མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་འགན་འཛིན་གསར་པ་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གྲོས་ཚོགས་ནང་ད་ལྟའི་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ལྡན་པའི་སྡེ་ཚན་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལ་བསྐོ་བཞག་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡། ༤༥ སྟེང་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་གསུམ་པར། འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་འོས་བསྡུ་ལྷན་ཁང་གི་འོས་བསྡུའི་འགན་འཛིན་བསྐོ་བཞག་ཆེད། ད་ལྟའི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་རྣམ་གཉིས་འོས་མིར་མཚན་འདོན་གནང་རྗེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་འོས་མི་གཉིས་ཀྱི་མི་ཚེ་ལོ་རྒྱུས་མདོར་བསྡུས་རེ་གྲོས་ཚོགས་ནང་སྙན་སྒྲོན་དང་འབྲེལ། གྲོས་ཚོགས་ནང་ཡོད་པའི་སྤྱི་འཐུས་ ༣༩ ཡིས་གསང་བའི་འོས་བསྡུ་གནང་སྟེ། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ལ་འོས་གྲངས་ ༢༠ དང་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་སུ་འོས་གྲངས་ ༡༦ བཅས་ཐོབ་སྟེ། ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་སོང་།

ཐེངས་འདིའི་གསང་བའི་འོས་བསྡུ་ཁྲོད་འོས་ཤོག་སྟོང་པ་གཅིག་དང་འོས་ཤོག་སྟེང་ཀླད་ཀོར་བྲིས་པ་གཉིས་བཅས་འོས་ཤོག་གསུམ་རྩིས་མེད་བཏང་ཡོད་འདུག

ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ནི། ༡༩༥༨ ལོའི་ཟླ་༧ ཚེས་ ༦ ཉིན་དབུས་གཙང་ས་ཁུལ་དུ་སྐྱེས་ཏེ་བཙན་བྱོལ་ནང་འབྱོར་ཏེ་རྡོར་གླིང་གཏན་སློབ་ནང་སློབ་གྲྭ་ཐོན་ཡོད་པ་དང་། ༡༩༧༩ ལོར་ཅན་དྷི་གྷར་མཐོ་སློབ་དུ་དབྱིན་ཡིག་དང་རྒྱལ་རབས། དཔལ་འབྱོར་བཅས་ཀྱི་ཐོག་སློབ་མཐར་ཕྱིན་རྗེས། ༡༩༨༠ ནས་ ༡༩༨༡ ལོའི་བར་རྡོར་གླིང་ཁུལ་གྱི་ས་གནས་གཞོན་ནུའི་ཚོགས་གཞོན་དང་རྒྱུན་ལས། དགེ་རྒན་དང་དེ་བཞིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་དང་བླངས་ཞབས་ཞུ་ཞུས་ཡོད་པ་དང་། ༡༩༨༢ ལོར་བོད་གཞུང་གི་སྲི་ཞུ་བའི་དྲུང་གཞོན་གནས་རིམ་ཐོག་བསྐོ་བཞག་གནང་ནས་བཟུང་བཞུགས་སྒར་དྷ་ས་བདེ་དོན་དང་བདེ་སྲུང་ཡན་ལག་གཅིག་ལྕོགས་དང་། ལྡི་ལི་བདེ་དོན་དང་ལྡི་ལིར་བོད་གནས་བསྐྱར་ཞིབ་ཁང་གི་རྩིས་པ་ཕྱག་ལས་བཅས་གནང་ཡོད་ཅིང་། ༡༩༨༩ ལོར་རྒན་དྲུང་གནས་རིམ་གནས་སྤོར་དང་སྦྲགས། རྡེ་ར་རྡུན་དོན་འགྲུབ་གླིང་ཉེ་འཁྲིས་སུ་གཞིས་ཆགས་གསར་འཛུགས་ཀྱི་ལས་དོན་དང་འབྲེལ། འབྲུག་ནས་འབྱོར་མཁན་བོད་མི་ཚོའི་ས་གནས་མགོ་འཛིན་གནང་མྱོང་ཡོད་ལ།  ༡༩༩༣ ནས་ ༢༠༡༠ ལོར་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་ལས་རོགས་དང་དྲུང་གཞོན། ཟུང་དྲུང་། དྲུང་འཕར་ལ་སོགས་ཀྱི་གནས་རིམ་བསྐོ་བཞག་དང་སྦྲགས། དྷ་ས་ས་གནས་མགོ་འཛིན་དང་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་བཅས་སོགས་ཀྱི་ཕྱག་ལས་གང་མང་གནང་རྗེས། ༢༠༡༢ ལོའི་ཟླ་ ༢ ཚེས་ ༦ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་ནས་བཟུང་ད་ལྟའི་བར་ཕྱག་ལས་གནང་དང་གནང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese