མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉི་ཧོང་དང་རྒྱ་ནག ལྷོ་ཀོ་རི་ཡ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་མཉམ་དུ་འཛོམས་ཏེ། མ་འོངས་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་ཡར་རྒྱས་དང་མགོ་ཁྲིད་བར་གྱི་འབྲེལ་མོལ་སོགས་ཀྱི་ཐོག་གྲོས་བསྡུར་གནང་གི་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཉི་ཧོང་གི་ཕྱི་འབྲེལ་བློན་ཆེན་སོ་གྷེ་ཡ་མྰ་ཇེན་ཧྥི་ (Sugiyama JinFu) ལཊ་དང་། རྒྱ་ནག་ཕྱི་འབྲེལ་ཚན་པའི་བློན་ཆེན་གཞོན་པ་ལེའུ་ཀྲིན་མེན་ (LiuZhenmin)། ལྷོ་ཀོ་རི་ཡའི་ཕྱི་འབྲེལ་བློན་ཆེན་(Li jing Xiu) བཅས་ཀོ་རི་ཡའི་རྒྱལ་ས་སེ་འོལ་ (Seoul) རུ་འདུ་འཛོམས་ཏེ། མ་འོངས་པར་རྒྱལ་ཁབ་གསུམ་བར་གྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་ཐབས་དང་། ཆེས་མཐོའི་དབུ་ཁྲིད་བར་གྱི་ཐུག་འཕྲད་བཅས་གནད་དོན་ཁག་གི་ཐོག་གྲོས་བསྡུར་གནང་གི་ཡོད་འདུག

ཉི་ཧོང་དང་རྒྱ་ནག ཀོ་རི་ཡ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་བར་གྱི་ཚོགས་འདུ་དེ། ཟླ་ ༡༠ རེའི་མཚམས་སུ་ཚོགས་ཀྱི་ཡོད་འདུག་ལ། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་ཚོས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་དང་རིག་གནས། མི་དང་མིའི་བར་གྱི་འབྲེལ་ལམ་སོགས་ཀྱི་ཐོག་མཉམ་འབྲེལ་གྱི་ཐབས་ཇུས་འདོན་རྒྱུ་དང་། རྒྱལ་ཁབ་གསུམ་གྱི་ཆེས་མཐོའི་དབུ་ཁྲིད་མཇལ་འཕྲད་སོགས་གནད་དོན་ཁག་གི་ཐོག་གྲོས་བསྡུར་བྱེད་ཀྱི་ཡོད་པ་མ་ཟད། མ་འོངས་པར་རྒྱལ་ཁབ་གསུམ་བར་ཁོར་ཡུག་དང་དྲ་རྒྱའི་བདེ་འཇགས་ཐོག་མཉམ་འབྲེལ་བྱ་རྒྱུའི་གྲོས་བསྡུར་གནང་གི་ཡོད་འདུག

ཐེངས་འདིའི་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་མ་ཐུག་ཡར་སྔོན་གྱི་ཉིན་གཉིས་སྔོན་སྟེ། ཟླ་འདིའི་ཚེས་ ༩ ཉིན་ཉི་ཧོང་གི་དཔལ་འབྱོར་བློན་ཆེན་ཨེ་མེལ་རེ་ (Amari) དང་། རིག་གནས་ཚན་རིག་བློན་ཆེན་བྷོ་ཝུན་ཝེ་ལེ་ཇི་ (Bowen Village) གཉིས་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་དུ་གཟིགས་སྐོར་གནང་གི་ཡོད་པ་མ་ཟད། ཚེས་ ༡༠ ཉིན་ཁོང་གཉིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་དབུ་ཁྲིད་གསར་བའི་ལོ་འཁོར་ཚོགས་ཆེན་ཐོག་མཉམ་ཞུགས་གནང་སྟེ། ཉི་ཧོང་དཔལ་འབྱོར་བློན་ཆེན་གྱིས་ཉི་ཧོང་གི་དཔལ་འབྱོར་དང་ནོར་སྲིད་བཅས་སྲིད་ཇུས་ཀྱི་སྐོར་ནས་གཏམ་བཤད་གནང་ཡོད་འདུག

ཉེ་བའི་དུས་ནས་བཟུང་ཉི་ཧོང་གཞུང་གིས། རྒྱ་ནག་དང་ལྷོ་ཀོ་རི་ཡའི་དེ་སྔོན་གྱི་འབྲེལ་བར་བསྒྱུར་བཅོས་དང་། འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུ་ཧུར་བརྩོན་གནང་གི་ཡོད་འདུག ཟླ་འདིའི་ཚེས་ ༡༠ ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཉི་ཧོང་བློན་ཆེན་ལྷན་ཚོགས་ཀྱི་འགན་འཛིན་ཁེན་ཡེ་ཝེ་ (Kan Yi Wei) ཡིས། འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་དང་ཨང་གསུམ་པ་ཡིན་པའི་རྒྱལ་ཁབ་ཁག་གི་ཚོགས་འདུ་ཚོགས་པར། ངེས་པར་དུ་ཕན་ཚུན་བར་འོས་ཤིང་འཚམ་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་ཀྱང་དེའི་ཕྱོགས་ལ་བརྡ་ལན་ཞིག་སྤྲོད་དགོས་པའི་རེ་སྐུལ་གནང་ཡོད་འདུག

ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཐད་ཁོ་ཊོ་ཞེས་པའི་གསར་ཁང་ (Kyodo News) གིས་གསར་འགྱུར་ཞིག་སྤེལ་ཏེ། ཉེ་བའི་ཆར་ཉི་ཧོང་གི་ཆེས་མཐོའི་མགོ་ཁྲིད་ཚོས། རྒྱ་ནག་གཞུང་ཕྱོགས་ནས་ཉི་ཧོང་གི་སྲིད་བློན་ཨ་པེ་ (Abe) རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་ཚོགས་འདུར་ཡོང་རྒྱུའི་རེ་བ་བྱེད་ཀྱིན་པ་ཤེས་ཡོད་པ་མ་ཟད། ཟླ་འདིའི་ཟླ་མཇུག་ཏུ་ཚོགས་འཆར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས། ཉི་ཧོང་གི་ཕྱི་འབྲེལ་བློན་ཆེན་ (Shore Tianwen Xiong) དང་། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་གཉིས་ཨ་རིའི་ནེའུ་ཡོག་ཏུ་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཐོག་གྲོལ་མོལ་དང་། ཆེས་མཐོའི་མགོ་ཁྲིད་ཐུག་འཕྲད་སྐོར་ལ་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་པ་ཤེས་ཡོད་སྐོར་བཀོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས། ཉི་ཧོང་དང་རྒྱ་ནག་གི་བར་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱ་དགོས་ཚེ། ཉི་ཧོང་གི་སྲིད་འཛིན་ཨ་པེ་ཡིས་ཡིད་ཆེས་ཡོད་པའི་རྒྱལ་ཁབ་བདེ་འཇགས་དོ་དོམ་ལྷན་ཁང་གི་མགོ་གཙོ་ཤོ་ཊ་རོ་ཡ་ཆེ་ (Shotaro Yachi) དང་། རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱི་ཨུ་ཡོན་ཡྰང་ཅེ་ཁྲིའི་བར་བྱེད་དགོས་ཀྱི་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། ད་ལྟའི་རྒྱ་ནག་གི་བརྡ་ལན་སོགས་ཕྱོགས་ཡོངས་ལ་བལྟས་ཚེ། རྒྱ་ནག་ཕྱོཊ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐོག་སྔར་ལྷག་འབད་བརྩོན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese