མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ཕེབས་ལམ་གྱི་འབོད་སྒྲ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་འབྱོར་ཏེ་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་ལྷན་དུ་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་དང་ས་མཚམས་སྐོར་བཅས་ལ་གྲོས་མོལ་གནང་ཡོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཐོག་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་རྒྱལ་ས་ཨ་མེ་ཌ་བྷ་ཌ་ (Ahmedabad)གནམ་ཐང་དུ་འབྱོར་ཡོད་ཅིང་། སྐབས་དེར་གྷུ་ཅུ་ར་ཌེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨ་ནན་ཌི་བྷན་ (Anandiben Patel)གཙོས་མཐོ་རིམ་དཔོན་རིགས་ཁག་གིས་ཕེབས་བསུ་བྱས་ཡོད་འདུག

སྲིད་འཛིན་ཞི་ཡི་བཞུགས་ཡུལ་མགྲོན་ཁང་ (Hyatt) ཞེས་པ་རུ། རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཡིས་ཕེབས་བསུ་བྱས་ཡོད་ཅིང་། སྐབས་དེར་གྲོང་ཁྱེར་གཞུང་ལམ་གཡས་གཡོན་དུ་ཉེན་རྟོག་པ་ ༥༠༠༠ ཙམ་འགྲེམ་འཇོག་བྱས་ཡོད་པ་དང་། ཁ་སང་ས་གནས་དེ་གའི་བོད་པའི་སློབ་ཕྲུག་ཚོ་སྡོད་ཡུལ་དུ་རྒྱ་གར་ཉེན་རྟོག་པ་ཡོངས་ཏེ་བོད་པའི་སློབ་ཕྲུག་ ༨༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཞི་ཅིན་ཕིན་གྱིས་རྒྱ་གར་ཧིན་རྡུ་ཚགས་ཤོག་ནང་བརྗོད་པར། “རྒྱ་ནག་དང་རྒྱ་གར་ནི་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཆགས་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛམ་གླིང་ཐོག་གི་མཐུན་གྲོགས་རྒྱལ་ཁབ་ཆེ་ཤོས་སུ་འགྱུར་བ་བྱ་རྒྱུ་ཡིན།” €ཞེས་དང་། རྒྱ་གར་སྲིད་བློན་མུ་དྷེ་ཡིས། “རྒྱ་ནག་དང་རྒྱ་གར་ནི་ལུས་གཉིས་ལ་སེམས་གཅིག་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། རྒྱལ་ཁབ་གཉིས་བར་ཁྱད་གཞི་ཁྱད་ཆོས་མི་འདྲ་བ་ཡོད་ཀྱང་། རྒྱ་ནག་གི་འབྲུག་དང་རྒྱ་གར་གྱི་སྟག་ཟུང་འབྲེལ་ཐོག་ཞི་བདེ་དང་འདྲ་མཉམ། དྲང་བདེན་ལ་མོས་གུས་བྱ་རྒྱུ་ཡིན།”€ ཞེས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་འབྱོར་བཞིན་ཡོད་པ་དང་བསྟུན་ཏེ། ལྡི་ལི་ཁུལ་གྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བོད་མི་ཚོས་ངོ་རྒོལ་ལས་འགུལ་ཞིག་སྤེལ་འཆར་ཡོད་ཀྱང་། དེ་རིང་ཞོགས་པར་བསམ་ཡས་གླིང་ནས་ཐོན་སྐབས། རྒྱ་གར་ཉེན་རྟོག་པ་འབོར་ཆེན་འབྱོར་ཏེ་རྒྱབ་ལོགས་ཀྱི་ཟམ་པའི་འོག་ནས་བཀག་ཡོད་འདུག ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁོར་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་། དེ་བཞིན། རྒྱ་ནག་གི་སྲིད་འཛིན་ཕེབས་ཡུལ་གྱི་གཞུང་ལམ་ཁག་ཏུ་རྒྱ་གར་སྐོར་སྲུང་བ་འབོར་ཆེན་གྱིས་བརྟན་སྲུང་བྱས་ཡོད་འདུག

ཉེན་རྟོག་པས་བཀག་འགོག་བྱས་མིན་ལ་མ་ལྟོས་པར་བོད་མི་ཚོས་ས་གནས་དེ་རང་དུ་བོད་པའི་རྒྱལ་དར་དང་འབོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་འཕྱར་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང་། གཞན། བོད་པའི་སློབ་ཕྲུག་སྐོར་ཞིག་གིས་རྒྱ་ནག་གཞུང་ཚབ་ཉེ་འཁོར་དུ་ངོ་རྒོལ་སྐད་འབོད་བྱས་སྐབས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག སྐབས་དེར་རྒྱ་གར་གྱི་གསར་འགོད་པ་མང་པོ་འབྱོར་ཏེ་བོད་མི་ཚོས་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ཁྱབ་སྤེལ་ཆེན་པོ་བྱས་ཡོད་འདུག

ཕྱི་དྲོའི་ཆུ་ཚོད་ ༥ ཡོལ་ཙམ་ལ་གྷན་དྷི་སཱ་བྷར་མཱ་ཌི་(Sabarmati Ashram)ཞེས་པར་ཕེབས་ཏེ། རྒྱ་ནག་གིས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༥ ཡི་མ་རྩ་བཙུགས་ཏེ། རྒྱ་གར་གྲོང་ཁྱེར་པུ་ནེ་དང་ཨ་མེ་ཌ་བྷ་ཌ་ནང་ཁེ་ལས་གསར་འཛུགས་དང་། རྒྱ་ནག་གིས་པ་ཀི་སི་ཐན་ལ་དམག་དོན་རོགས་རམ་བྱེད་བཞིན་ཡོད་པའི་སྐོར། རྒྱ་གར་སྲིད་འཛིན་ཝེ་ཋི་ནམ་ལ་གཟིགས་སྐོར་གནང་བའི་གནད་དོན། ས་མཚམས་རྩོད་རྙོག་དང་བོད་དོན་བཅས་ཀྱི་སྐོར་ལ་གྲོས་མོལ་གནང་རྒྱུ་ཡིན་འདུག

རྒྱ་གར་ཕྱི་སྲིད་ལྷན་ཁང་མགྲིན་ཚབ་པ་ཨག་རུ་ཌིན་ (Syed Akbaruddin) གྱིས་ (IBN Live) བརྒྱུད་བརྗོད་པར། “ད་རེབ་རྒྱ་གར་སྲིད་བློན་དང་རྒྱ་ནག་སྲིད་འཛིན་གྱིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཕྱི་ཕྱོགས་སུ་གཞུང་འབྲེལ་གྲོས་མཐུན་བཞག་པ་ཐོག་མ་ཆགས་ཡོད། རྒྱ་གར་སྲིད་བློན་གྱིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་ཨ་མེ་ཌ་བྷ་ཌ་གྲོང་ཁྱེར་ནང་ཡོད་པའི་སཱ་བྷར་མཱ་ཌི་ (Sabarmati Ashram) རིག་གཞུང་བསྟི་གནས་ཁང་དུ་གདན་འདྲེན་ཞུས་ཏེ། རྒྱ་གར་སྲིད་བློན་མཆོག་གིས་ཁོང་ལ་ཕེབས་བསུའི་གསོལ་སྟོན་ཞིག་དང་བསྟུན་ཏེ། ས་མཚམས་དཀའ་རྙོག་དང་། རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་ཁག་ཅིག་ལ་མིང་རྟགས་འགོད་རྒྱུ་རེད” ཅེས་སོགས་བརྗོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧།༣༠ ཐོག་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཨ་མེ་ཌ་བྷ་ཌ་ནས་ལྡི་ལིར་ཕེབས་རྒྱུ་ཡིན་པ་དང་། སང་ཉིན་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཐོག་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གར་སྲིད་འཛིན་པར་ནཱབ་མུ་ཁར་ཇི་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་མཱོ་ཧན་ཇན། རྒྱ་གར་ཀོང་རེ་སེ་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནེ་གྷན་དྷེ་སོགས་ལ་ཐུག་འཕྲད་གནང་རྒྱུ་ཡིན་འདུག

དེ་རིང་སྔ་དྲོ་ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་ནཱ་རེན་ཌ་མུ་དྷེའི་སྐྱེས་སྐར་འཚམས་འདྲི་ཞུས་ཡོད་པ་དང་། ཉིན་ཤས་སྔོན་རྒྱ་གར་སྲིད་འཛིན་ཝེ་ཋི་ནམ་དུ་ཕེབས་ཏེ་ཚོང་དོན་གྲོས་མཐུན་ཁག་བཞག་པའི་གནད་དོན་གཙོས།། རྒྱ་དཀར་ནག་་གཉིས་བར་གྱི་ཚོང་འབྲེལ་དང་། རྒྱ་གར་གྱི་རོགས་རམ་འོག་ཝེ་ཋི་ནམ་གྱིས་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་སུ་རྡོ་སྣུམ་སྔོག་འདོན་བྱེད་ཕྱོགས་ལ་གྲོས་མོལ་གནང་རྒྱུ་ཡིན་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་རེབ་རྒྱ་ནག་སྲིད་འཛིན་རྒྱ་གར་ནང་སྐོར་སྐྱོད་དང་འབྲེལ་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གི་ཚོང་དོན་གྲོས་མཐུན་ཁག་ལ་མིང་རྟགས་འགོད་རྒྱུ་ཡིན་ཡང་། རྒྱ་དཀར་ནག་བར་གྱི་མཚམས་རྩོད་རྙོག་ལ་གྲུབ་འབྲས་གང་ཡང་འཐོན་ཐུབ་མེད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

ཆུ་ཚོད་ ༡༦ སྔོན་ལ།
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

༢༠༢༥/༡༢/༡༨

མཆན། 4

  1. བསོད་ནམས་དབང་རྒྱལ། says:
    ལོ་ 11 སྔོན།

    རྒྱ་གར་གྱི་སྲིད་བློན་མཚན་ལ་ <ནཱ་རེན་དྲ་མོ་དྷི> ཞེས་འབྲི་དགོས་སམ་ཡང་ན་གོང་དུ་བྲིས་པ་བཞིན་ <ནཱ་རེན་ཌ་མུ་དྷེ> ཞེས་འབྲི་དགོས་མིན་དེ་རྩོམ་སྒྲིག་པས་ཐུགས་ཐག་གཅོད་རོགས།

    Reply
  2. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    སྦ་བོ་ཇེ་གྲོག་པོའི་པི་ཤག་མང་པོ་སྤྲད་ན་ནི་རུ་རྗེས་འཇུགས་ངོ་མ་

    Reply
  3. སྤགས་ཤར། says:
    ལོ་ 11 སྔོན།

    བཟང་གི་་་་

    Reply
  4. གནས་ཚང་། says:
    ལོ་ 11 སྔོན།

    སེནས་གཅིག་ལུས་གཉིས། སྦ་ཁུག་གཅུག་ལག་པ་བཞི། སྦ་སྦུ་རྗེ་ཡི་རྐང་པ་ཡ་གཅིག་དངུལ་གྱི་ནང་ཟེགས་ཤག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese