བསྟན་པ།
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དེ་ནི་ཕྱི་ལོ་ ༢༠༠༤ ལོར་བཀའ་ཤག་སྐབས་ ༡༢ པས་གསར་བཏོད་གནང་ནས་གྲོས་ཚོགས་ཚོགས་སྐབས་ ༡༦ ཐོག་གཏན་འབེབ་བྱུང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་སྲིད་བྱུས་གལ་ཆེན་ཞིག་ཆགས་ཡོད། གང་ཡིན་ཞེ་ན། མི་ལོ་ལྔ་བཅུའི་རིང་བཙན་བྱོལ་སློབ་གྲྭ་ཁག་ནས་ཐོན་པའི་བོད་ཕྲུག་རྣམས་ནི་ནུབ་ཕྱོགས་ཀྱི་ཤེས་རིག་གཙོ་བོར་བྱེད་པའི་སློབ་གཞི་ཞིག་གི་འོག་ཚར་ལོངས་བྱུང་པ་རྐྱང་ལས། རང་གི་རིག་གཞུང་དང་སྐད་ཡིག་གཙོ་བོར་བྱེད་པའི་ཤེས་ཡོན་སྲིད་བྱུས་ཤིག་གི་འོག་ཤེས་རིག་སྦྱོང་རྒྱུའི་གོ་སྐབས་ཅུང་ཙམ་ཡང་བྱུང་མེད་པས་སོ།།
འོན་ཀྱང་ད་ལྟའི་བཀའ་ཤག་གིས་སྲིད་བྱུས་དེར་མཇུག་སྐྱོང་གནང་སྟངས་ཐད་གཟིགས་ཚུལ་འདྲ་མིན་བྱུང་དང་འབྱུང་བཞིན་ཡོད་པ་ནི་ཚང་མས་ཧ་གོ་གསལ་རེད། སྐབས་བབ་གྲོས་ཚོགས་ལ་མཚོན་ན་བཀའ་ཤག་གིས་སྤྱི་འཐུས་ལྷན་ཁང་གི་ཞིབ་དཔྱོད་ཚོགས་ཆུང་ལོགས་སུ་བཙུགས་པར་དོགས་འདྲི་དང་། གྲོས་ཚོགས་མ་ཚུགས་གོང་བྲེལ་བྲེལ་ཚུབ་ཚུབ་ཀྱིས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཚོགས་འདུ་རབ་དང་རིམ་པ་ཞིག་སྐོང་སྟངས་སོགས་ལ་བལྟས་ན། ཤེས་ཡོན་སྲིད་བྱུས་དེ་དོན་དངོས་སུ་ཆབ་སྲིད་ཀྱི་ལག་ཆ་ཞིག་དང་། དེ་ལ་ངོ་རྒྱབ་ཀྱི་རྣམ་པ་སྟོན་སྟངས་སོ་སོར་ཞིག་མེད་དམ་སྙམ་པའི་དོགས་པ་དང་སེམས་ཚོར་རང་བཞིན་གྱིས་ཡོང་གི་འདུག
ད་ལྟའི་སྲིད་སྐྱོང་གིས་ཤེས་ཡོན་གཙོ་བོ་ཡིན་གསུང་གི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ཁོང་གིས་ཤེས་ཡོན་ཞེས་པའི་ཐ་སྙད་དེར་ངོས་འཛིན་ཅི་འདྲ་ཞིག་ལ་གནང་གི་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་སྲིད་སྐྱོང་གི་ཤེས་ཡོན་གཉིས་མཐུན་མིན་ཐད་དོགས་པ་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་ཡོང་གི་འདུག དཔེར་ན། སྲིད་སྐྱོང་ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཨང་རིམ་བརྒྱ་ཆ་དེ་དག སྟེགས་བུ་ཡོད་ཚད་ཐོག་ནས་བསྟོད་སྔགས་གནང་སྟངས་ལ་གཞིགས་ན་ད་ལྟའི་བཀའ་ཤག་གི་ཤེས་ཡོན་དང་ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་གཉིས་བར་ཁྱད་པར་ཆེན་པོ་ཞིག་ཤོར་ནས་འགྲོ་བཞིན་མེད་དམ་སྙམ་པའི་སེམས་འཚབ་ཅིག་ཡོང་གི་འདུག
གལ་ཏེ་སྲིད་སྐྱོང་ནས་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་མོས་མཐུན་མེད་ན། རང་ཉིད་ནས་སྲིད་བྱུས་གསར་པ་སྟོན་རྒྱུའི་རང་དབང་དང་དབང་ཚད་ཆ་ཚང་ཡོད་ཡོད་པ་རེད། འོན་ཀྱང་ཁོང་ལ་དེ་འདྲའི་དགོངས་འཆར་མེད་པ་ནི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྐོ་འདེམས་བྱེད་སྟངས་ལས་དཔོག་ཐུབ་ཀྱང་། དོན་དངོས་ཐག་སྲིད་སྐྱོང་ཤེས་ཡོན་སྲིད་བྱུས་ལ་མོས་པ་ཡོད་ན་ཤེས་རིག་ལས་ཁུངས་ལ་བཞུགས་འཕྲལ་སྐུ་ཉིད་ནས་སྲིད་བྱུས་དེ་ལག་བསྟར་ཅི་གནང་དང་དོན་འབྲས་ཅི་བྱུང་ཐད་ལ་ཞིབ་དཔྱོད་སྐབས་དེ་དུས་བྱ་དགོས་པ་ཞིག་ཆགས་ཡོད།
ད་ཆ་ལོ་གསུམ་ལྷག་འདས་མཚམས་སྲིད་བྱུས་དེ་དོན་འཁྱོལ་དང་ཕན་འབྲས་བྱུང་མིན་གྱི་ཚོགས་ཆུང་གོ་སྒྲིག་གནང་རྒྱུ་ཡིན་པ་དེ་ནི་ཡ་མཚན་དང་། ལྷག་པར་གྲོས་ཚོགས་ཀྱི་ཚོགས་ཆུང་བཙུགས་པ་ལ་བཀའ་ཤག་གིས་བློ་ཁ་མི་བདེ་ཚུལ་བྱེད་སྟངས་སོགས་ལས་གཞི་རིམ་ཤེས་ཡོན་སྲིད་བྱུས་དེར་ཡང་སྙིང་མོས་པ་དེ་ཙམ་ཨེ་ཡོད་ན་སྙམ་པའི་དོགས་པ་དང་ཐེ་ཚོམ་སྔར་ལྷག་ཆེ་རུ་འགྲོ་བའི་རྐྱེན་རྩར་འགྱུར་སོང་།
ཤེས་རིག་བཀའ་བློན་ད་ཆ་གཞི་ནས་ལོགས་སུ་འདེམས་པ་དེ་ནི་ཡག་ས་ནས་བཤད་ན་ཤེས་ཡོན་ལ་ཐུགས་འཁུར་ཆེ་ཤེས་ཡིན་རྒྱུ་རེད་ཏེ། སྡུག་ས་ནས་བཤད་ན་སྲིད་སྐྱོང་གི་ཤེས་ཡོན་སྲིད་བྱུས་ཀྱི་དཀའ་རྙོག་དང་དྲི་བ་ཁག་ལས་གཡོལ་ཐབས་དང་། དེ་སྔའི་ལོ་གསུམ་རིང་ཤེས་ཡོན་སྲིད་བྱུས་ཁ་བཤད་ཙམ་ལས་དོན་དམ་དུ་འཐུས་ཤོར་ཆེན་པོ་བཏང་བའི་རྟགས་མཚན་ཞིག་མིན་པའི་རེ་བ་ཡོད།
ད་དུང་བཀའ་ཤག་གིས་བོད་སློབ་ཁག་རྩིས་སྤྲོད་སྐོར་གསུངས་སྐབས། འཐུས་ཤོར་ནི་འགྲོ་ངེས་རེད་གསུངས་པ་མ་གཏོགས་འཐུས་ཤོར་དེ་དག་གང་ནས་འོང་སྲིད་པ་དང་། དེ་དག་ལ་གདོང་ལེན་གྱི་ཐབས་ལམ་ཅི་ཞིག་གསར་གཏོད་གྲ་སྒྲིག་ཡོད་པ་གསུང་རྒྱུ་མི་འདུག་སྟབས། ཡང་སྙིང་ད་ལྟའི་བཀའ་ཤག་གིས་དེ་སྔ་ཤེས་ཡོན་གལ་གནད་ཆེ་ཤོས་ཡིན་ཞེས་གསུངས་པ་དེ་ཅི་འདྲ་ཞིག་ལ་གོ་དགོས་མིན་ནི་ངས་བཤད་ཚོད་ཐུབ་མ་སོང་ངོ་།།
སྲིད་སྐྱོང་ཨ་རིར་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་དེ་འདྲ་གང་ཡང་མ་རེད། དེ་ནི་བོད་མིའི་ཤེས་ཡོན་དམན་པ་དང་མཐོང་རྒྱ་ཆུང་བས་ཁོང་ཧ་ལམ་ཧར་བཊ་ཀྱི་སློབ་དཔོན་ཆེན་མོ་དེ་འདྲ་མིན་འགྲ་བསམ་གྱི་ཡོད་ས་རེད། སྲིད་སྐྱོང་མ་ཆགས་གོང་སྡེ་ཚན་ཞིག་གི་ཉམས་ཞིབ་པ་ཡིན་པ་དང་ག་དུས་གནས་དབྱུང་བཏང་མ་བཏང་ངེས་མ་མེད་པ་དེ་འདྲ་རེད། ཁོང་ལ་མཁས་དབང་གི་མིང་བཏགས་ནས་ཁཽང་གི་བྲིས་པས་རྩོམ་གྲགས་ཅན་དུས་དེབ་གང་གི་ནང་དུ་ཡང་སླེབས་མེད།
ཁོང་རང་ད་ལྟ་སྲིད་སྐྱོང་ཆགས་པ་ལ་བརྟེན་ནས་མ་འོངས་པའི་འདུན་ལམ་བཟང་དུ་ཕྱིན་པ་རེད། སྲིད་སྐྱོང་བྱས་པ་ལ་བརྟེན་ནས་ཕལ་ཆེར་གཙུག་ལག་སློབ་གྲྭར་གཏན་འཇགས་སློབ་དཔོན་གྱི་གོ་གནས་རགས་རྒྱུའི་གོ་སྐབས་ཆེ་རུ་འགྱུར་བ་རེད། སོང་ཙང་སྲིད་སྐྱོང་མཆོག་བཙན་བྱོལ་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀྲིན་བརྗེད་མིན་ཉེན།
སྲིད་སྐྱོང་ཨ་རིར་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་དེ་འདྲ་གང་ཡང་མ་རེད། དེ་ནི་བོད་མིའི་ཤེས་ཡོན་དམན་པ་དང་མཐོང་རྒྱ་ཆུང་བས་ཁོང་ཧ་ལམ་ཧར་བཊ་ཀྱི་སློབ་དཔོན་ཆེན་མོ་དེ་འདྲ་མིན་འགྲ་བསམ་གྱི་ཡོད་ས་རེད། སྲིད་སྐྱོང་མ་ཆགས་གོང་སྡེ་ཚན་ཞིག་གི་ཉམས་ཞིབ་པ་ཡིན་པ་དང་ག་དུས་གནས་དབྱུང་བཏང་མ་བཏང་ངེས་མ་མེད་པ་དེ་འདྲ་རེད། ཁོང་ལ་མཁས་དབང་གི་མིང་བཏགས་ནས་ཁཽང་གི་བྲིས་པས་རྩོམ་གྲགས་ཅན་དུས་དེབ་གང་གི་ནང་དུ་ཡང་སླེབས་མེད།
ཁོང་རང་ད་ལྟ་སྲིད་སྐྱོང་ཆགས་པ་ལ་བརྟེན་ནས་མ་འོངས་པའི་འདུན་ལམ་བཟང་དུ་ཕྱིན་པ་རེད། སྲིད་སྐྱོང་བྱས་པ་ལ་བརྟེན་ནས་ཕལ་ཆེར་གཙུག་ལག་སློབ་གྲྭར་གཏན་འཇགས་སློབ་དཔོན་གྱི་གོ་གནས་རགས་རྒྱུའི་གོ་སྐབས་ཆེ་རུ་འགྱུར་བ་རེད། སོང་ཙང་སྲིད་སྐྱོང་མཆོག་བཙན་བྱོལ་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀྲིན་བརྗེད་མིན་ཉེན།
བསྟན་པ་ལགས། ཐོབ་ཐང་དང། གོ་སའི་སྐོར་བཤད་དོན་ཅང་ཨེ་ཡོད། ང་ཚོའི་གནས་སྟངས་ནི་བཙན་བྱོལ་བ། ལུང་པ་མེད་པའི་མི། གཞན་ལ་གནས་ཚང་གཡར་ནི་སྡོད་མཁན་རེད། ང་ཚོའི་སྲིད་སྐྱོང་ལ་ཐོབ་ཐང་དང། གོ་ས་དགོས་ན་ཨ་རིར་བཞུགས་ཀྱི་རེད། ཁོང་ལ་དཀའ་ངལ་གང་ཡང་ཡོག་མ་རེད། འཛམ་གླིང་ནང་ངོས་ལེན་ཡོད་པའི་མཁས་དབང་རེད། མ་གཞི་ཁྱེད་རང་ལ་ཐུགས་ཁག་མི་འདུག། བསམ་བློ་དེ་འདྲ་གཏོང་མཁན་གྲོས་ཚོགས་ནང་ལའང་འགའ་ཤས་ཡོད་ཚོད་འདུག། རྣམ་འགྱུར་དང་སྐད་ཆ་ཤོད་སྟངས་ནས་ཤེས་ཀྱི་འདུག། སྲིད་སྐྱོང་ནི་ལྷག་བསམ་དཀར་ལ་ཤེས་འཇོན་ཡོད་མཁན་ཞིག་ཡིན་ཙང་རྒྱ་ཆེའི་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པ་རེད། དེ་ཐུགས་ལ་འཇོག་རོགས་གནང།
ཤེས་ཡོན་སྲིད་བྱུས་ཐོག་ཁ་སང་གྲོས་ཚོགས་བློ་གཟུར་བུར་གནས་པའི་བཀའ་མོལ་ཞིག་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་གསུངས་སོང་། དེ་མིན་པ་དག་གིས་ཅིག་ཤོད་ཀྱི་འདུག་ཀྱང་ཁ་ཤས་ཤིག་ཤེས་ཡོན་སྲིད་བྱུས་དང་རྒྱང་ཐག་རིང་དུ་གྱེས་འདུག
གང་ལྟར་ཡང་། བསྟན་པ་ལགས་ནས་གང་ཟབ་ཀྱི་སོ་སོའོ་སེམས་ཚོར་ལེགས་པོ་བྲིས་འདུག་ལ་ང་ཚོ་མི་བུ་ཚང་མས་དོན་དམ་གྱི་དོ་སྣང་བྱ་གལ་ཆེ། འོན་ཀྱང་། ཕྲུ་གུའི་འདུན་ལམ་ནི་ཕ་མ་དང་དགེ་རྒན། དེ་བཞིན་ཤེས་ཡོན་སྤྲོད་ཕྱོགས་སོགས་ལ་རག་ལས་ཡོད། དེར་བརྟེན་སྐབས་བབས་སུ་ཕ་མ་སོ་སོའི་ངོས་ནས་རང་གི་བུ་ཕྲུག་ལ་དཔེ་དེབ་གང་མང་ཀློག་འཇུག་དགོས།
བོད་གཞུང་གིས་ཤེས་ཡོན་སྲིད་བྱུས་ཡག་པོ་ལག་བསྟར་བྱས་ཡོང་བ་ཡིན་ན། མདོ་སྨད་སྤྱི་འཐུས་ནང་འཚང་ཁ་རྒྱག་བཞིན་པ་ཞིག་གི་གོ་སྐབས་ཤོར་འགྲོ་བ་རེད། ཁ་སང་སྤྱི་འཐུས་ཚོགས་འདུའི་སྟེང་། ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱིས་ཉེ་ལམ་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུའི་སྐབས། དང་བླངས་ཀྱིས་སྤྱི་འཐུས་འོས་མིར་ལངས་མཁན་ཞིག་གིས་ང་སྤྱི་འཐུས་ནང་སླེབས་པ་ཡིན་ན་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐོག་ཤུགས་རྒྱག་རྒྱུ་ཡིན་ཟེར་ནས་ག་ས་གང་དུ་ཁོ་རང་གི་པར་མཚོན་མདོག་ཅན་ཞིག་སྦྱར་འགྲེམས་བྱེད་བཞིན་འདུག་ཅེས་གསུངས་སོང་། མི་དེའི་གྲས་ཀྱིས་སྤྱི་འཐུས་ཀྱི་ལས་འགན་གང་ཡིན་ཡང་ར་འཕྲད་ཀྱི་ཡོད་ས་མ་རེད་དོ།།
སྲིད་སྐྱོང་ལ་མི་རིགས་ལ་རྒྱ་མེད་པ་མ་རེད། ཤེས་ཡོན་སྲིད་བྱུས་ལ་དོན་དངོས་ཀྱི་མོས་ཡོད་དམ་ཞེས་པ་ནི་ཆབ་སྲིད་ཀྱི་གནད་འགག་ཞིག་གི་ཐོག་ནས་བཤད་ཀྱི་ཡོད། རྣམ་པ་ཚོས་ཡར་མཐོན་བྱུང་བཞིན་པའི་རྒྱལ་ཁབ་ལ་གཅིག་གཟིགས་དང་། དེ་དག་གི་ནང་ཆབ་སྲིད་ཀྱི་དབང་ཚད་ཡོད་པའི་གྲལ་རིམ་ཕལ་མོ་ཆེ་རང་གི་སྐད་དང་རིག་གཞུང་ལ་མཁས་པ་མིན་པར་ནུབ་ཕྱོགས་ཀྱི་དེང་རབས་ཤེས་ཡོན་ཡོད་མཁན་ཚོས་བཟུང་ཡོད། ད་ལྟའི་བཀའ་ཤག་ནང་བོད་ཀྱི་རིག་གནས་ལྔ་ལས་གཅིག་ལ་མཁས་པ་ཞིག་འདུག་གམ།
གལ་ཏེ་ཤེས་ཡོན་སྲིད་བྱུས་ལེགས་པར་ལག་ལེན་བཀོལ་བ་ཡིན་ན་རང་བཞིན་གྱི་རྗེས་མའི་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་དང་དེང་གི་ཤེས་རིག་གཉིས་ཀ་ལ་སྦྱང་པ་ཡོད་ཇེ་མང་འགྲོ་དུས། ད་ལྟའི་དབང་ཚད་ཡོད་པའི་གྲལ་རིམ་དེ་ཚོ་དབང་ནུས་མེད་འགྱུར་སྲིད་པ་ཡིན་དུས། སྲིད་བྱུས་དེ་ལ་མོས་པ་ཡོད་ཏོག་ཏོག་ལ་དོན་དངོས་སུ་ལག་ལེན་དེ་ཙམ་གནང་གི་མེད།
ངས་བསམས་ན། ང་ཚོ་སྲིད་སྐྱོང་ནི་རང་གི་མི་རིགས་ལ་ཤ་ཞེན་མེད་པ་ཞིག་གཏན་ནས་ཡིན་གྱི་མ་རེད་བསམས། ཤེས་ཡོན་སྲིད་བྱུས་ཀྱི་གནད་དོན་ཐོག་ཆ་ཚང་ལ་མ་ཚང་བ་ཞིག་ཡོད་པ་ནི། ཤེས་ཡོན་སྲིད་བྱུས་ཀྱི་ཡང་སྙིང་ཐུག་ས་འདྲ་བ་དེ་ངོས་ཟིན་མཁན་དཀོན་པོ་རེད། ད་ལྟའི་གྲོས་ཚོགས་ནང་ལའང་ཤེས་ཡོན་སྲིད་བྱུས་དགོངས་དོན་དང་ཕུགས་རེ་བཅས་གཞི་གང་ལ་ཐུག་པ་དང་། ཇི་ལྟར་བྱུང་བ། མཐར་གང་འདྲ་ཞིག་ལ་འགྱུར་དགོས་པར་ཉམས་ཞིབ་དང་དགོངས་བཞེས་ཀྱིས་བཀའ་མོལ་གནང་མཁན་ཉུང་ཉུང་རེད་འདོད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཏུ་གྱུར་པར་འདོད། ཕྲན་ལ་མཚོན་ནའང་ཤེས་ཡོན་སྲིད་བྱུས་ལ་ལོ་ཤས་རིང་གོམས་འདྲིས་བྱས་ཀྱང་གནད་དོན་རྟོགས་མ་སོང་། རིམ་བཞིན་༸གོང་ས་མཆོག་གི་བཀའ་སློབ་སྔ་ཕྱི་ཚང་མར་ལྟ་ཀློག་བྱས་རྗེས་གཞི་ནས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་ཤེས་ཡོན་སྲིད་བྱུས་ལག་བསྟར་དགོས་པའི་ཡང་སྙིང་ལ་གོ་བ་ལོན་ཙམ་བྱུང་། དེ་ལྟར་ཞིབ་འཇུག་གི་རྒྱབ་ལྗོངས་བརྟན་པོ་ཞིག་ང་ཚོའི་སྲིད་སྐྱོང་མཆོག་ལ་ཡོང་ཁག་པོ་རེད། རྒྱུ་མཚན་ནི་ཁོང་ནི་བོད་ཀྱི་སྲིད་སྐྱོང་ཡིན་ཙང་ལས་དོན་མང་བོ་ལ་མགོ་འཁོར་དགོས་ཤིང་། གཤམ་འོག་མི་ཡིས་དེ་སྐོར་གང་བཤད་ལ་ཉན་དགོས་པའི་དཀའ་ངལ་འདི་དང་། ཕྱོགས་གཞན་ཞིག་ནས་ལ་ལ་ཞིག་གིས་མི་རིགས་ཤིག་གི་ཕུགས་རྒྱང་རིང་བའི་གནད་དོན་ལ་ལྟ་རྒྱུ་ལས། འཕྲལ་གྱི་ལྟོ་གོས་གནས་མལ་ལ་རྟེན་གཞི་བཟོ་བར་འདོད་པ་དེས་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་དཀའ་བ་ཞིག་དང་། འགོག་རྐྱེན་དུ་འགྱུར་བ། རབ་རིབ་ཏུ་འགྱུར་བའི་གཞི་རྩ་ཆགས་ཡོད་པ་རེད།
ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་དྲ་འབུ་འགས་ཤེས་ཡོན་སྲིད་ཇུས་ཁ་ལ་འཁྱེར་ནས་དཀྲུགས་ཤིག་དང་མྱོག་གླེང་མང་དག་ཞིག་གནང་གི་འདུག་པས་་་་་་་གང་གཟབ་གནང་གལ་ཆེ།
ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་དྲ་འབུ་འགས་ཤེས་ཡོན་སྲིད་ཇུས་ཁ་ལ་འཁྱེར་ནས་དཀྲུགས་ཤིག་དང་མྱོག་གླེང་མང་དག་ཞིག་གནང་གི་འདུག་པས་་་་་་་གང་གཟབ་གནང་གལ་ཆེ།
བློ་རྒྱམ་ནས། འུ་ཚོས་ནམ་ནམ་ཞར་ཞར་དུ་ཁ་རང་ལ་བསྐོར་བ་ལས་ཕྱི་ལ་བསྐོར་མེད། དེའི་རྐྱེན་ད་རེ་འདི་ལ་སྐྱོན་བརྗོད་གཅིག་པོ་མ་ཡིན་པར་བསམ་ཚུལ་བཤད་ན་བཟང་སྤྱོད་དང་མ་འགལ་བའི་ཐོག་ནས་བཤད་ཡ་གལ་ཆེའོ།
བློ་རྒྱམ་ནས། འུ་ཚོས་ནམ་ནམ་ཞར་ཞར་དུ་ཁ་རང་ལ་བསྐོར་བ་ལས་ཕྱི་ལ་བསྐོར་མེད། དེའི་རྐྱེན་ད་རེ་འདི་ལ་སྐྱོན་བརྗོད་གཅིག་པོ་མ་ཡིན་པར་བསམ་ཚུལ་བཤད་ན་བཟང་སྤྱོད་དང་མ་འགལ་བའི་ཐོག་ནས་བཤད་ཡ་གལ་ཆེའོ།
བློ་རྒྱམ་ནས། འུ་ཚོས་ནམ་ནམ་ཞར་ཞར་དུ་ཁ་རང་ལ་བསྐོར་བ་ལས་ཕྱི་ལ་བསྐོར་མེད། དེའི་རྐྱེན་ད་རེ་འདི་ལ་སྐྱོན་བརྗོད་གཅིག་པོ་མ་ཡིན་པར་བསམ་ཚུལ་བཤད་ན་བཟང་སྤྱོད་དང་མ་འགལ་བའི་ཐོག་ནས་བཤད་ཡ་གལ་ཆེའོ།