མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་རང་ཉིད་ཀྱི་གཟི་བརྗིད་སྲུང་འཛིན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་ཐོག བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་ཀྱི་བུད་མེད་ཚོས་བསམ་བློ་རྒྱ་ཆེ་ས་ནས་གཏོང་རྒྱུ་གལ་ཆེན་ཡིན་ལ། དེ་ཡང་དང་པོ་རང་གི་ཁྱིམ་ཚང་ནས་མགོ་བརྩམས་དགོས་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ ༧།༣༠ ཙམ་ལ་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱུང་སྟེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱིར་ཟུར་ངག་དབང་ལྷ་མོ་ལགས། དེ་བཞིན་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་རྒྱུན་ལས་གཙོས་དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། ཐང་སྟོང་གླུ་གར་ཚོགས་པ། མི་མང་བཅས་ཁྱོན་མི་གྲངས་ ༡༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། བོད་ཀྱི་བུད་མེད་ཚོས་བསམ་བློ་རྒྱ་ཆེ་ས་ནས་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། བསམ་བློ་རྒྱ་ཆེན་པོ་དེ་སོ་སོའི་ཁྱིམ་ཚང་ནས་མགོ་བརྩམས་ཏེ་སྤྱི་ཚོགས་དང་རྒྱལ་ཁབ་ལ་ཁྱབ་ཐབས་དགོས་པ་གལ་ཆེན་ཡིན་ལ། རྒྱུན་དུ་ཡ་རབས་སྤྱོད་བཟང་སོགས་བསམ་སྤྱོད་གཉིས་ཐོག་ནས་བུད་མེད་རང་གི་གཟི་བརྗིད་དང་སྤོབས་པ་སྲུང་འཛིན་བྱེད་ཐུབ་པ་ཡིན་ན། བོད་རྒྱལ་ཁབ་ལ་ཞབས་འདེགས་ཆེན་པོ་ཞུས་པ་ཡིན་ལ། རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་བུད་མེད་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ལྟར། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་བཤད་ནའང་ནུས་པ་འདོན་མཁན་མང་ཆེ་བ་ཁྱིམ་གྱི་ཨ་མ་ལགས་ཚོ་ཡིན་ལ། བོད་ཀྱི་རིག་གཞུང་གི་རྩ་བ་ནང་ཆོས་ཡིན་པས་ནང་ཆོས་ཤེས་པའི་ཐོག་ནས་ཉམས་ལེན་ཡག་པོ་བྱེད་ཐུབ་པ་ཡིན་ན་ངེས་པར་དུ་གྲྭ་བ་ཨ་ནེ་བྱེད་དགོས་དོན་མེད་ལ། རྟོགས་པ་མཐོན་པོ་ཡིན་མདོག་མདོག་ཡང་བྱེད་མི་དགོས་པར་མི་ཡ་རབས་ཤིག་བྱས་པ་དེས་འགྲིག་གི་ཡོད་སྐོར་དང་། ཡང་ཁོང་མོས་མི་རིགས་ཤིག་གི་ཁྱད་རྟགས་གཙོ་བོ་སྐད་ཡིག་ཡིན་སྟབས། བོད་ཀྱི་བུད་མེད་ཚོས་ངེས་པར་དུ་བོད་ཡིག་ལ་དོ་སྣང་བྱས་པའི་ཞོར་དུ། དེང་སང་བོད་པའི་སྤྱི་ཚོགས་ཁྲོད་བོད་སྐད་ནང་དབྱིན་སྐད་དང་རྒྱ་གར་སྐད་སོགས་བསྲེས་ཀྱི་ཡོད་པ་དེ་ཚོ་ཁྱོན་ནས་ཡག་པོ་མེད་པ་མ་ཟད། འདི་ལྟར་སོང་ན་མ་འོངས་པར་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་སྐད་ཡིག་གཙང་མ་འདི་བརླག་པའི་ཉེན་ཁ་ཡོད་པས། དེའི་ཐད་ངེས་པར་དུ་དོ་སྣང་བྱེད་དགོས་སྐོར་སོགས་གསུངས་སོང་།

ཡང་སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ཡིག་ཐོག་ནས་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་གནང་དོན། གཅིག བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་བཟུང་པའི་སྲིད་ཇུས་དབུ་མའི་ལམ་གཞིར་བཞག་ཐོག བོད་རྒྱ་ཞི་མོལ་ཡོང་སླད། རྒྱལ་སྤྱིའི་དྲང་བདེན་ལ་མོས་པའི་གཞུང་སྒེར་གཉིས་ཐད་ནས་རྒྱ་གཞུང་གི་མཁྲེགས་འཛིན་དང་ལོག་འགྲེལ་ལ་བདེན་པའི་གསལ་འདེབས་ཐོག གྲོལ་མོལ་འགོ་གཙུགས་དགོས་པའི་གནོན་ཤུགས་སྤྲོད་གནང་ཡོད་པ་ཞུ་རྒྱུ་དང་། གཉིས། མི་ལོ་ ༦༠ རིང་བོད་ནང་གི་དཀའ་སྡུག་གནས་སྟངས་སྤྱི་དང་། ཡང་སྒོས་དེང་སྐབས་རྒྱ་གཞུང་གིས་བོད་ནང་ཞི་དྲག་གཉིས་ཐོག་ནས་བོད་ནང་རིགས་རྒྱུད་རྩ་མེད་རིང་ལུགས་ཀྱི་སྲིད་བྱུས་སྒོ་ཀུན་ནས་སྤེལ་བཞིན་ཡོད་ན། རྒྱལ་ཚོགས་ངོས་ནས་གང་མགྱོགས་བྱང་ཆིངས་མནའ་འབྲེལ་སྒྲིག་འཛུགས་བོད་ནང་ཛ་དྲག་ཐོག་གཏོང་གནང་ཡོང་པ་འབོད་བསྐུལ་ཞུ་རྒྱུ། གསུམ། བོད་ནང་ཞི་བའི་ངོ་རྒོལ་བྱེད་ཀྱིན་པར་རྒྱ་གཞུང་གིས་ཁ་བྲལ་འཇིགས་སྐུལ་བའི་ཉེས་མིང་འོག་མནར་གཅོད་དྲག་པོ་གཏོང་བཞིན་པ་དང་། ལྷག་པར་རྒྱལ་སྤྱི་ཧྲིལ་པོའི་སྟེང་ཆེ་མཐོང་དང་བརྩི་བཀུར་ཡོད་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ཆེན་པོ་མཆོག་ལ་མ་ཉེས་ཁ་གཡོག་དང་མཚན་སྨད་ཞུ་བ་དང་། དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་འཇིགས་བསྐུལ་བ་ཡིན་ལུགས་བརྗོད་པ་བཅས་ནི། བོད་མི་རིགས་ལ་མཐོང་ཆུང་དང་དྲང་བདེན་གྱི་འཐབ་རྩོད་ལ་ལོག་འགྲེལ་རྒྱབ་པ་ཞིག་ཡིན་དུས་དེའི་མཇུག་འབྲས་རྒྱ་གཞུང་གིས་ཁུར་དགོས་ཡོད། ཅེས་དང་།

ཡང་བསྒྲགས་གཏམ་ནང་མུ་མཐུད་དུ། བཞི། བོད་ནང་གི་ཞི་བའི་ངོ་རྒོལ་སྤྱི་དང་། ཁྱད་པར་དུ་རྒྱ་གཞུང་གི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་སྲིད་བྱུས་ཀྱི་འོག་འཚོ་གནས་མ་ཐུབ་པར་རང་ལུས་མེར་བསྲེགས་གནང་གི་ཡོད་པ་དེར། རྒྱ་གཞུང་གི་སྤྱི་འབངས་ངོས་ནས་དོན་དངོས་གསལ་རྟོགས་མ་ཐུབ་པའམ། ཡང་ན་གཞུང་ཕྱོགས་ལོག་འགྲེལ་གྱི་རྐྱེན་བྱས་པ། གང་ལྟར་དེའི་ཐད་དགོས་ངེས་ཀྱི་སེམས་ཚོར་དང་གདུང་སེམས་མཉམ་སྐྱེད་མེད་པ་ནི། ང་ཚོ་འགྲོ་བ་མིའི་རིགས་སྤྱི་ལ་གོད་ཆག་ཆེན་པོ་ཞིག་འབྱུང་ཉེ་བའི་སྣ་འདྲེན་ཡིན་ན། རྒྱལ་སྤྱིའི་གཞུང་མང་ཡོངས་ནས་ཅིས་ཀྱང་དོ་ཁུར་བྱེད་པའི་དུས་ལ་རན་པ་ཡིན་ཞུ་རྒྱུ། ལྔ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གཙོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དང་། ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་ཛོགས་གློད་གྲོལ་དགོས་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་ཞུ་རྒྱུ། དྲུག སྡེ་དགེ་འདན་པའི་སྡེ་དཔོན་རྒན་གཞོན་གཙོས་འཇུ་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པའི་ཐོག་འཕྲལ་དུ་ཀློད་གྲོལ་དགོས། ཞེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    དེ་འདྲ་ཡིན་ན་འཛམ་གླིང་ནང་མིའི་ནུས་ཤུགས་གཙོ་བོ་ཡིན་པར་བོད་པའི་བུད་མེད་ཚོའི་བུ་ཕྲུག་གང་གང་སྐྱེ་སྐྱོང་བྱེད་རྒྱུ་ཐོག་ཧུར་བརྩོན་བྱེད་དགོས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese