དེ་རིང་སྔ་དྲོར་གྲོས་ཚོགས་ནང་སྤྱི་འཐུས་རྒྱུན་ལས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐོག་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་གྲོས་འཆར་ཞིག་འཁྱེར་ཡོང་སྐབས། ཤེས་རིག་ལས་ཁུངས་ནས་ཀྱང་དེ་སྔ་ནས་ཤེས་ཡོན་སྲིད་བྱུས་སྐོར་ལ་རྟོག་ཞིབ་ཚོགས་ཆུང་ཞིག་བཙུགས་ཡོད་ཚུལ་གསུངས་དེ་གྲོས་ཚོགས་ནང་དེའི་སྐོར་ལ་བགྲོ་གླེང་གནང་སོང་།
དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་ ༦ པའི་སྟེང་། སྤྱི་འཐུས་རྒྱུན་ལས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་རྟོག་ཞིབ་ཚགས་ཆུང་ཞིག་འཛུགས་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་ནང་སྙན་སྒྲོན་ཞུས་མ་ཐག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགག་པ་བརྒྱབ་ཡོད་སྟབས། གྲོས་འཆར་དེར་བགྲོ་གླེང་ཐག་གཅོད་དགོས་མིན་མང་མོས་ལྟ་སྐབས་སྤྱི་འཐུས་ ༦ གྱིས་དགག་པ་བརྒྱབ་པ་དང་། སྤྱི་འཐུས་ ༢༠ ཡིས་རྒྱབ་སྐྱོར་ཐོབ་སྟབས་གྲོས་འཆར་དེར་བགྲོ་གླེང་མགོ་འཛུགས་གནང་སོང་།
སྤྱི་འཐུས་བཅུ་གྲངས་ཤིག་དང་ཤེས་རིག་བཀའ་བློན་བཅས་ཀྱིས་ཕན་ཚུན་དོགས་འདྲི་དང་དགོངས་ཚུལ་གསུངས་རྗེས། སྤྱི་འཐུས་ལྷན་ཚོགས་ཀྱི་རྟོག་ཞིབ་ཚོགས་ཆུང་འཛུགས་དགོས་མིན་ཐོག་མང་མོས་ལྟ་སྐབས་སྤྱི་འཐུས་ ༡༥ ཡིས་དགག་པ་བརྒྱབ་པ་དང་སྤྱི་འཐུས་ ༡༧ གྱིས་རྒྱབ་སྐྱོར་ཐོབ་སྟབས། མང་མོས་ཐོག་སྤྱི་འཐུས་རྒྱུན་ལས་ནས་ཤེས་ཡོན་སྲིད་བྱུས་ཐོག་རྟོག་ཞིབ་ཚོགས་ཆུང་འཛུགས་རྒྱུའི་ཐག་གཅོད་གནང་སོང་།
སྲིད་སྐྱོང་མཆོག་གིས་ཐོག་མ་གྲོས་གཞི་དེར་དགག་པ་རྒྱག་སྐབས་གསུངས་དོན། དེ་རིང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འདི་ཤེས་རིག་ལས་ཁུངས་དང་འཛིན་སྐྱོང་ལ་འབྲེལ་བ་ཡོད་སྟབས། བཀའ་ཤག་གིས་དེ་སྔོན་ནས་མཁྱེན་པ་ཡིན་ན། ཏོག་ཙམ་ཐུགས་ཕན་སོས་པ་ཞིག་ཡོང་གི་རེད་བསམ་སོང་། དེ་རིང་ཧོབ་དེ་ཁ་ལ་གྲོས་ཚོགས་ནང་གྲོས་ཆོད་འདི་འདྲ་ཞིག་སླེབ་སྐབས། འདི་བཀའ་ཤག་ནང་ལའང་གྲོས་བསྡུར་ཞིག་བྱེད་དགོས་ཀྱི་ཡོད་སྟབས། ག་འདྲ་ཞིག་ཡིན་ནམ་བསམ་ཡོང་གི་འདུག དེ་བཞིན། ཁ་སང་ཞི་ཅིན་ཕིན་རྒྱ་གར་ལ་ཕེབས་པའི་སྐོར་ལའང་དཔལ་ལྡན་ཚོགས་གཙོ་མཆོག་གི་དབུ་འབྱེད་གཏམ་བཤད་གནང་ཧོབ་དེ་གསུངས་ཏེ། དེ་བཞིན་ལས་རིམ་ནང་བསྒྲིགས་ནས་འཁྱེར་ཡོང་སྐབས་མ་ལེགས་པ་ཞིག་བྱུང་སོང་། བཀའ་ཤག་གིས་གསུངས་དགོས་པ་གསུངས་རྗེས་ད་རེབ་གྲོས་ཆོད་དེ་འཁྱེར་ཡོང་བ་སྔ་དྲགས་པ་ཡིན་ན་ཕྱི་དྲགས་པ་ཡིན་ན་ཞུ་ཚོད་ཐེབས་ཀྱི་མི་འདུག་ཞུས་པ་ཡིན། དེ་གང་ཡིན་ཟེར་ན། སྤྱི་ཡོངས་ཆབ་སྲིད་དང་འབྲེལ་བའི་གནད་དོན་དག་འཛིན་སྐྱོང་བཀའ་ཤག་གིས་འགན་འཁྱེར་གྱི་ཡོད་པ་མ་ཟད། དམིགས་བསལ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་གནད་དོན་དེའི་འགན་གཙོ་བོ་འཛིན་སྐྱོང་གིས་འཁུར་བཞིན་ཡོད་སྟབས། གཞི་རྩའི་གྲོས་ཆོད་ག་རེ་འཁྱེར་དགོས་མིན་དེ་གྲོས་ཚོགས་ཀྱི་སྐུ་དབང་ཡིན་ཡང་། འཛིན་སྐྱོང་ལ་བཀའ་བསྡུར་ཏོག་ཙམ་གནང་བ་ཡིན་ན། ང་ཚོའི་ཐོག་ནས་ཀྱང་ཞུ་དགོས་པ་དེ་ཚོ་སྔ་ས་ནས་གྲ་སྒྲིག་བྱ་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་སོང་། ད་རེབ་གྲོས་ཆོད་འདིའི་ཐད། གྲོས་ཆོད་ནང་དུའང་འཁོད་འདུག རྟོག་ཞིབ་སྡེ་ཚན་ཞིག་བཙུགས་པ་རེད། དེ་ལ་ཤེས་རིག་ལས་ཁུངས་ནས་ཡིག་ཆ་ག་རེ་དགོས་ཀྱང་ཆ་ཚང་ཕུལ་བ་ཡིན། རྟོག་ཞིབ་སྡེ་ཚན་དེས་མཇུག་བསྡོམས་ཐུབ་མ་སོང་གསུངས་འདུག དེ་ལ་བརྟེན་ཏེ་གྲོས་ཆོད་འདི་འཁྱེར་ཡོང་སྟེ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་ཡིན་གསུངས་སྐབས། ཧོབ་དེ་ག་ལ་བཀའ་ཤག་ལ་མ་བདེ་བ་ག་རེ་ཡོང་གི་འདུག་ཟེར་ན། བཀའ་ཤག་ཐོག་ནས་ཤེས་ཡོན་སྲིད་བྱུས་གང་ཐུབ་ཅི་ཐུབ་ལག་བསྟར་གནང་གི་ཡོད་པ་མ་ཟད། དེ་སྔོན་གྱི་གྲོས་ཚོགས་ནང་ལའང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་ཤེས་རིག་ལས་ཁུངས་ལ་ཕལ་ཆེར་དྲི་བ་ ༡༣༠ མན་ཙམ་བསླེབས་པ་ཆ་ཚང་ལ་ལན་འདེབས་བྱས་རྗེས། སྤྱི་འཐུས་ཁ་ཤས་ཀྱིས་ལན་ཆ་ཚང་འཕྲོད་སོང་གསུང་མཁན་བྱུང་སོང་། ད་རེབ་བཀའ་ཤག་ལ་གྲོས་བསྡུར་མེད་པའི་ཐོག་ནས་གྲོས་འཆར་འཁྱེར་ཡོང་བ་འདིས་སྤྱི་ཡོངས་ལ་བརྡ་ལན་གང་འདྲ་ཞིག་འགྲོ་ཡོང་ན་བསམ་པའི་སེམས་འཚབ་ཅིག་བྱུང་སོང་། ཞེས་གསུངས་སོང་།
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་གསུངས་དོན། ཤེས་རིག་ལས་ཁུངས་ངོས་ནས་ཀྱང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གྲོས་ཆོད་ག་རེ་བཞག་ཡོད་པ་ལྟར། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཏེ་ལོ་ ༡༠ ཕྱིན་པ་རེད། ད་ལྟའི་ཆར་གནས་བབ་གང་འདྲ་ཆགས་ཡོད་མེད་ཐོག་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ཟེར་ནས་མི་ལྔ་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་གྲུབ་ཡོད། ཚོགས་ཆུང་ནང་རྒྱ་གར་བ་ཤེས་ཡོན་ཐོག་མཁས་པ་ཡིན་པ་མི་ ༣ དང་བོད་པ་ ༢ བཅས་བསྐོས་ཏེ། ད་ལོའི་ཟླ་ ༡༡ ཚེས་ ༩ ནས་ ༢༠ བར་སློབ་གྲྭ་ཁག་ནང་བཅར་ཏེ་ཤེས་ཡོན་སྲིད་བྱུས་ཀྱི་གནས་བབ་ག་པར་སླེབ་ཡོད་མེད་ཐད་ཞིབ་འཇུག་གནང་རྒྱུའི་ཐག་གཅོད་བྱུང་ཡོད། ཚོགས་མི་དེ་ཚོ་མང་ཆེ་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མིང་འདོན་གནང་བ་དག་ཆགས་ཀྱི་ཡོད། ད་རེབ་གྲོས་ཚོགས་ཀྱིས་སླར་ཡང་ཚོགས་ཆུང་ཞིག་བཙུགས་པ་ཡིན་ན་ཚོགས་ཆུང་གཉིས་ཆགས་ཀྱི་ཡོད་སྟབས། ད་རེབ་གྲོས་ཆོད་འདི་འཇོག་མི་དགོས་པ་གནང་སྟེ། ཤེས་རིག་བཀའ་བློན་ལ་དོགས་འདྲི་ག་རེ་གནང་དགོས་ན་གནང་སྟེ། ཤེས་རིག་ལས་ཁུངས་ཀྱིས་བཙུགས་བཞག་པའི་ཚོགས་ཆུང་དེའི་སྙན་ཐོ་དེ་ཕལ་ཆེར་གྲོས་ཚོགས་སྐབས་རྗེས་མའི་སྔོན་ལ་བསླེབ་ཡོང་གི་རེད། དེ་ལ་གཟིགས་ཏེ་ག་རེ་གནང་དགོས་ན་གནང་པ་ཡིན་ན་ལན་པོ་མེད་འགྲོ་བསམ་གྱི་འདུག ཅེས་གསུངས་སོང་།
དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་གནང་དོན། སྲིད་སྐྱོང་མཆོག་གིས་ཆབ་སྲིད་དང་འབྲེལ་བའི་གནད་དོན་འཛིན་སྐྱོང་དང་གོ་བསྡུར་མ་བྱས་པའི་ཐོག་གྲོས་ཚོགས་ལས་རིམ་ནང་བཞག་པ་མ་ཟད། གྲོས་ཚོགས་ཀྱི་ལས་རིམ་དེའང་ཧོབ་དེ་བསླེབས་ཡོད་ཚུལ་རྗོད་ཀྱིན་ཡོད་ཀྱང་། གྲོས་ཚོགས་ཚོགས་སྐབས་ཀྱི་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་ནང་ལ་རྒྱུན་ལས་ནང་ལ་གོ་བསྡུར་དང་ཐག་གཅོད་གང་བྱུང་བ་གཞིར་བཟུང་གིས་ཚེས་ ༡༦ ཉིན་ལས་རིམ་འདི་ཡོང་གི་རེད་ཅེས་གསལ་པོར་ཞུས་ཡོད། གྲོས་ཚོགས་ཚེས་ ༡༢ ཉིན་མགོ་བཙུགས་ཏེ་ཉིན་ ༤ ཕིན་པའི་རིང་འཛིན་སྐྱོང་ངོས་ནས་ཚོགས་གཙོ་སྦྲེལ་པོ་གཉིས་ལ་གྲོས་ཆོད་འདི་མ་འཇོག་རོགས། ང་ཚོར་གོ་བསྡུར་བྱེད་རོགས་ཟེར་མཁན་གཅིག་ཀྱང་བྱུང་མེད་སྟབས། ད་རེབ་ཀྱི་གྲོས་འཆར་འདི་ཡང་གསར་པ་གང་ཡང་མ་རེད་བརྒྱུད་རིམ་ཆ་ཚང་སྔོན་གླེང་ནང་ཞུས་ཡོད། སྤྱི་འཐུས་རྒྱུན་ལས་ཀྱི་ཆེས་མཐོའི་རྟོག་ཞིབ་སྡེ་ཚན་གྱིས་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར་ནས་བརྒྱུད་ལམ་ཁག་ཏུའང་ཕྱིན་ཡོད། ཞིབ་འཇུག་བྱས་ན་གནད་འགག་དེ་འདྲ་ཆགས་ཀྱི་འདུག་ཟེར་ནས་སྤྱི་འཐུས་ལ་ཞུ་མཁན་གཅིག་ཀྱང་བྱུང་མ་སོང་། རྩ་བའི་ཆ་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་ག་རེ་འཇོག་མིན་ཚོགས་གཙོ་གཞོན་གཉིས་དང་ཚོགས་དྲུང་ལས་ཁུངས་ཀྱིས་སྒྲིག་གི་ཡོད་ཀྱང་། གྲོས་ཆོད་འདི་གྲོས་ཚོགས་ནང་ཧོབ་དེ་འཁྱེར་ཡོང་བའི་རྒྱུ་མཚན་ལ་བརྟེན་ཏེ། འཛིན་སྐྱོང་གི་དགོངས་པ་བཞེས་ཕྱོགས་ཁག་པོ་བཟོ་རྒྱུ་རེད་དྲན་ཡོད་པ་མ་རེད། སྒྲིག་གཞིའི་ནང་ཉིན་གཅིག་གི་སྔོན་ལ་ཕུལ་དགོས་ཟེར་བ་དེ་འདྲ་གང་ཡང་ཡོད་པ་མ་རེད་དེ། ཚོགས་གཙོས་ཉི་གཅིག་གི་སྔོན་ལ་འབུལ་ཐུབ་པ་ཞུ་རྒྱུ་ཡིན་གསུངས་ཏེ་ད་རེབ་ཕུལ་མ་ཐུབ་པ་དེར་དགོངས་སེལ་ཞུ་རྒྱུ་ཡིན། ད་ལྟ་འཛིན་སྐྱོང་གིས་གྲོས་ཆོད་འདིར་འགག་པ་རྒྱག་གི་ཡོད་སྟབས། བགྲོ་གླེང་གི་ཆེད་དུ་ཚུད་དང་མ་ཚུད་ལ་རག་ལས་ཡོད་སྟབས། གལ་སྲིད་བགྲོ་གླེང་ཁོངས་སུ་ཚུད་པ་ཡིན་ན་བགྲོ་གླེང་བྱེད་དགོས་སྟབས། སྐབས་དེར་འཛིན་སྐྱོང་གིས་གཏན་འབེབས་གནང་མ་གནང་དེ་ཞུ་ཆོག་གི་རེད། གྲོས་ཆོད་འདི་མ་ཚུད་པ་ཡིན་ན་དེ་ག་རང་ནས་འགག་འགྲོ་བ་རེད། ཅེས་བརྗོད་སོང་།
དེའི་རྗེས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསལ་བཤད་གནང་དོན། སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཡོད་པ་མ་རེད་ཟེར་མཁན་ཡོང་གི་འདུག ང་རང་སྔོན་མ་དྲུང་ཆེའི་ལས་ཀ་བྱེད་སྐབས་ག་འདྲ་བྱས་ནས་གོ་བ་ཏག་ཏག་ཅིག་བསླེབས་ཀྱི་མེད་པར་བསམ་བློ་གཏོང་དུས། གནས་སྐབས་འདྲ་བོ་གསུམ་ཆགས་ཡོང་གི་འདུག དང་པོ་མགོ་འཛུགས་སྐབས་རྡིག་སྒྲ་མང་པོ་ཞིག་བྱུང་བ་རེད། ཤེས་ཡོན་སྲིད་བྱུས་འོག་སློབ་མ་དང་སློབ་གྲྭ དགེ་རྒན་སོགས་གྲ་སྒྲིག་མང་པོ་ཞིག་གི་དབང་གིས་ཚང་མས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་མཐོང་ཚུལ་བྱུང་བ་རེད། བར་སྐབས་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་གནས་སྐབས་ཆགས་ཡོང་དུས་སློབ་གྲྭ་སོ་སོའི་ནང་དང་འབྲེལ་ཡོད་དགེ་རྒན་ཚོ་མ་གཏོགས་འབྲེལ་བ་མེད་སྟབས། དེར་ཟང་ཟིང་གང་ཡང་ཡོད་པ་མ་རེད། དེ་འདྲའི་ཆ་ནས་མང་པོ་ཞིག་གིས་ལག་ལེན་བསྟར་བ་མཐོང་གི་མེད་པ་མིན་འགྲོ་བསམ་བསམ་ཞིག་འདུག དེ་ནས་འབྲས་བུའི་གནས་སྐབས་རེད། ད་ལྟ་འབྲས་བུའི་ལེའུ་ཐོག་གོམ་པ་རྒྱག་གི་ཡོད་པ་རེད། ད་ལོར་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་མ་ཚོ་གཞི་རིམ་སློབ་གྲྭ་ཐོན་ཡོང་བ་རེད།
ད་ལྟ་ང་ཚོས་ཕྱོགས་བསྡོམས་བྱས་ན་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ ༡༠ ལ་ལག་ལེན་ཆ་ཚང་འགྲོ་བཞིན་ཡོད། བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་ལ་དྭགས་སློབ་གྲྭའི་ནང་ལག་བསྟར་མགོ་འཛུགས་བཞིན་ཡོད། དེ་བཞིན་སྔོན་འགྲོའི་སློབ་གྲྭ་ཡོངས་རྫོགས་ནང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་ལག་བསྟར་འགྲོ་བཞིན་ཡོད། འགྲོ་གྲོན་ཐོག་ནས་ཀྱང་འདས་པའི་ལོ་བཞིའི་ནང་ཧིན་སྒོར་ས་ཡ་ ༣༢༠ ལྷག་བཏང་ཡོད་པ་དེ་ཕལ་ཆེར་ལོ་རེར་ཧིན་སྒོར་ས་ཡ་ ༨༠ ལྷག་བཏང་འདུག དེས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གི་ཡོད་པའི་རྣམ་འགྱུར་གསལ་བོ་མཚོན་གྱི་ཡོད། ལྷག་པར་དུ་ཉེ་ཆར་ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་པའི་སློབ་གྲྭ་བཅུ་དང་བོད་ཁྱིམ་ལ་དྭགས་སློབ་གྲྭ སམ་བྷོ་ཌ་སློབ་གྲྭ་བཅས་ཀྱིས་ཚོགས་འདུ་ཚོགས་ཏེ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ནས་ག་འདྲ་ཆགས་ཡོད་མེད་དང་། མ་འོངས་པར་གོམ་པ་ག་འདྲ་རྒྱག་དགོས་མིན་སྐོར་ལ་གོ་བསྡུར་གནང་དུས། གཞི་རིམ་འོག་མའི་སློབ་གྲྭའི་བར་གྱི་གནས་སྟངས་དཔེ་མི་སྲིད་པའི་ཡག་པོ་འགྲོ་བཞིན་འདུག་སྟབས། ད་ནི་ང་ཚོས་གཞི་རིམ་བར་མ་ལ་ཤུགས་རྒྱག་དགོས་ཀྱི་འདུག ཤེས་ཡོན་སྲིད་བྱུས་ནང་དོན་ཚན་ ༡༥ ཡོད་པ་རེད། དེའི་ནང་གི་གལ་ཆེ་ཤོས་དོན་ཚན་ ༦ པའི་བར་ཆགས་ཡོད་པ་རེད། དེའི་ནང་འཛིན་རིམ་བརྒྱད་པའི་བར་འགྲོ་ས་ཡོད་པ་རེད་མ་གཏོགས། དེ་ལས་ལྷག་ལུང་པ་སོ་སོའི་ལམ་སྟོལ་ལྟར་འགྲོ་དགོས་ཞེས་བསལ་ཡོད་པ་རེད། ད་ལོར་ང་ཚོས་དཔེ་སྟོན་དང་སྤོན་ཊ་སློབ་གྲྭ་གཉིས་ཀྱི་འཛིན་རིམ་དྲུག་པར་སྤྱི་ཚོགས་ཚན་རིག་ཐོག་གོམ་པ་རྒྱག་རྒྱུ་བྱས་ཡོད། དེ་ནས་ཅོན་ཏ་ར་དང་བདེ་སྐྱིད་གླིང་སློབ་གྲྭ་གཉིས་ལའང་འཛིན་རིམ་དྲུག་པ་མགོ་ཞིག་བཙུགས། དེ་ནས་དཔེ་སྟོན་དང་སྤོན་ཊ་གཉིས་ཀྱི་འཛིན་རིམ་བདུན་པའི་ནང་མགོ་འཛུགས་རྒྱུ་ཆགས་ཡོང་གི་རེད། ཅེས་ང་ཚོས་བང་སྒྲིག་གི་ཡོད།
གཞན་ཤེས་ཡོན་སྲིད་བྱུས་ནང་གི་གལ་ཆེ་ཤོས་གཅིག་དགེ་རྒན་རེད། དགེ་རྒན་ཐོག་ལ་ཤེས་རིག་ལས་ཁུངས་ཀྱིས་ཤུགས་ཡོད་ཚད་དེ་བརྒྱབ་ཡོད། ཤེས་རིག་ལས་ཁུངས་ངོས་ནས་བུམ་ཐར་ནང་དགེ་རྒན་འོས་སྦྱོང་འགྲོ་མུས་ཡིན་པ་དང་། ཞོར་དུ་ས་ར་ལའང་དགེ་རྒན་འོས་སྦྱོང་འཛུགས་བཞིན་པ་རེད། དགེ་རྒན་གྱི་ཁྱད་ལས་ཐོག་ལའང་ལག་དེབ་དེ་འདྲ་བཀྲམས་ནས་ལག་ལེན་བསྟར་དགོས་ཞེས་བཤད་ཡོད། དེ་བཞིན། དགེ་རྒན་གྱི་ཕོགས་དང་ལས་འབོར་གནས་སྟངས་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ལམ་སྟོན་འོག་ཤེས་རིག་ལས་ཁུངས་ཀྱིས་བཀོད་ཁྱབ་བཏང་ཡོད། སློབ་ཕྲུག་གི་གྲངས་ཚད་དང་དགེ་རྒན་གྱི་ལས་འབོར། སློབ་ཁྲིད་བྱེད་སྟངས་ཆ་ཚང་གསལ་ཡོད། དེ་སམ་བྷོ་ཊའི་ལག་ལེན་སྟར་བཞིན་ཡོད་པ་རེད། དེ་བཞིན། དྷ་ས་བོད་ཁྱིམ་ཤེས་ཡོན་འགན་འཛིན་གྱིས་ཁྱབ་ཁོངས་སློབ་གྲྭ་ཚང་མར་དེ་ལག་བསྟར་དགོས་ཞེས་བཀའ་གནང་ཚར་འདུག མ་སུ་རི་ནས་དེའི་སྐོར་ལ་ཚོགས་འདུ་འཚོགས་བཞིན་པ་རེད།
ཤེས་ཡོན་སྲིད་བྱུས་ཀྱི་གལ་ཆེ་ཤོས་བསླབ་གཞི་རྩ་འཛིན་དེ་རེད། བསླབ་གཞི་རྩ་འཛིན་ལ་མཚོན་ན། ང་ཚོས་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་པར་བཟོས་ཚར་ཡོད་སྟབས། མང་པོ་ཞིག་ལ་བསླབ་གཞི་རྩ་འཛིན་གཞིར་བཟུང་གིས། དཔེར་ན། ཚན་རིག་དང་ཨང་རྩིས་རིགས་འཛིན་གྲྭ་དགུ་པ། བཅུ་པ། བཅུ་གཅིག བཅུ་གཉིས་ཡན་ལ་ལག་ལེན་བསྟར་ཐུབ་ཀྱི་ཡོད་པ་མ་རེད། དེ་ཚང་མས་མཁྱེན་གསལ་རེད། རྒྱ་གར་གཞུང་གི་སེ་སྦེ་ཨད་སི་ (CBSE) དང་བསྟུན་དགོས་ཀྱི་ཡོད་པ་ཤེས་ཡོན་སྲིད་བྱུས་ནང་གསལ་ཡོད། དེའི་ཕན་ཆད་ནས་ང་ཚོས་གང་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་ནས་འགྲོ་བཞིན་ཡོད།
ད་དུང་གལ་ཆེ་བ་གཅིག་ལ། ཤེས་ཡོན་ལྷན་ཚོགས་འཛུགས་དགོས་པ་ཞིག་ཡོད་པ་རེད། ང་ཚོས་ཤེས་ཡོན་ལྷན་ཚོགས་དངོས་སུ་བཙུགས་ཏེ་ཚོགས་འདུ་ཐེངས་གཉིས་བསྐོང་ཡོད། སྲིད་སྐྱོང་དངོས་སུ་བཅར་ཏེ་ལྷན་ཚོགས་ཀྱི་ཚོགས་གཙོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རང་གིས་གནང་རོགས་ཞུས་པ་ལྟར་ཁོང་གིས་ཞལ་བཞེས་ཐོབ་སྟེ་ད་ལྟ་འགྲོ་བཞིན་ཡོད། ང་རང་གིས་བལྟས་ན་ཤེས་ཡོན་སྲིད་བྱུས་ལག་ལེན་ཡག་པོ་འགྲོ་བཞིན་འདུག ད་ལྟ་འཛིན་རིམ་དྲུག་པར་འགྲོ་རྒྱུ་དང་། བུམ་ཐར་གྱི་ལོ་བཞིའི་དགེ་རྒན་འོས་སྦྱོང་འཐོན་པ་ཡིན་ན། སྣང་དག་ཡོད་པ་མ་རེད་བསམ་གྱི་འདུག
གྲོས་ཚོགས་ཀྱི་གྲོས་འཆར་ནང་འཁོད་ཡོད་པ་ལྟར། སློབ་གྲྭ་ཚང་མའི་ནང་ཤེས་ཡོན་སྲིད་བྱུས་ཡིན་གཅིག་མིན་གཅིག་ལག་བསྟར་བྱེད་དགོས་གསུངས་དུས། དཔེར་ན། བོད་ཁྱིམ་སློབ་གྲྭར་ཆ་མཚོན་ན། ད་ཕན་ཤེས་ཡོན་ཐོག་ཞབས་ཞུ་ཞུ་མཁན་ཆེ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཆགས་ཡོད། ཁོ་རང་ཚོའི་དམའ་རིམ་ལས་བྱེད་དང་དགེ་རྒན་ནང་སྤྱི་ཚོགས་ནང་ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་རེད་ལབ་ཀྱི་ཡོད་པ་རེད་ཟེར་ནས་ཐུགས་ཕམ་གནང་གི་འདུག ཁོ་རང་ཚོས་བཤད་པར་ཡང་རྒྱུ་མཚན་མེད་པ་མ་རེད། དཔེར་ན། ཁོང་ཚོས་འཛིན་རིམ་ལྔ་པའི་བར་བོད་ཡིག་བརྒྱུད་ལམ་ཐོག་སློབ་ཁྲིད་བྱེད་བཞིན་ཡོད། ང་ཚོ་སྔོན་ཐོན་པ་ཡིན་ཞེས་གསུང་གི་འདུག ཤེས་ཡོན་སྲིད་བྱུས་ནང་གཞན་པ་དང་མ་འདྲ་བ་ག་རེད་ཡོད་པ་རེད་ཟེར་ན། འཛིན་རིམ་བཞི་པ་ནས་སྐད་ཡིག་གཉིས་པ་དབྱིན་ཡིག་སློབ་ཁྲིད་དགོས་གསུངས་ཡོད་པ་རེད། དེ་ལ་ང་ཚོ་ཏོག་ཙམ་ཁྱད་པར་འགྲོ་བཞིན་ཡོད་པ་མ་གཏོགས། དེ་མིན་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་ང་ཚོས་སྒྲུབ་ཀྱི་ཡོད་གསུང་གི་འདུག དཔེར་ན། ཉེ་ལམ་བོད་ཁྱིམ་འགན་འཛིན་ལྷན་ཚོགས་ཚོགས་སྐབས་ལྷ་ལྕམ་རྗེ་བཙུན་པདྨ་མཆོག་གིས་ལ་དྭགས་སློབ་གྲྭ་མ་ཡིན་པའི་སློབ་གྲྭ་གཅིག་ཆ་ཚང་ཤེས་ཡོན་སྲིད་བྱུས་སྒང་ལ་འགྲོ་རྒྱུ་ཡིན་ཞེས་བཀའ་གནང་སོང་། དེ་འདྲ་ཡིན་དུས་ག་ལེར་ག་ལེར་འགྲོ་བཞིན་ཡོད།
ཤེས་ཡོན་ལྷན་ཚོགས་ཀྱིས་སློབ་གྲྭ་ཁག་ལྔའི་ནང་གཟིགས་སྐོར་གནང་རྒྱུ་རེད། དཔེ་སྟོན་སློབ་གྲྭ་དང་དྷ་ཤོད་སློབ་གྲྭ། མ་སུ་རི་ཁྱབ་ཁོངས་ར་ཇི་སྤུར་སློབ་གྲྭ མ་སུ་རི་བོད་སློབ་འཛིན་ཚོགས་སློབ་གྲྭ་བཅས་སློབ་གྲྭ་ཁག་ ༥ ནང་ཉིན་ ༡༠ རིང་མཁས་དབང་ཚོས་གཟིགས་སྐོར་གནང་སྟེ་དགེ་སྐྱོན་སྐོར་ལ་མཁས་པའི་སྙན་ཐོ་ཞིག་འཐོན་ཡོང་གི་རེད། སྙན་ཐོར་དེར་གཟིགས་རྗེས། འཛིན་སྐྱོང་གིས་ག་རེ་གནང་དགོས་མིན་དང་སློབ་གྲྭ་མང་དུ་གཏོང་དགོས་མིན་ཐོག་ག་རེ་ཡག་མིན་གོམ་པ་གནང་ན། སྲིད་བྱུས་ཀྱི་དགོངས་དོན་གཙོ་བོ། ༧གོང་ས་མཆོག་གི་དགོངས་གཞི་ལྟར་བྱིས་པ་ཚོས་འདབ་གཤོག་གཉིས་ལྡན་གྱི་བོད་པ་བཟང་པོ་བསྐྲུན་རྒྱུ་དེ་རེད། སློབ་གྲྭ་ཚང་མས་དམིགས་བསལ་དེ་བཞག་དགོས་པ་རེད། དམིགས་ཡུལ་དེ་འགྲུབ་པར་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བའི་སློབ་ཕྲུག་ཚོར་གཟིགས་དགོས་ཀྱི་ཡོད། དེ་མིན་གྲོས་ཚོགས་ནང་གཏན་འབེབས་གནང་བ་དེ་ག་རང་སློབ་གྲྭ་ཚང་མའི་ནང་མཐུན་རྐྱེན་དང་གྲ་སྒྲིག་ཡོད་མེད་ལ་མ་བལྟས་པར་གནང་དགོས་པའི་བཀའ་གནང་བར་མ་འགྲིག་པ་མེད་ཀྱང་། དོན་དངོས་ག་ཚོད་ཕན་གྱི་ཡོད་མེད་ཀྱི་བསམ་ཚུལ་ཞུས་པ་ཡིན། ཞེས་གསུངས་སོང་།
སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་ནང་འཁོད་དོན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱིས་ལོ་མང་སོང་བས། སྲིད་བྱུས་འདི་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཁག་ཡོངས་ལ་ལག་བསྟར་ཇི་ཙམ་འཁེལ་ཐུབ་ཀྱི་ཡོད་མེད་དང་སློབ་གྲྭ་ཁག་གི་སྤྱི་ཡོངས་ཀྱི་གནས་སྟངས་ལ་བསྐྱར་ཞིབ་མཐིལ་ཕྱིན་བྱས་ཏེ། མ་འོངས་ཕུགས་རྒྱང་རིང་པོར་བཙན་བྱོལ་བོད་མིའི་ཤེས་ཡོན་སྡེ་ཚན་ཡོངས་རྫོགས་ཤེས་ཡོན་སྲིད་བྱུས་གཅིག་གི་འོག་འགྲོ་ཐབས་ཀྱི་ལམ་སྟོན་ཚད་ལྡན་ཞིག་གཏན་འབེབས་དགོས་སྟབས། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞིའི་དགོངས་དོན་ཤེས་ཡོན་རྟོགས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་གི་གྲུབ་དོན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་འཁྱེར་ཡོང་དགོས། ཞེས་འཁོད་འདུག
གྲོས་ཚོགས་ནས་ཁྲིམས་སུ་བཅས་པའི་སྲིད་བྱུས་ཤིག་གྲོས་ཚོགས་ནང་གླེང་གི་ཡིན་ཟེར་ན། དེ་འོས་ཤིང་འཚམ་པ་དང་ངེས་པར་དུ་གླེང་དགོས་པ་ཞིག་རེད།
གྲོས་ཚོགས་ནས་ཁྲིམས་སུ་བཅས་པའི་སྲིད་བྱུས་ཤིག་གྲོས་ཚོགས་ནང་གླེང་འདོད་མེད་པ་དང་། གླེང་བའི་སྤོབས་པ་མེད་པ། དེ་གླེང་མཁན་ལ་མི་དགའ་བ་བྱེད་མཁན་ཞིག་གྲོས་ཚོགས་འཐུས་མིར་ཇི་ལྟར་འོས་སམ།
བསྟན་འཛིན་འཕགས་པ་ལགས། གུ་དོག་པོ་མ་བྱེད། ཨ་མདོའི་སྤྱི་འཐུས་ཀྱིས་གྲོས་ཚོགས་ནང་སླེབས་ན་ཤེས་ཡོན་སྲིད་བྱུས་གླེང་གི་ཡིན་ཞེས་པ་དེ་ལུགས་མཐུན་རེད་ལ་མང་གཙོའི་འགྲོ་སྟངས་ཡང་དེ་ལྟར་རེད། གལ་ཏེ་མི་མང་གི་ཤེས་ཡོན་སྲིད་བྱུས་དེ་གལ་ཆེན་དུ་ལྟ་ཡི་ཡོད་ན་དེ་ཁས་ལེན་བྱས་པ་དེ་འགྲིག་པ་དང་དགའ་བསུ་ཞུ་དགོས་པ་རེད། གཞན་གྲོས་ཚོགས་སུ་སྐྱིད་ཉལ་རྒྱབ་ཀ་སླེབས་པ་ནི་ཨེ་རེད། ཁྱེད་རང་གི་རིག་པ་ལྟར་ན་སྲིད་སྐྱོང་བཀའ་ཁྲིར་བཞེངས་སྐབས་ལམ་དབུ་མ་ལ་རྒྱབ་སྐྱོར་ཡོད་ཞེས་པ་དེ་ཡང་གཅིག་བྱས་ན་ཆབ་སྲིད་ཀྱི་ཐོབ་དང་གོ་ས་ཚོད་པ་ལ་གོ་དགོས་པ་འདུག་པས། ཁྱེད་ཀྱི་རིག་པ་དེ་ཧ་ཅང་མ་ཐད་དོ།
དྲ་གྲོགས་བསྟན་པ་ལགས་སྐུ་ཁམས་བཟང་།
ཁྱེད་རང་རང་སྣང་དག་པའི་བསམ་ཚུལ་ལ་དགག་པ་མེད། ཡིན་ན་དྲྭ་འབུ་ཚོའི་ཤེས་ཡོན་སྲིད་བྱུས་ཁ་ལ་འཁྱེར་ནས་མ་ཡིན་ཡིན་འདོགས་ཀྱིས་བསལ་ཚུལ་དང་། རང་སྣང་གང་དྲན་གྱིས་མྱོག་གླེང་བཅས་ལ་ནམ་ཡང་དགའ་པོ་མེད། མ་ཚད་ཨ་མདོའི་སྤྱི་འཐུས་འོས་མི་རེ་གཟུང་ང་སྤྱི་འཐུས་སླེབས་པ་ཡིན་ན་་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཐོག་བཤད་ཀྱི་ཡིན་ཟེར་ནས་ཐོབ་དང་གོ་ས་རྩོད་སའི་གཞི་འཛིན་ས་ཞིག་ལ་ངོས་འཛན་མཁན་ཡོད་པ་གོ་ཐོས་བྱུང་བ་སྙིང་རེ་རྗེ། ཚོགས་གཙོའི་ཡང་དེ་ལྟར་གནང་གི་ཡོད་པ་ཤེས་གསལ་ནང་རེད།
ཤེས་ཡོན་སྲིད་བྱུས་གླེང་བ་ནི་མི་རིགས་གླེང་བ་རེད། ཤེས་ཅན་ཚོས་ཤེས་ཡོན་སྲིད་བྱུས་འདི་མི་རིགས་ཤིག་གི་ཆག་འཇིག་ལ་འབྲེལ་བ་ཡོད་པ་ཤེས་བཞིན་མ་གླེང་ག་མེད་ཆགས་ཙང་གླེང་པ་རེད། ཁ་ཤས་ཤིག་གིས་གཡས་དཀྱུས་གཡོན་དཀྱུས་བྱེད་པ་ནི་མཐར་དེད་ན། རང་རྨོངས་ཀྱི་ཞེན་ཁོག་སྐམ་པོ་ཞིག་རེད། དེ་ཡང་མཐར་དེད་ན་ཤེས་ཡོན་མེད་པའི་རང་མདོག་ཅིག་རེད། མི་རིགས་འདི་གནས་དགོས་ན། ཤེས་ཡོན་སྲིད་བྱུས་ཀྱི་བསྟན་པ་འདི་རྒྱས་དགོས།
བསྟན་འཛིན་འཕགས་པ་ལགས། ངས་བྱས་ན་ཚོགས་གཙོས་གང་ཐུབ་འཛིག་སྐྱོང་དང་གྲོས་ཚོགས་བར་འགལ་འདུ་མི་འོང་བའི་འབད་བརྩོན་ཞུ་བ་ཞིག་ཚོར་བྱུང་། ཁྱེེད་ཀྱིས་ཤེས་ཡོན་སྲིད་བྱུས་ལ་གྲོས་བསྡུར་གནང་བ་དེ་གང་སྣང་དྲན་བཤད་ཀྱི་རྙོག་གླེང་ཞིག་ལ་ལྟ་བ་ནི་གོད་གྲོའི་གནད་རེད། དྲ་འབུ་ཚོ་ཨ་གསར་ཆེ་བ་མ་རེད། དྲ་འབུ་ཚོའི་དུས་དང་རྣམ་པ་ཀུན་ཏུ་ཤེས་ཡོན་སྲིད་བྱུས་དོན་འཁྱོལ་མི་བྱེད་པའི་བསམ་འཆར་བཏོན་པ་ལ་བརྟེན་ནས་ད་ལྟའི་གྲོས་ཚོགས་ནང་གླེང་གཞི་དེ་བྱུང་བ་རེད། བྱས་ཚང་ཇི་ལྟར་ཕྲ་སྲིན་ལ་ཡག་སྡུག་ཡོད་པ་བཞིན་དྲ་འབུ་ལ་བཟང་ངན་ཡོད་པ་མཁྱེན་དགོས།
ཡར་མར་གང་འདྲ་བཤད་ཀྱང་། ད་ལྟ་ཤེས་ཡོན་སྲིད་བྱུས་ལག་བསྟར་གང་འཚམས་འགྲོ་བཞིན་ཡོད་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། མ་འོངས་པར་ཡག་པོ་ཡོང་གི་རེད་བསམ་སོང་། ཤེས་རིག་བཀའ་བློན་མཆོག་གི་གསལ་བཤད་ནང་དུ་གནས་ཚུལ་མང་པོ་ཞིག་ར་འཕྲོད་སོང་བས་ང་རང་ལ་མཚོན་ན་གཞུང་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གི་ཡོད་མེད་ཐོག་གི་དོགས་གནས་མང་པོ་ཞིག་སངས་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་གྲོས་ཚོགས་ནང་ཚ་ཚ་འུར་འུར་གྱིས་བགྲོ་གླེང་གནང་བ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་མང་པོ་གནང་བ་དེ་མང་གཙོའི་སྒྲིག་སྲོལ་ཐོག་ནས་ཧ་ཅང་ཕན་པོ་བྱུང་ཡོད་པ་རེད་བསམ་གྱི་འདུག
གོང་གསལ་བསྟན་འཛིན་འཕགས་པ་ལགས་ཀྱིས་དངོས་ཡོད་གནས་ཚུལ་གྱི་མཆན་དྲང་བདེན་ཞིག་བྲིས་གནང་འདུག་པར་མོས་མཐུན་དང་རྒྱབ་སྐྱོར་གཙང་མ་ཡོད།
ཡར་མར་གང་འདྲ་བཤད་ཀྱང་། ད་ལྟ་ཤེས་ཡོན་སྲིད་བྱུས་ལག་བསྟར་གང་འཚམས་འགྲོ་བཞིན་ཡོད་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། མ་འོངས་པར་ཡག་པོ་ཡོང་གི་རེད་བསམ་སོང་། ཤེས་རིག་བཀའ་བློན་མཆོག་གི་གསལ་བཤད་ནང་དུ་གནས་ཚུལ་མང་པོ་ཞིག་ར་འཕྲོད་སོང་བས་ང་རང་ལ་མཚོན་ན་གཞུང་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གི་ཡོད་མེད་ཐོག་གི་དོགས་གནས་མང་པོ་ཞིག་སངས་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་གྲོས་ཚོགས་ནང་ཚ་ཚ་འུར་འུར་གྱིས་བགྲོ་གླེང་གནང་བ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་མང་པོ་གནང་བ་དེ་མང་གཙོའི་སྒྲིག་སྲོལ་ཐོག་ནས་ཧ་ཅང་ཕན་པོ་བྱུང་ཡོད་པ་རེད་བསམ་གྱི་འདུག
Ngmgjj
Ngmgjj
ཨ་སར་ཆེ་བའི་དྲ་འབུ་ཚོའི་ག་རེ་བཤད་ན་མ་བཤད་ན་ཚད་བདེན་ཞིག་ནམ་ཡང་ངོན་ལན་གནང་གི་མེད། མ་ཚད་ཚོགས་གཙོའི་གྲོས་ཚོགས་ནང་སྟངས་འཛིན་མ་གནང་པ་རང་སྣང་གང་དྲན་གྱི་མྱོག་གླེང་གནང་ཅུག་པ་དེ་རིང་ཙམ་མན་པ་ཐེངས་ཁ་ཤས་བྱུང་ཟིན། ཡིན་ན་གྲོས་ཚོགས་ནང་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་དང་འཇོན་ཐང་མེད་པའི་དྲ་འབུ་འགས་སྲིད་སྐྱོང་ལ་སྐྱོན་བརྗོད་དང་ཉེས་འཛུག་རྐྱང་རྐྱང་གནང་ནས་བཞུགས།
ངོ་མ་ཡིན་ང་ཚོའི་ལྷག་བསམ་དཀར་བའི་དད་དཔོན་སྲིད་སྐྱོང་མཆོག་སྙིང་རེ་རྗེ།
ད་ལྟ་བཀའ་ཤག་གིས་འདོད་ལ་མ་འདོད་ཐོག་ཤེས་ཡོན་སྲིད་བྱུས་གང་འཚམས་ཤིག་ལག་ལེན་བསྟར་ནས་ཡོང་གི་ཡོད་པ་དེ་བོད་ཀྱི་དུས་བབ་གསར་འགྱུར་གྱི་བཀའ་དྲིན་ཐུགས་རྗེ་ཡིན་ཟེར་བ་དེ་དངོས་ཡོད་གནས་ཚུལ་རེད། དུས་བབ་ཚང་གིས་འདིའི་ཐད་འགན་འཁྲི་ཆེན་པོ་བླངས་ཏེ་ཞིབ་འཇུག་རང་བཞིན་གྱི་གསར་འགྱུར་མང་པོ་སྤེལ་སོང་། རྡ་ས་དཔེ་སྟོན་སློབ་གྲྭར་ཞིབ་འཇུག་དང་སློབ་མ་ཚོའི་རྩོམ་ཡིག་དང་ཡི་གེ་དག་ཆ་ཚུན་གྱི་གསར་འགྱུར་ཐེངས་མང་པོར་སྔོག་འདོན་བྱས་སོང་། དེ་དག་གི་བཀའ་དྲིན་གྱིས་བཀའ་ཤིག་དང་གཞུང་གི་མགོ་ཁྲིད་ཚོ་ཅི་བྱེད་འདི་བྱེད་མེད་པ་ཆགས་ནས་ཐོག་མ་ཡིད་ཆེས་དང་ལྷག་བསམ་མེད་པའི་ཐོག་ནས་ལག་བསྟར་རྫུན་མ་ཞིག་བྱས་ཡོང་སྐབས་གྲུབ་འབྲས་ཆེན་པོ་ཐོན་ཡོངས་སྐབས་གཞི་ནས་གཉིད་སད་ནས་ཤེས་ཡོན་སྲིད་བྱུས་ལ་ཡིད་ཆེས་དང་དགའ་མོས་ཕྲན་ཙམ་སླེབས་ཏེ་ལག་བསྟར་ཐོག་གོམ་པ་རིམ་པར་བརྒྱབ་པ་རེད་དོ།
ངའི་ཟིན་བྲིས་ནང་འབྲོང་བུ་ཟོག ཚ་ཟེར་བ་ཞིག་ལྐོག་འཛུལ་བྱས་འདུག གོང་གི་མཆན་དེ་ངས་བྲིས་ཀྱང་མི་འགྱུར་བའི་རྒྱུ་མཚན་ཤེས་མ་སོང་། ཁ་སང་ཡོ་རབ་ཀྱི་ཕྱི་དྲོ་ཆུ་ཚོད་བདུན་ཡས་མུས་ཤིག་དུས་བབ་གསར་འགྱུར་ཀློག་སྐབས་ངའི་སྒོ་ཕྱེ་འདུག གང་ཡིན་ན་བསམ་སོང་ཡང་སྣང་བ་དེ་ཙམ་མ་བྱུང་། དེ་རིང་ཡང་བསྐྱར་ཀློག་དུས་མིང་བརྗེས་འདུག་པས་འདི་ལ། དུས་བབ་ཚང་གིས་ཞིབ་འཇུག་གནང་རོགས་ཞུ།
ཤེས་རིག་བཀའ་བློན་གསར་པ་དངོས་གྲུབ་ཚེ་རིང་གྲོས་ཚོགས་ནང་ཕེབས་པའི་ཉི་མ་དང་པོར་ཕམ་ཁ་རི་འདྲ་ཞིག་འཁུར། ངོ་ཚ་མེ་འདྲ་ཞིག་འབར་ནས་ལོག་སོང་།
ཤེས་རིག་བཀའ་བློན་གསར་པ་དངོས་གྲུབ་ཚེ་རིང་མཆོག་གྲོས་ཚོགས་རྭ་བའི་ནང་ཕེབས་པའི་ཉི་མ་དང་པོར་ཕམ་ཁ་རི་འདྲ་ཞིག་འཁུར། ངོ་ཚ་མེ་འདྲ་ཞིག་འབར་ནས་ལོག་ཕྱིན་སོང་།
ཤེས་ཡོན་སྲིད་བྱུས་སྐོར་ལ་ཞིབ་འཇུག་ཚོགས་ཆུང་སྲིད་སྤྱི་སུས་བཙུགས་ཀྱང་ཁྱད་པར་མི་འདུག ཡིན་ནའང་སྤྱི་འཐུས་ལ་ཐོབ་པ་རེད། ཡིན་ཡང་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་བསྐོ་སྐབས་བོད་ཡིག་ཁོ་ན་ལས་མི་ཤེས་པའི་གསར་འབྱོར་སྤྱི་འཐུས་མ་བསྐོས་ན་བཟང་། ཚོགས་ཆུང་དེའི་ནང་རྒྱ་དམར་གྱི་ལག་པ་སླེབས་ན་དཔེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གཤམ་གསལ་གྱི་གཏམ་འདི་ལ་རྒྱབ་སྐྱོར་ཡོད། ཚོགས་གཙོའི་གཏམ་བཤད་དེ་སྐབས་དེར་གསར་ལམ་ཁག་ལ་ཡང་ཁྱབ་ཚར་བ་རེད། ད་ཧོབ་ག་ལ་ཟེར་བ་དེ་དྲང་བོ་ཞིག་མ་རེད་བསམས།
སྲིད་སྐྱོང་གིས་དེ་རིང་ཧོབ་དེ་སྤྱི་འཐུས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་ཡིན་ཞེས་གྲོས་ཆོད་འཁྱེར་ཡོང་ན། ཞེས་གསུངས་པ་དེ་ཀྱག་ཀྱག་ཤོད་བཞིན་ཡོད་པ་རེད། ད་ལོའི་སྤྱི་ཟླ་ ༡ ཚེས་ ༦ ་ཉིན་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་༼ཤེས་རིག་ཚོགས་ཆེན་ཐེངས་ ༦ ་པ་ཚོགས་པ ༽ཚོགས་ཡོད་པའི་སྟེང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉིན་དེར་ཤེས་རིག་དྲུང་ཆེ་ད་ལྟའི་ཤེས་རིག་བཀའ་བློན་ཡོད་ཐོག་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་ཡིན་ཞེས་གསུངས་ཚར་ཡོད་པ་རེད། དེ་མ་ཐོས་མ་མཐོང་མདོག་མདོག་གིས་ཧོབ་དེ་ག་ལ་གསུངས་པ་དེ་སྤྱི་འཐུས་རྒྱུན་ལས་ལ་ཀྱག་ཀྱག་བྱས་པ་རེད། རྒྱ་ཆེའི་མང་ཚོགས་ལྐུག་པར་བརྩིས་པ་རེད།
ཉི་མ་དེ་ལ་ཚོགས་གཙོའི་གཏམ་བཤད་ཇི་མ་ཇི་བཞིན་འདིའི་འོག་ཏུ་བཀོད་ཡོད།ཱ
“”མིང་ཙམ་མིན་པར་དོན་དངོས་སུ་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ལ་འགྲོ་ ཐུབ་དགོས་པ་དེ་གནད་འགག་ཆེན་པོ་ཞེ་དྲག་ཅིག་ཡིན་སྟབས། དེའི་ཐོག་ལ་ཤེས་རིག་ལས་ཁུངས་གཙོས་འབྲེལ་ཡོད་ཚང་མས་འགན་འཁུར་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ད་ལྟ་མང་ཚོགས་ནང་བསམ་ཚུལ་ཡོང་གི་ཡོད་སྟབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་རྟོག་ཞིབ་སྡེ་ཚན་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟུང་ད་ལྟའི་བར་དགོངས་དོན་གཞིར་བཟུང་གིས་འགྲོ་ཐུབ་འདུག་དང་མི་འདུག གནས་སྟངས་ག་འདྲ་ཆགས་འདུག་པ་སོགས་ཀྱི་ཐད་ཤེས་རིག་ཚོགས་ཆེན་འདི་ཚར་བའི་རྗེས་སུ་རྟོག་ཞིབ་མགོ་འཛུགས་རྒྱུ་ཡིན། རྟོག་ཞིབ་ཚོགས་ཆུང་དེ་རྒྱུན་ལས་ཀྱི་ཚོགས་ཆུང་ཞིག་ཡིན་སྟབས། དེའི་སྙན་ཐོ་ག་རེ་བསླེབ་པ་ཡིན་ནའང་གྲོས་ཚོགས་ནང་དུ་བགྲོ་གླེང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་མི་སྲིད་པ་མ་རེད””
འདི་མ་གོ་ཟེར་ན་འོན་པ་རེད། མ་མཐོང་ཟེར་ན་ཞྭར་བ་རེད། མ་ཤེས་ཟེར་ན་ལྐུག་པ་རེད།
སྔོན་མ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་སུ། ཁོང་གིས་གྲོས་འཆར་ཅིག་ལ་དགག་པ་བསྐྱོན་པ་ཡིན་ན། གྲོས་འཆར་དེ་འགག་འགྲོ་བ་བརྒྱ་ཆའི་བརྒྱ་རེད། གྲོས་འཆར་དེ་ལ་ཐོག་མ་སྤྱི་འཐུས་བརྒྱ་ཆ་ 98 % ཀྱིས་རྒྱབ་སྐྱོར་གནང་གི་ཡོད་ན་ཡང་། རིན་པོ་ཆེ་མཆོག་གིས་ཁོང་གིས་དགག་བྱ་གནང་དགོས་པའི་རྒྱུ་མཚན་གནད་དུ་སྨིན་པ་དང་ཁ་གསལ་བོ་གསུངས་པ་དང་། སྤྱི་འཐུས་ཚོས་དྲི་བ་རེ་ལ་དྲིས་ལན་ཚ་ཐག་ཆོད་རེ་བརྒྱབ་རྗེས་གྲོས་འཆར་དེ་ལ་ལམ་ཁ་གཅིག་ཀྱང་མེད་པ་བརྒྱ་ཆའི་བརྒྱ་ཆགས་འགྲོ་བ་རེད།
དྲ་བརྙན་བརྒྱུད་ནས་གྲོས་ཚོགས་ལ་ལྟ་རྒྱུ་བྱུང་སོང་། ཁ་སང་སྤྱི་འཐུས་ཁ་ཤས་ཤིག་ཐོམ་མ་སང་ནས་བསྡད་འདུག དྲ་བརྙན་ལས་ཞིབ་ཚགས་མོ་ཞིག་སེམས་ལ་འབབ་ཐུབ་མ་སོང་ཡང་དེ་རིང་ཡིག་ཐོག་ནས་གོང་གི་གསར་འགྱུར་ཀློག་ནས་གསལ་གསལ་ཐང་ཐང་ཟ་ཟུར་ཚང་མ་ཤེས་སོང་། དུས་བབ་ཚང་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་བཞིན་ཡོད།
འབོ་ར་བ། ད་རེ་སྤྱི་འཐུས་ཀྱི་ལས་ཀ་འདི་ཡག་པོ་འདྲ་མཐོང་སོང་། ངེས་བར་དུ་ཤེས་ཡོན་སྲིད་བྱུས་ལ་རྟོག་ཞིབ་མནན་མོ་བྱེད་དགོས་བའི་དུས་ལ་ཁེལ་འདུག འདི་ལྷོད་ཡངས་དང་རྒྱུད་ལུག་ངང་སོང་ན་མ་འོངས་བར་ང་ཚོ་ལག་སྟོང་ཆག་རྒྱུ་ལས་མེད།
ཡ་མཚན་་་་སྤྱི་འཐུས་ནང་ལའང་ཤེས་ཡོན་སྲིད་བྱུས་ལ་མི་དགའ་བའི་གླང་གོག་འདྲ་རེ་འདུག་ཀ་་་་
ཁོང་ཚོ་ཤེས་ཡོན་སྐོར་ལ་དགག་པ་རྒྱག་མཁན་དང་སྤྱི་འཐུས་ཚོར་ཟླ་ཕོགས་འཕར་དགོས་ལབ་ན་ལག་པ་གནམ་ལ་འཇོག་མཁན་ཡིན་རྒྱུ་རེད་ཡ་་་
སྲིད་སྐྱོང་གིས་དེ་རིང་ཧོབ་དེ་སྤྱི་འཐུས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་ཡིན་ཞེས་གྲོས་ཆོད་འཁྱེར་ཡོང་ན། ཞེས་གསུངས་པ་དེ་ཀྱག་ཀྱག་ཤོད་བཞིན་ཡོད་པ་རེད། ད་ལོའི་སྤྱི་ཟླ་ ༡ ཚེས་ ༦ ་ཉིན་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་༼ཤེས་རིག་ཚོགས་ཆེན་ཐེངས་ ༦ ་པ་ཚོགས་པ ༽ཚོགས་ཡོད་པའི་སྟེང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉིན་དེར་ཤེས་རིག་དྲུང་ཆེ་ད་ལྟའི་ཤེས་རིག་བཀའ་བློན་ཡོད་ཐོག་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་ཡིན་ཞེས་གསུངས་ཚར་ཡོད་པ་རེད། དེ་མ་ཐོས་མ་མཐོང་མདོག་མདོག་གིས་ཧོབ་དེ་ག་ལ་གསུངས་པ་དེ་སྤྱི་འཐུས་རྒྱུན་ལས་ལ་ཀྱག་ཀྱག་བྱས་པ་རེད། རྒྱ་ཆེའི་མང་ཚོགས་ལྐུག་པར་བརྩིས་པ་རེད།
ཉི་མ་དེ་ལ་ཚོགས་གཙོའི་གཏམ་བཤད་ཇི་མ་ཇི་བཞིན་འདིའི་འོག་ཏུ་བཀོད་ཡོད།ཱ
“”མིང་ཙམ་མིན་པར་དོན་དངོས་སུ་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ལ་འགྲོ་ ཐུབ་དགོས་པ་དེ་གནད་འགག་ཆེན་པོ་ཞེ་དྲག་ཅིག་ཡིན་སྟབས། དེའི་ཐོག་ལ་ཤེས་རིག་ལས་ཁུངས་གཙོས་འབྲེལ་ཡོད་ཚང་མས་འགན་འཁུར་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ད་ལྟ་མང་ཚོགས་ནང་བསམ་ཚུལ་ཡོང་གི་ཡོད་སྟབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་རྟོག་ཞིབ་སྡེ་ཚན་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟུང་ད་ལྟའི་བར་དགོངས་དོན་གཞིར་བཟུང་གིས་འགྲོ་ཐུབ་འདུག་དང་མི་འདུག གནས་སྟངས་ག་འདྲ་ཆགས་འདུག་པ་སོགས་ཀྱི་ཐད་ཤེས་རིག་ཚོགས་ཆེན་འདི་ཚར་བའི་རྗེས་སུ་རྟོག་ཞིབ་མགོ་འཛུགས་རྒྱུ་ཡིན། རྟོག་ཞིབ་ཚོགས་ཆུང་དེ་རྒྱུན་ལས་ཀྱི་ཚོགས་ཆུང་ཞིག་ཡིན་སྟབས། དེའི་སྙན་ཐོ་ག་རེ་བསླེབ་པ་ཡིན་ནའང་གྲོས་ཚོགས་ནང་དུ་བགྲོ་གླེང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་མི་སྲིད་པ་མ་རེད””
འདི་མ་གོ་ཟེར་ན་འོན་པ་རེད། མ་མཐོང་ཟེར་ན་ཞྭར་བ་རེད། མ་ཤེས་ཟེར་ན་ལྐུག་པ་རེད།
བློ་བཟང་རྒྱ་མཚོ་ནས
ཤེས་ཡོན་སྲིད་ཇུས་ནི་མི་རིགས་ཤིག་གི་འདས་མ་ད་གསུལ་གྱི་དར་རྒུད་ལ་རགས་ལས་བའི་སྤྱི་མཐུས་ཚོའི་བྱེད་སྟངས་འདི་ཡག་པོ་རེད། ཡིན་ཡང་དུས་ཡུན་ཐུང་ཐུང་འུར་བསྟོད་ངང་འཇུག་མི་རྫོགས་པར་གནད་འགག་ལ་འཛུ་མོ་གར་ཡ་དེ་གལ་ཆེན་རེད།
ཤེས་ཡོན་སྲིད་བྱུས་ལ་འགྲེལ་བཤད་མ་འདྲ་བ་བརྒྱབ་སྟེ་གྲོས་ཚོགས་ནང་ཁྲིམས་ར་འཚོགས་པ་ནང་བཞིན་བྱས་ཚེ། སྤྱིར་ན་ཁྲིམས་སྒྲིགས་ཟེར་བ་འདི་ཡར་འཐེན་མར་འཐེན་བྱས་ཆོག་པ་ཞིག་རེད། ཡིན་ཡང་། དེ་ལ་བཟང་སྤྱོད་དང་མི་རིགས་ཀྱི་སེམས་ཁམས་ངོས་ནས་འགྲེལ་བཤད་རྒྱབ་པ་ཡིན་ན་འགྲེལ་བཤད་མང་པོ་འགྲོ་གི་མ་རེད། བོད་ཡིག་གལ་ཆེན་ཡིན། བོད་མི་ལ་བོད་ཡིག་གི་ལམ་ནས་རང་ཉིད་རང་གི་མགོན་བྱེད་པའི་སློབ་གསོ་སྤྲོ་རྒྱུ་མི་རིགས་ཀྱི་གནད་དོན་ཆགས་ཡོད། ཅེས་པ་འདི་ཙམ་ལ་ཡིད་ཆེས་དགོས་པ་རེད། བོད་མི་རིགས་ཀྱི་སེམས་ཁམས་མ་ཡིན་པའི་བསམ་བློ་གཏོང་སྟངས་ཤིག་གིས་ཚུར་བོད་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་སྒང་ལ་བལྟས་ཡོང་དུས་དེ་ཏན་ཏན་ཆད་སྐྱོན་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་སློབ་གསོ་བ་ཚོས་ནུབ་ཕྱོགས་ཀྱི་སློབ་གསོ་ལ་བལྟས་ཡོང་དུས་དེའི་ནང་ལ་མི་ལ་དགོས་ངེས་ཀྱི་གནད་དོན་མང་པོ་ཆད་བསྡད་ཡོད་པ་མཐོང་གི་ཡོད་པ་ལྟར།
ཡིན་ཡང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒང་ལ་བསམ་བློ་གཏོང་ས་གཅིག་ཡོད་པ་ནི་མགོ་འཐོམས་ཏུ་འཇུག་པའི་སྣང་ཚུལ་ཞིག་རེད། སྲིད་སྐྱོང་མཆོག་སློབ་གྲྭ་ཁག་ལ་གཟིགས་སྐོར་དུ་ཕེབས་དུས་སློབ་གྲྭ་ཆེ་ཁག་ཏུ་རས་གཞི་ཆེན་པོའི་སྟེང་དུ་ ༼ ད་ཡོད་ཤེས་ཡོན་སྲིད་ཇུས་ཀྱིས་ང་ཚོའི་མ་འོངས་མདུན་ལམ་ལ་གནོད་ཀྱི་འདུག ༽ ཅེས་པ་ལྟ་བུ་བྲིས་ཡོད་པ་རེད། ཚིག་བརྗོད་དུ་༼ ང་ཚོ ༽ ཞེས་སླེབས་ཡོད་པར་གཞིགས་ན་་སློབ་མ་ཡིན་དགོས་པ་འདྲ་བོ་ཡོད་ཀྱང་། སློབ་མ་ཚོ་འདི་ལ་རྒྱུས་མེད།
གནད་དོན་གཉིས་པ། སྲིད་སྐྱོང་སློབ་གྲྭ་ཁག་ལ་གསུང་བཤད་གནང་གི་ཕེབས་སྐབས་སྲིད་སྐྱོང་གིས་༼ དབྱིན་སྐད་བཤད་དམ་བོད་སྐད་བཤད་ ༽ ཅེས་སློབ་མ་ཚོར་གདམས་ཀ་སྤྲོད་ཀྱི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟར་ན་བོད་ཡིག་ནི་གཞུང་འབྲེལ་སྐད་ཡིག་རེད། དེས་ན་བོད་སྐད་ཀྱང་གཞུང་འབྲེལ་སྐད་ཡིན་དགོས་པ་རེད། འདིའི་ཚབ་མཚོན་མི་སྣ་གཙོ་བོ་བཙན་བྱོལ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན་དགོས་པ་མ་རེད་དམ། ཁོང་གིས་སློབ་ཕྲུག་ཚོར་རང་གི་སྐད་རྩ་ཆེན་པོ་ཡིན་པ་དང་། སྲིད་སྐྱོང་གིས་དེ་ལ་དང་དོད་གནང་བཞིན་པའི་ཚོར་བ་མི་སྤྲོད་པར་གདམས་ཀ་སྟེར་བ་འདི་ཡང་བློ་མི་བདེ་བ་ཞིག་འདུག
ཤེས་ཡོན་སྲིད་བྱུས་གང་འཚམས་ཤིག་ལག་བསྟར་བྱས་ཏེ། ད་ལྟ་གང་ལ་གང་འཚམ་ཞིག་ལ་སླེབས་སྡོད་ཀྱི་ཡོད་པ་་དང་། ད་རེས་ཀྱང་སྤྱི་འཐུས་ཚོགས་འདུའི་སྟེང་འུར་ཆེན་པོ་ཞིག་ལངས་པ་འདི་དག་གསར་འགྱུར་བརྒྱུད་ལམ་ཁག་གིས་ཚད་འདེད་བྱས་པ་དང་། ལྷག་པར་དུ་བོད་ཀྱི་དུས་བབ་ཀྱིས་རྐང་འགན་བཞེས་ཏེ་གནས་ཚུལ་དང་རྩོམ་ཡིག་མང་པོ་སྤེལ་བ་སོགས་ལ་བརྟེན་ཏེ་བྱུང་བ་རེད། ད་དུང་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པ་དང་མང་ཚོགས་ཀྱིས་ཤུགས་མ་བསྐྱོན་པ་ཡིན་ན་གངས་ཅན་སྐྱིད་གཤོང་གི་མགོ་ལས་ཚོ་དང་སྤྱི་འཐུས་ངོ་གཉིས་མ་འགའ་རེ་ལ་ཡིད་ཆེས་དང་རེ་ཆེན་པོ་བསྐྱོན་རྒྱུ་མེད་པ་ད་རེས་གྲོས་ཚོགས་ཉི་མ་ཤར་ཤར་ལྟར་གསལ་བོ་ཆགས་སོང་།
ཤེས་ཡོན་སྲིད་བྱུས་ནི་མི་རིགས་ཞིག་འཆི་གསོན་གྱི་གནད་དོན་ཐག་གཅོད་བྱེད་ཅིག་ཡིན། གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཀྱི་རྒྱབ་ལྗོངས་མི་ཤེས་མཁན་ཡང་མང་བ་ནི་ཐབས་སྐྱོ་བ་ཞིག་རེད།
ཤེས་རིག་བཀའ་བློན་དང་སྲིད་སྐྱོང་གིས་ཤེས་ཡོན་སྲིད་བྱུས་ལ་དེ་འདྲ་མ་དགའ་བ་དང་སྡང་སེམས་བྱེད་ཀྱི་ཡོད་ན་ཁོ་རང་གཉིས་ཀྱི་འདོད་པའི་ཐོག་ལ་བཞག་བཞག་ན་འགྲིག་གི་རེད། བོད་པའི་རྩ་དོན་དང་བོད་པའི་སྐད་ཡིག་རིག་གཞུང་གི་གནད་དོན་དེ་ཚང་མར་འགན་ཡོད་པ་ཞིག་རེད།
ཡག་པོ་རེད
མི་མང་རྣམས་ཀྱི་སྐུ་ཚབ་མཚོན་པའི་འཐུས་མི་༤༤ཡོད་པ་ལས་༦གི་དགག་པ་དང།ཉི་ཤུས་རྒྱབ་སྐྱོར་གནང་ཡོད་འདུག འོན་ཀྱང་མི་མང་གི་སྐུ་ཚབ་མཚོན་པའི་འཐུས་མི་ལྷག་མ་རྣམས་ག་རེ་གནང་ནས་བཞུགས་ཡོད་དམ། གཅིག་བྱས་ན་སྲིད་སྐྱོང་གི་དགག་པ་གནང་བ་སོང་ཙང་མི་སྨྲ་བའི་བརྟུལ་བཞུགས་འཛིན་པ་ཡིན་ནམ།
གུས་པའི་བསམ་པར་ད་ལྟའི་དུས་འདིར་ཡིན་ན་ཡིན་དང། མིན་ན་མིན་ཟེར་བའི་དུས་ཚོད་རེད་མ་གཏོགས་བར་ལ་བཞུགས་པའི་དུས་ཚོད་མ་རེད་སྙམ་མོ།
ཁ་སང་གྲོས་ཚོགས་ནས་ཞིབ་འཇུག་བྱ་དགོས་མིན་ཐད་བགྲོ་གླེང་མང་པོ་བྱས་ཤིང་། བཀའ་ཤག་དང་ཤེས་རིག་ལས་ཁུངས་ནས་རྟོག་ཞིབ་ཚོགས་ཆུང་མི་འཛུགས་པའི་ཤུགས་སྣོན་གང་འཚམ་བསྐྱོན་སོང་། དེ་དང་ལྷན་གནས་ཚུལ་ཡ་མཚར་བ་ཞིག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཚོ་ཐབས་ལ་བརྟེན་བཞིན་པའི་དགེ་རྒན་དང་དགེ་འདུན་པ། རྩོམ་པ་པོ་ཡིན་ཟེར་མཁན་གྲོས་ཚོགས་འཐུས་མི་རེ་ཤས་ཀྱིས། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ལྟ་ཞོགས། མཁྱེན་རྟོགས་ཞེ་དྲགས་ཡོད་མདོག་མདོག་བྱས་ནས། མགོ་རྟིང་སང་སང་སློག་པའི་བཀའ་མོལ་གསུངས་སོང་བ་བརྙན་འཕྲིན་ནང་མཇལ་གྱི་འདུག
མིང་དང་གོ་སའི་ཆེད་དུ་གང་ཡང་གནང་སྲིད་པ་རེད་འདུག
རྩོད་པ་མང་པོ་བརྒྱབ་མཐར་སྤྱི་འཐུས་རྒྱུན་ལས་ཚང་གིས་རྒྱལ་ཁ་བླངས་བར་བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་པར་སྤྱི་འཐུས་རྒྱུན་ལས་ཚང་གིས་གཟབ་གཟབ་གནང་དགོས་ས་ཞིག་ཡོད་པ་དེ་ཞིབ་འཇུག་ཚོགས་ཆུང་འཛུགས་སྐབས། དེའི་ནང་དི་མི་འགྲོ་སུ་དག་འདེམས་ཐུབ་མིན་དེ་རེད། རྒྱ་མི་རྒྱུ་མ་དང་རྒྱུ་ཐག་གཅིག་པ་དག་བདམས་པ་ཡིན་ན་ཞིབ་འཇུག་ལམ་ལྷོང་ལྡན་པ་ཞིག་ཡོང་གི་མ་རེད་ལ། གཅིག་བྱས་ན་རྐང་བཙུགས་ནས་ཞིབ་འཇུག་གྲུབ་དོན་ལམ་ལྷོངས་མ་ཡོང་ཐབས་ལ་འབད་བརྩོན་བྱེད་སྲིད་པ་རེད།
ད་རེས་སྤྱི་འཐུས་ཀྱིས་རྒྱལ་ཁ་བླངས་འདུག གལ་སྲིད་ཞིབ་འཇུག་ཚོགས་པ་དེ་ཤེས་རིག་ལས་ཁུངས་ནས་འཛུགས་རྒྱུ་ཐག་གཅོད་གནང་ཡོད་པ་ཡིན་ན་དོན་དག་ཚར་ནི་རེད། རྒྱ་གར་བྷ་བྷུ་གསུམ་དང་བོད་པ་མགོ་འཐོམ་གཉིས་ཀྱིས་སྤྱི་ཟླ་ ༡༡ ཚེས་ ༩ ནས་ ༢༠ བར་གྱི་ཉིན་ ༡༠ ཙམ་རེད། མི་འདི་དག་གིས་ཞིབ་འཇུག་ཇི་ལྟར་གནང་དགོས་པ་རེད་ལ་དུས་ཚོད་ཐུང་ཐུང་འདི་ཙམ་ནང་གནས་ཚུལ་ག་ཚོད་ཅིག་རྟོགས་ཐུབ་ཀྱི་རེད། ཤེས་རིག་གིས་མགོ་སྐོར་ཞིག་གཏོང་བསམ་ཡོད་པ་རེད་དེ་ལམ་ལྷོངས་བྱུང་ཡོད་པ་མ་རེད།
ེཤེས་ཡོན་སྲིད་བྱུས་ཀྱི་སྙིང་དོན།
༡༽རང་གི་སྐད་ཡིག་གིས་གཙོས་སྲོལ་རྒྱུན་རིག་གཞུང་གི་རྨང་གཞི་སྟེང་རིག་གསར་གྱི་ཤེས་ཡོན་སྦྱངས་ཏེ་འདབ་གཤོག་གཉིས་ལྡན་ཞིག་བྱ་རྒྱུ་དེ་རེད།
༢༽རིམ་བཞིན་རིག་གསར་གྱི་ཤེས་ཡོན་ཚང་མ་རང་སྐད་ཐོག་བསྒྱུར་ཏེ་བོད་མི་རིགས་ཀྱི་ངོ་བོ་ཇི་སྲིད་བསྐལ་བའི་མཐའ་ལ་ཐུག་གི་བར་གསོན་གནས་ཐུབ་རྒྱུ་དེ་རེད། ༼དཔེར་ན་རྒྱ་ནག་དང་ཉི་ཧོང་གིས་རིག་གསར་གྱི་ཤེས་ཡོན་རྣམས་རང་སྐད་ཁོ་ནའི་ཐོག་བེད་སྤྱོད་ཀྱིས་མི་རིགས་གཞན་གྱི་སྐད་ཡིག་གི་བྲན་གཡོག་ཏུ་མ་ཚུད་པ་ལྟ་བུ་རེད།༽ད་རེས་སྲིད་སྐྱོང་གི་གསལ་བཤད་དང་ཚོགས་གཙོའི་ལན་འདེབས་གཉིས་ཀ་སྣང་བ་འགྲོ་བ་ཞིག་རེད། བགྲོ་གླེང་མང་ན་ཡག་གི་རེད། ཡིན་ནའི་ཤེས་ཡོན་སྲིད་བྱུས་ཡང་སྙིང་ཇི་འདྲ་ཞིག་ཡིན་མིན་ཤེས་དཀོན་པ་འདྲ།
“ཉེ་ལམ་བོད་ཁྱིམ་འགན་འཛིན་ལྷན་ཚོགས་ཚོགས་སྐབས་ལྷ་ལྕམ་རྗེ་བཙུན་པདྨ་མཆོག་གིས་ལ་དྭགས་སློབ་གྲྭ་མ་ཡིན་པའི་སློབ་གྲྭ་གཅིག་ཆ་ཚང་ཤེས་ཡོན་སྲིད་བྱུས་སྒང་ལ་འགྲོ་རྒྱུ་ཡིན་ཞེས་བཀའ་གནང་སོང་། ”
བོད་ཁྱིམ་གྱི་བཀའ་མོལ་འདི་གསར་པ་གསར་རྐྱང་རེད། ཕྱི་ལོ་ ༢༠༡༥ སློབ་དུས་ནས་འགོ་འཛུགས་ཀྱི་ཡོད་ན་བོད་ཁྱིམ་གྱི་ཤེས་ཡོན་ཁོར་ཡུག་ནང་བཀོད་ཁྱབ་འདི་ད་དུང་ཡང་མ་གོ་བས་ང་ཚོས་གྲ་སྒྲིག་སྔ་ས་ནས་བྱ་དགོས་པ་མ་ཡིན་ནམ།
” དེ་བཞིན། དགེ་རྒན་གྱི་ཕོགས་དང་ལས་འབོར་གནས་སྟངས་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ལམ་སྟོན་འོག་ཤེས་རིག་ལས་ཁུངས་ཀྱིས་བཀོད་ཁྱབ་བཏང་ཡོད། སློབ་ཕྲུག་གི་གྲངས་ཚད་དང་དགེ་རྒན་གྱི་ལས་འབོར། སློབ་ཁྲིད་བྱེད་སྟངས་ཆ་ཚང་གསལ་ཡོད། དེ་སམ་བྷོ་ཊའི་ལག་ལེན་སྟར་བཞིན་ཡོད་པ་རེད། དེ་བཞིན། དྷ་ས་བོད་ཁྱིམ་ཤེས་ཡོན་འགན་འཛིན་གྱིས་ཁྱབ་ཁོངས་སློབ་གྲྭ་ཚང་མར་དེ་ལག་བསྟར་དགོས་ཞེས་བཀའ་གནང་ཚར་འདུག མ་སུ་རི་ནས་དེའི་སྐོར་ལ་ཚོགས་འདུ་འཚོགས་བཞིན་པ་རེད། ”
ཤེས་རིག་བཀའ་བློན་མཆོག་ནས་བཀོད་ཁྱབ་འདི་ཡང་གནང་ཚར་འདུག་བས། བཀུར་འོས་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ནས་་ཕྱག་བསྟར་ག་དུས་གནང་རྩིས་ཡོད་དམ་བསམ་པའི་དོགས་པ་ཞིག་དང་ཤེས་འདོད་ཆོས་ཅན་ཞིག་གིས་འདི་ལྟར་དྲན་སྐུལ་ཙམ་དུ་བསྲིངས་སོ།།
གང་ལྟར་ཉན་ཞིབ་རེ་བྱས་ན་ཡག་པོ་འདུག དེ་མིན་གནས་སྟབས་ག་བ་སླེབས་ཡོད་མེད་ཤེས་དཀའ། ཉེ་སྔོན་དེའི་སྐོར་ལ་དོགས་སློང་གི་རྩོམ་ཡིག་ཁ་ཤས་མཐོང་བས་ག་འདྲ་ཡིན་ན་བསམ་སོང་།
ང་རང་ཡང་དགེ་རྒན་ཞིག་ཡིན། སྤྱིར་བཏང་ང་རང་ཤེས་ཡོན་སྲིད་བྱུས་ཐོག་བསམ་ཚུལ་མེད། ཡིན་ནའང་ད་རེས་ང་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་བསླངས་སོང་།
༼ ༡༽ སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཉིས་ཆས་ཞིབ་འཇུག་ཚོགས་ཆུང་དེ་འགོག་ཐབས་བྱེད་དོན་གང་ཡིན་ནམ།
༼ ༢ ༽ ཤེས་རིག་ལས་ཁུངས་ཀྱིས་རྟོག་ཞིབ་ཚོགས་པ་དེའི་ནང་བོད་པ་ལས་རྒྱ་གར་བ་མང་བ་བཞག་སྟེ་ཉིན་བཅུ་གྲངས་ལ་རྟོག་ཞིབ་ཡག་པོ་ཞིག་ཡོང་གི་རེད་དམ།
༼ ༣ ༽ ཤེས་ཡོན་སྲིད་བྱུས་ཐོག་ལོ་རེར་ཧིན་སྒོར་འབུམ་ ༨༠༠ རེ་བཏང་ཡོད་པ་དེར་སྤྱི་འཐུས་ལྷན་ཚོགས་ཀྱིས་དངུལ་དེ་འདྲ་ཕོན་ཆེན་པོ་ཞིག་ལས་དོན་གང་དག་ཐོག་བཏང་ཡོད་མེད་ཞིབ་འཇུག་གནང་ཡོད་དམ།
ང་རང་ཡང་དགེ་རྒན་ཞིག་ཡིན། སྤྱིར་བཏང་ང་རང་ཤེས་ཡོན་སྲིད་བྱུས་ཐོག་བསམ་ཚུལ་མེད། ཡིན་ནའང་ད་རེས་ང་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་བསླངས་སོང་།
༼ ༡༽ སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཉིས་ཆས་ཞིབ་འཇུག་ཚོགས་ཆུང་དེ་འགོག་ཐབས་བྱེད་དོན་གང་ཡིན་ནམ།
༼ ༢ ༽ ཤེས་རིག་ལས་ཁུངས་ཀྱིས་རྟོག་ཞིབ་ཚོགས་པ་དེའི་ནང་བོད་པ་ལས་རྒྱ་གར་བ་མང་བ་བཞག་སྟེ་ཉིན་བཅུ་གྲངས་ལ་རྟོག་ཞིབ་ཡག་པོ་ཞིག་ཡོང་གི་རེད་དམ།
༼ ༣ ༽ ཤེས་ཡོན་སྲིད་བྱུས་ཐོག་ལོ་རེར་ཧིན་སྒོར་འབུམ་ ༨༠༠ རེ་བཏང་ཡོད་པ་དེར་སྤྱི་འཐུས་ལྷན་ཚོགས་ཀྱིས་དངུལ་དེ་འདྲ་ཕོན་ཆེན་པོ་ཞིག་ལས་དོན་གང་དག་ཐོག་བཏང་ཡོད་མེད་ཞིབ་འཇུག་བྱས་ཡོད་དམ།
ང་རང་ཡང་དགེ་རྒན་ཞིག་ཡིན། སྤྱིར་བཏང་ང་རང་ཤེས་ཡོན་སྲིད་བྱུས་ཐོག་བསམ་ཚུལ་མེད། ཡིན་ནའང་ད་རེས་ང་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་བསླངས་སོང་།
༼ ༡༽ སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཉིས་ཆས་ཞིབ་འཇུག་ཚོགས་ཆུང་དེ་འགོག་ཐབས་བྱེད་དོན་གང་ཡིན་ནམ།
༼ ༢ ༽ ཤེས་རིག་ལས་ཁུངས་ཀྱིས་རྟོག་ཞིབ་ཚོགས་པ་དེའི་ནང་བོད་པ་ལས་རྒྱ་གར་བ་མང་བ་བཞག་སྟེ་ཉིན་བཅུ་གྲངས་ལ་རྟོག་ཞིབ་ཡག་པོ་ཞིག་ཡོང་གི་རེད་དམ།
༼ ༣ ༽ ཤེས་ཡོན་སྲིད་བྱུས་ཐོག་ལོ་རེར་ཧིན་སྒོར་འབུམ་ ༨༠༠ རེ་བཏང་ཡོད་པ་དེར་སྤྱི་འཐུས་ལྷན་ཚོགས་ཀྱིས་དངུལ་དེ་འདྲ་ཕོན་ཆེན་པོ་ཞིག་ལས་དོན་གང་དག་ཐོག་བཏང་ཡོད་མེད་ཞིབ་འཇུག་བྱས་ཡོད་དམ།
ང་རང་ཡང་དགེ་རྒན་ཞིག་ཡིན། སྤྱིར་བཏང་ང་རང་ཤེས་ཡོན་སྲིད་བྱུས་ཐོག་བསམ་ཚུལ་མེད། ཡིན་ནའང་ད་རེས་ང་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་བསླངས་སོང་།
སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཉིས་ཆས་ཞིབ་འཇུག་ཚོགས་ཆུང་དེ་འགོག་ཐབས་བྱེད་དོན་གང་ཡིན་ནམ།