡིག་མ་ཡིན་པའི་ཡིག་འབྲུ་ཞིག་ངོ་གསལ་ཡོད་པའི་དགོས་པ་གལ་ཆེན་ཞིག་ཏུ་མཐོང་།

དཔེར་ན། ཇོཧྣ་ཞེས་པ་ལྟར་ཚིག་འབྲུ་གཅིག་ལས་ཚེག་ཁྱིམ་གཅིག་ནང་བསྡུས་པའི་ཡིག་འབྲུ་གཅིག་ཀྱང་མཚོན། ཡང་ཨམཱེརཱིཀཱ་ཚིག་འབྲུ་བཞིའི་ཚེག་ཁྱིམ་གཅིག་ནང་བསྡུས་པའི་ཡིག་འབྲུ་གཅིག་ཡིན་ན་ཚིག་འབྲུ་དེ་དག་གི་བར་དུ་ཚེག་མེད་པར་གོང་གི་དཔེ་ལྟར་འབྲི་ན་ཡིག་འབྲུ་གཅིག་ཡིན་པའི་གོ་བ་ལེན་ཐུབ་པས་ཕན་ཐོག་སོགས་ཡོང་། གལ་ཏེ་དུས་རྒྱུན་བོད་ཡིག་ཏུ་གསལ་ཡོད་པ་ལྟར་ཨ་མེ་རི་ཀ་ཞེས་ཚིག་འབྲུ་རེ་རེ་བར་དུ་ཚེག་བཀོད་ནས་ཀློག་བདེ་ཡང་བྲིས་སྲོལ་དེ་ཉིད་དབྱིན་ཡིག་གི་བྲིས་སྲོལ་ཏེ་ཚིག་འབྲུ་གཅིག་དང་། ཡང་ན་དུ་མ་ལས་གྲུབ་པའི་ཡིག་འབྲུ་དང་མ་མཐུན་པའི་སྐྱོན་ཡོད།

དེ་བཞིན་གལ་ཆེན་ཞིག་ལ་ཡིག་བསྒྱུར་བྱེད་སྐབས་དོ་སྣང་གཙོ་ཆེར་གཅིག་ནི་དཔེར་ན། ཨམེརིཁཱ་ཞེས་པར། ཁའི་འོག་ཏུ་ཨ་ཆུང་བྲིས་ཀྱང་གཞན་དུ་མ་བྲིས་པ་གང་ཡིན་ཞེས་ན། “ཁཱ”ཡི་སྔོན་གྱི་ཚིག་འབྲུ་གསུམ་ལ་ནི་དབྱངས་ཡིག་རང་ཉིད་ཀྱི་གསལ་ཐུབ་ཀྱི་ཡོད་ཀྱང་ཁ་ཡི་འོག་ཏུ་ཨ་ཆུང་དེ་མེད་ན་དབྱངས་མེད་ཀྱི་ཡི་གེ་འགྱུར་ནས་ “€œཨ་མེ་རི་ཁཱ” €ཞེས་མ་ཀློག་པར་ “€œཨ་མེ་རིཁ” ཞེས་བརྗོད་པ་ནོར་བ་སོགས་ཀྱི་དཀའ་ངལ་བསླེབ་ཡོང་བས། དེར་གོང་བཞིན་ཡིག་བསྒྱུར་སོགས་འབྲི་སྲོལ་བྱུང་ན་དབྱངས་ཡིག་དང་ཚིག་འབྲུ་གང་ཡིན་གསལ་ཁ་སྟོན་པའི་དགོས་པའང་མཐོང་།

ཡིན་ཡང་ཡིག་བསྒྱུར་དེ་དག་དབྱངས་གསལ་གང་ཡོད་གང་འཁོད་དེ་རྣམས་ཀྱི་ཡིག་བསྒྱུར་ཡི་གེ་དེའི་སྒྲ་གདངས་དེ་དབྱིན་སྐད་དང་གཅིག་མཚུངས་རང་དུ་ཡིན་དགོས་པའི་ངེས་པ་མེད། གང་ཡིན་ཟེར་ན་དབྱིན་ཡུལ་དང་ཨཪི་དེ་བཞིན་དབྱིན་སྐད་ཤོད་མཁན་ཁག་གིས་ཡིག་གཟུགས་སམ་དག་ཆ་གཅིག་མཚུངས་བྲིས་ཀྱང་སྒྲ་གདངས་མ་འདྲ་བ་ཡོད། དེ་ལྟར་ན་རྩོམ་ཐུང་དེའི་བོད་ཡིག་ཏུ་དབྱིན་ཡིག་དང་འབྲེལ་བའི་གཞན་སྐད་ཡིག་ཁག་གི་རོམཱན་() ཡིག་གཟུགས་གཏོང་མཁན་གྱི་མིང་ཚིག་རྣམས་ཐོག་མར་ཡིག་བསྒྱུར་རམ་ཕབ་བསྒྱུར་གཅིག་མཚུངས་ཡོང་བའི་ཆེད་བསམ་ཆར་ཙམ་ཡིན། དེར་མཁས་དབང་དང་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་མཚར་གཏམ་དང་བསམ་ཚུལ་གང་ཐུབ་འབུལ་ལམ་ཡོང་བ་དང། དེ་མིན་སྐྱོན་བརྗོད་དམ་བཀའ་བཀྱོན་ཡང་དགའ་བསུ་ཞུ།

༢༠༡༤ ཟླ་བ་ ༩ ཚེས་ ༢ སྟེ་བོད་མིའི་དམངས་གཙོའི་ཉིན་མོར་ཇཱརམཱན་གྱི་གྲོང་ཁྱེར་ལཱཨིཔཛིག་སློབ་གྲྭ་ཆེན་མོ་ (University of Leipzig)རུ་བྲིས་པའོ།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 6

  1. ཚེ་དབང་བསོད་ནམས། says:
    ལོ་ 12 སྔོན།

    བློ་བཟང་བསྟན་པ་ལགས་ཀྱིས་དཔྱད་པ་ཡག་པོ་གནང་འདུག སྒང་དུ་མཆན་འདེབས་མཁན་ཚོས་དགོངས་ཚུལ་སྣ་ཚོགས་གསུང་འདུག་མོད་ང་རང་གི་ལྟ་ཚུལ་བྱས་ན་རྩོམ་ཡིག་འདིའི་བསྟན་དོན་དབྱིན་ཡིག་བོད་ཡིག་ཏུ་བསྒྱུར་ཕྱོགས་སྐོར་དེ་ཧ་ཅང་ཡག་པོ་འདུག ང་ཚོར་གཅིག་གྱུར་ཞིག་མེད་ན་བསྒྱུར་སྟངས་འདྲ་མིན་སྣ་ཚོགས་ཡོང་གི་འདུག མཁས་པ་སོ་སོར་བསྒྱུར་སྟངས་མ་འདྲ་བ་དང་། དབུས་དང་ཨ་མདོར་བསྒྱུར་དང་མ་འདྲ་བ། རྒན་པ་གཞོན་པར་བསྒྱུར་སྟངས་མ་འདྲ་བ། སྤྱིར་བཏང་གི་དཔེ་དེབ་རིགས་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་བསྒྱུར་སྟངས་མ་འདྲ་བ་སོགས་ཡོང་གི་འདུག འདི་ཁྱོན་ནས་ཡག་པོ་མི་འདུག་ལ་མཛེས་པོ་ཞིག་ཀྱང་མི་འདུག

    Reply
  2. ཤག་སྒང་པ། says:
    ལོ་ 12 སྔོན།

    ཡག་པོ་གསུངས་ཤིང་བྲིས་འདུག དངོས་གནས་རེད། ད་ལྟ་དུས་བབ་གཙོ་བའི་གསར་འགྱུར་ཁག་ཏུ་དབྱིན་ཧིན་གྱི་སྒྲ་བསྒྱུརད་བྱས་པ་རྣམས་ཧ་ཅང་ཀློག་དཀའ་ཞིང་། ཕལ་ཆེར་དབྱིན་སྐད་ཀྱི་མ་གདན་གྱི་སྒྲ་གདངས་ཙམ་ཡང་མི་སླེབས་པས་གད་མོ་ཤོར་བའི་སྐབས་མང་པོ་ཞིག་མཐོང་སོང་།

    དེས་ན། ང་ཚོ་མཐའ་གཅིག་ཏུ་གཅིག་འགྱུར་དཀའ་ཡང་། རང་ངོམ་རང་ཞེན་སྤངས་ཏེ་སུས་ལེགས་པ་དང་འཚམ་པོ་རྒྱུ་མཚན་ལྡན་པ་གསུང་གི་འདུག་དེ་ལ་ཉན་ནས་འགྲོ་ན་ཁེ་ཕན་ཆེ་ཞིང་གོ་ནོར་མི་འཐེབ་པའི་ཁྱད་པར་ཆེན་པོ་རེད།

    མདོར་ན། ང་ཚོ་རྒྱུ་མཚན་གནས་ལུགས་ལ་བལྟ་དགོས་པ་ལས་རང་ཤེད་ཨུ་ཚུགས་ལ་འགྲོ་མི་ཉེན་ཟེར་བ་དེ་ཡིན།

    Reply
  3. དོན་གྲུབ། says:
    ལོ་ 12 སྔོན།

    བློ་བཟང་བསྟན་པ་ལགས་ཀྱིས་རྩ་བའི་དགོངས་པ་བཞེས་སྟངས་དང་། ཞིབ་བསྡུར་བྱེད་སྟངས་ཧ་ཅང་ཡག་པོ་འདུག་ལ། དབྱིན་ཡིག་བོད་ཡིག་ནང་སྒྲ་བསྒྱུར་བྱེད་སྟངས་ཀྱང་དབྱིན་ཡིག་གི་གསལ་བྱེད་མང་ཆེ་བ་ཞིག་བོད་ཡིག་གི་གསལ་བྱེད་ནང་ནས་ངོས་འཛིན་གནང་སྟངས་ཏག་ཏག་བསྡད་འདུག་བསམ་གྱི་འདུག ལྷག་པར་དུ་དབྱིངས་བཞིའི་འགྲོ་སྟངས་དེ་འགྲིག་གི་འདུག་བསམ་སོང་། ཡིན་ནའང་གསལ་བྱེད་ནང་ནས་དོགས་པ་ཐེ་ཚོམ་མང་པོ་ཞིག་ཡོང་གི་འདུག ལྷག་པར་དུ་བོད་ཆོལ་ཁ་གསུམ་ལ་སྐད་གདངས་མ་འདྲ་བ་ཡོད་པའི་དབང་གིས་དབྱིན་ཡིག་བོད་ཡིག་ནང་སྒྲ་བསྒྱུར་བྱེད་སྟངས་ཐོག་དཀའ་ངལ་ཏོག་ཙམ་ཡོང་གི་རེད་བསམ་གྱི་འདུག

    དབྱིན་ཡིག་ནང་གི་ “B” བོད་ཡིགནང་ “བ” ལ་བསྒྱུར་བ་ཡིན་ན། ཨ་མདོའི་ཕྱོགས་ཀྱི་སྐད་ནང་སྒྲ་རྦད་དེ་མ་འདྲ་བ་ཞིག་འཐོན་ཡོང་གི་རེད།
    “C” དེ་བོད་ཡིག་ནང་གི་ “ཁ” ལ་བསྒྱུར་བ་ཡིན་ན་སྤྱིར་བཏང་འགྲིག་པ་འདྲ་བོ་ཞིག་རེད། ཡིན་ནའང་གཏན་འཁེལ་ཐུབ་པ་ཞིག་མ་རེད། གནས་སྐབས་ལ་ལ་ཞིག་ཏུ་སྒྲ་གདངས་མ་འདྲ་བ་ཡོད་རད། དཔེར་ན། “Cent” ལྟ་བུ་ཞིག་སྒྲ་བསྒྱུར་བྱེད་སྐབས་ “ཁ” སྒྲ་རྩ་བ་ནས་འཐོན་གི་མ་རེད། འདི་ལྟ་བུ་མང་པོ་ཞིག་ཡོད་པ་རེད།
    “W” དེ་བོད་ཡིག་ནང་ “ཌ” ལ་སྒྲ་བསྒྱུར་བྱེད་སྟངས་དེ་ཁྱོན་ནས་ཏག་ཏག་བསྡད་ཡོད་པ་མ་རེད་བསམ་གྱི་འདུག ང་རང་གི་ལྟ་ཚུལ་བྱས་ཏེ་ “W” དེ་བོད་ཡིག་ནང་ “བ” དང་ཡང་ན་ “ཝ” གང་རུང་ལ་ཉེ་བོ་ཡོད་པ་རེད་བསམ་གྱི་འདུག ཨ་མདོའི་སྐད་ནང་”བ” དང་ཐག་ཉེ་བ་ཡོད་ཤས་ཆེ། དེ་བཞིན། དབྱིན་ཡིག་ནང་གི་ “Z” དེ་བོད་ཡིག་ནང་སྒྲ་བསྒྱུར་བྱེད་སྐབས་ “ཤ” ལ་བསྒྱུར་ན་ཁྱོན་ནས་བདེ་བོ་རང་མི་འདུག

    Reply
  4. ཕ་གཞི་བསོད་ནམས། says:
    ལོ་ 12 སྔོན།

    རྩོམ་ཡིག་ཧ་ཅང་ཡག་པོ་བྲིས་གནང་འདུག དབྱིན་ཡིག་བོད་ཡིག་ནང་སྒྲ་བསྒྱུར་བྱེད་སྟངས་ལ་གཅིག་གྱུར་ཞིག་ཡོང་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ཡིན་ནའང་རྒན་ལགས་ཀྱིས་གོང་དུ་བྲིས་པའི་རྩོམ་ཡིག་ནང་གི་གནས་ཚུལ་རེ་ཟུང་ཕྲན་བུ་དོག་མི་བདེ་བ་དེ་འདྲ་འདུག དཔེར་ན། དབྱིན་ཡིག་ནང་གི་ “D” བོད་ཡིག་ནང་གི་ “ད” ལ་བསྒྱུར་བ་ཡིན་ན་སྒྲ་འབྱིན་སྟངས་ཅུང་མ་བདེ་བ་འདུག ལྷག་པར་དུ་རྒྱའི་སྐད་དང་ཉེ་བོ་ཞིག་ཆགས་ཡོང་གི་འདུག རྒྱ་ནག་ཡང་(Canada)སྒྲ་བསྒྱུར་བྱས་ཏེ་ (ཁ་ན་ཏ།) དང་། (ཅ་ན་ཏ།)སོགས་སྒྲ་བསྒྱུར་བྱེད་བཞིན་འདུག སྤྱིར་བཏང་རྒྱ་སྐད་ནང་སྒྲ་བསྒྱུར་བྱེད་སྟངས་དང་འདྲ་བོ་ཡོད་མེད་དེར་ཁྱད་པར་མེད་ནའང་རྒྱ་སྐད་དང་བོད་སྐད་ཀྱི་གདངས་མ་འདྲ་བ་རེད། རྩ་བའི་སྒྲ་འབྱིན་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པའི་དབང་གིས་རྒྱ་ནག་གི་སྐད་དང་ཉེ་བོ་ཆགས་ཡོང་གི་ཡོད་དུས་བོད་སྐད་ཀྱི་སྒྲ་གདངས་ཏག་ཏག་ཅིག་འཐོན་ཐུབ་ཀྱི་མེད་པའི་སྟགས་རེད། ད་དུང་གནས་ཚུལ་གཞན་ཁ་ཤས་རེ་འདུག་ཀྱང་རིམ་བཞིན་ཞུ་རྒྱུ་ཡིན།

    Reply
  5. མི་ཆུང་། says:
    ལོ་ 12 སྔོན།

    འ་ཆུང་འདོགས་སྲོལ་འདི་ལྟ་བུ་ནི། ལེགས་སྦྱར་ཡི་གེ་བོད་ཡིག་སྔགས་ཡིག་ཏུ་འབྲི་སྲོལ་ཙམ་ལས། དབྱིན་ཡིག་བོད་ཡིག་ཏུ་བསྒྱུར་བ་དང་། ལྷག་དོན་ལུང་པའི་མིང་སོགས་བསྒྱུར་བར། དེ་འདྲའི་དཀའ་ཚེགས་དགོས་པ་མེད།
    ལར་ནས་ཁྱོད་ཀྱི་དཔེ་མཚོན། Peter ཞེས་པར། པིཏྲཱར། འ་འདོགས་ཅན་དགོས་པ་དང་། Paris ཞེས་པར། པེརིས། ཞེས་འ་འདོགས་ཅན་མི་དགོས་དོན་ཅི་ལགས། འདི་གཉིས་ལ་ཁྱད་པར་ཅི་ཞིག་འདུག་སོམས་དང་།
    གོང་གི་མིང་ཚིག་དེ་གཉིས། པི་ཏྲར། པེ་རིསེ། ཞེས་སྒྲ་གཟུགས་ཕབ་ན་སྐྱོན་ཅི་ཞིག་འདུག དེང་རང་རེའི་ཁོར་ཡུག་ནང་འགའ་ཞིག་གཡམ་ལ་རྒྱུགས་པ་དང་། ཁ་ཅིག་གསར་གཏོད་དུ་རློམ་པ། ལ་ལ་ཕ་སྐད་ཀྱི་གཞི་རྐང་དམན་པས། ལྟ་ཚུལ་འདི་རིགས་རྒྱུན་མར་ཡོང་གི་ཡོད།
    གང་ལྟར་ཁྱོད་ཀྱི་མཐོང་ཚུལ་ལམ་ནུབ་ཕྱོགས་པའི་རིགས་ཀྱི་བསམ་ཚུལ་བཀོད་པར་དགའ་བསུ་ཡོད།

    Reply
  6. གངས་ཀྱི་བུ་ཕྲུག says:
    ལོ་ 12 སྔོན།

    སྐུ་ཞབས་ཁྱོད་ཀྱིས་བོད་ཡིག་ལ་སྒྲ་བསྒྱུར་བྱེད་ཀྱི་ཡོད་དམ། ཡི་གེ་གཞན་ཞིག་ལ་སྒྲ་བསྒྱུར་བྱེད་ཀྱི་ཡོད། བོད་ཡིག་ལ་ཡི་གེ་༼རོམཱན༽འདི་ལྟ་བུའི་བཀླགས་སྲོལ་ཡོད་པ་མ་རེད། རྩ་བར། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། དེ་ལ་དབྱངས་ཀྱི་ཨི་སྦྱར་ཡང་།། གང་དུ་འཇུག་མིན་བཀླག་པའང་མེད།། ཅེས་གསུངས་ཡོད་པ་རེད། འདིའི་དོན་ནི་ཁྱོད་ཀྱིས་བྲིས་ཡོད་པའི་སྒྲ་བསྒྱུར་འདི་དག་བོད་ཡིག་མ་རེད་ཅེས་པའི་དོན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese