མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་རང་བཙན་མི་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་བྱེད་མིན་ལ་མང་མོས་འོས་བསྡུ་བྱས་པར་མང་ཚོགས་བརྒྱ་ཆ་ ༥༥ ཡིས་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུའི་འོས་ཤོག་འཕངས་ཡོད་འདུག

ཟླ་འདིའི་ཚེས་ ༡༨ ཉིན་དབྱིན་ཇིའི་གཞུང་གིས་སེ་ཀོ་ལན་ཌི་ (Scotland) དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་བྱེད་མིན་ལ་མང་མོས་འོས་བསྡུ་བྱས་སྐབས། མང་ཚོགས་བརྒྱ་ཆ་ ༤༤།༧ ཡིས་སོ་ཀོ་ལན་ཌི་ལ་རང་བཙན་དགོས་པའི་འོས་ཤོག་འཕངས་ཡོད་པ་དང་། མང་ཚོགས་བརྒྱ་ཆ་ ༥༥།༣ ཡིས་དབྱིན་ཇིའི་མངའ་འོག་ཏུ་མུ་མཐུད་སྡོད་རྒྱུའི་འོས་ཤོག་འཕངས་ཡོད་སྟབས། སི་ལོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུའི་མང་མོས་ཐོབ་ཡོད་ཅིང་། དེ་ནི་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་བསྡད་དེ་ལོ་ ༣༠༧ འཁོར་རྗེས་བྱུང་བའི་མང་མོས་འོས་བསྡུ་དང་པོ་དེ་ཆགས་ཡོད་འདུག

སི་ཀོ་ལན་ཌི་རྒྱལ་ཡོངས་སུ་མི་འབོར་ས་ཡ་ ༧ ལྷག་དང་། འོས་བསྡུའི་ས་ཁུལ་ ༣༢། འོས་བསྡུའི་ས་ཚིགས་ ༢༦༠༠ དུ་གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཡོད་པའི་མི་ས་ཡ་ ༦ ཙམ་ཡོད་པ་ལས། ཐེངས་འདིར་དེབ་སྐྱེལ་བྱས་ཡོད་པ་ས་ཡ་ ༥ དང་ཕྱེད་ལྷག་བྱུང་ཡོད་ཀྱང་། དངོས་སུ་འོས་ལྡུག་མཁན་ས་ཡ་ ༤།༢ ཙམ་ལས་བྱུང་མེད་པ་དང་། དེ་དག་ཁྲོད་བརྒྱ་ཆ་ ༦༢ ཙམ་གཞོན་སྐྱེས་ལོ་ ༡༦ ནས་ ༤༥ བར་ཆགས་ཡོད་པ་དང་། དེ་མིན་ལོ་ ༤༦ ནས་ ༦༥ བར་གྱིས་བརྒྱ་ཆ་ ༣༠ ལྷག་ཟིན་ཡོད་འདུག

ཁ་སང་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་རྗེས་དབྱིན་ཇིའི་སྲིད་བློན་ཌ་ཝུ་ཌི་ཁེམ་རོན་ (David Cameron)གྱིས། “ད་རེབ་འོས་འདེམས་གྲུབ་འབྲས་ལ་དྲང་བཞག་མིན་པའི་གནས་ཚུལ་གང་ཡང་བྱུང་མེད་སྟབས། འོས་བསྡུ་བསྐྱར་དུ་བྱེད་དགོས་པ་གང་ཡང་ཆགས་མེད། སི་ཀི་ལན་ཌི་མང་ཚོགས་ཚོས་དབྱིན་ཇིའི་མངའ་འོག་ཏུ་མུ་མཐུད་སྡོད་རྒྱུའི་ཐག་གཅོད་བྱས་པ་དེས། རྒྱལ་ཁབ་བཞི་ལས་གྲུབ་པའི་དབྱིན་ཇིའི་མནའ་འབྲེལ་སྲིད་གཞུང་འདི་ཁ་བྲལ་མ་དགོས་བར་མུ་མཐུད་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་ཐུབ་པ་བྱུང་ཡོད་སྟབས། དགའ་སྤོབས་ཆེན་པོ་བྱུང་སོང་། ངས་དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་སྐབས་གལ་ཏེ་དབྱིན་ཇི་མནའ་འབྲེལ་སྲིད་གཞུང་འདི། དུམ་བུར་སོང་ཚེ་བློ་ཕམ་དགོས་པ་ཞིག་རེད་ཅེས་བརྗོད་པ་ལྟར། རྒྱ་ཆེའི་མང་ཚོགས་ཚོས་ཀྱང་བློ་འཚབ་དེ་བཞིན་བྱུང་ཡོད་སྟབས། ད་རེབ་འོས་བསྡུ་འདི་བརྒྱུད་སླར་ཡང་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་གནས་ཐུབ་པ་བྱུང་ཡོད་སྟབས། མ་འོངས་པར་དབྱིན་ཇིའི་གཞུང་གིས་སོ་ཀོ་ལན་ཌི་དང་ཝོལ་སེ་ ( Wales)། ནུབ་ཨར་ལན་ཌི་ (Northern Ireland) བཅས་ཀྱི་རྒྱབ་སྐྱོར་འོག་དབྱིན་ཇིའི་རྒྱལ་འབྲེལ་སྲིད་གཞུང་འདི་འཛམ་གླིང་ཐོག་སྟོབས་འབྱོར་མངའ་ཐང་ཅན་གྱི་རྒྱལ་ཁབ་ཅིག་ཡོང་ཐབས་བྱ་རྒྱུ་ཡིན” ཞེས་བརྗོད་འདུག

ཁོང་གིས་མ་འོངས་ལས་དོན་བྱེད་ཕྱོགས་ཐད་མུ་མཐུད་བརྗོད་དོན། “€œདབྱིན་ཇིའི་སྲིད་དོན་ཚོགས་པ་ཆེ་ཁག་གསུམ་གྱིས་སི་ཀོ་ལན་ཌི་རང་བཙན་བྱེད་མིན་གྱི་མང་མོས་འོས་བསྡུ་མ་བྱས་སྔོན་ལ། སི་ཀོ་ཊི་ལན་ཌི་མི་དམངས་ལ་དབྱིན་ཇིའི་གཞུང་གིས་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུ་ཙམ་མ་ཟད། ས་གནས་གཞུང་ལ་དཔྱ་ཁྲལ་བསྡུ་ཕྱོགས་ཀྱི་དབང་ཚད་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་དག་མ་འོངས་པར་དབྱིན་ཇིའི་གཞུང་གིས་ཁ་བཤད་ལག་བསྟར་དོན་འཁྱོལ་ཐུབ་པ་བྱུ་རྒྱུ་ཡིན” €ཞེས་སོགས་བརྗོད་འདུག

སེ་ཀོ་ལན་ཌིའི་བློན་ཆེན་དང་པོ་སཱལ་མོན་ (Alex Salmond) གྱིས། “ད་རེབ་མང་མོས་འོས་བསྡུའི་ཁྲོད་སི་ཀོ་ལན་ཌི་རང་བཙན་ཤོག་ཁག་ཕམ་ཉེས་བྱུང་ཡོད་ཀྱང་། མང་ཚོགས་ ༡༦༡༧༩༨༩ ལྷག་གིས་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་རང་བཙན་དགོས་པའི་འོས་ཤོག་འཕངས་ཡོད་སྟབས། མ་འོངས་པར་དབྱིན་ཇིའི་གཞུང་གིས་དེ་སྔོན་སི་ཀོ་ལན་ཌི་ལ་རང་སྐྱོང་གི་གནས་བབ་ཆེན་པོ་ཞིག་སྤྲོད་རྒྱུའི་ཐག་གཅོད་གནང་ཡོད་པ་དེ་དག་ལག་བསྟར་དོན་འཁྱོལ་ཐུབ་པ་བྱ་དགོས། ཐེངས་འདིའི་འོས་བསྡུར་མང་ཚོགས་བརྒྱ་ཆ་ ༨༦ ཙམ་གྱིས་མཉམ་ཞུགས་བྱས་པ་དེ་ནི། དམངས་གཙོའི་ལམ་ལུགས་ནང་བྱུང་མྱོང་མེད་པའི་འོས་བསྡུ་ཞིག་ཆགས་ཡོད།” €ཅེས་སོགས་བརྗོད་འདུག

སི་ཀོ་ལན་ཌི་རྒྱལ་ཡོངས་འོས་བསྡུ་འདིར་རྒྱལ་སྤྱིའི་ཐོག་རང་བཙན་འཐབ་རྩོད་བྱེད་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གིས་དོ་སྣང་བྱས་ཡོད་པ་ཙམ་མ་ཟད། ལྷག་པར་དུ་སི་པན་གྱི་ཁྱབ་ཁོངས་སུ་ཡོད་པའི་ཁེ་ཌ་ལོ་ནེ་ཡ་(Catalonia)དང་། ཁེ་ན་ཌའི་མངའ་འོག་གི་ཁེའུ་བྷེག་ (Quebec)། ཨི་ཌ་ལིའི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཙམ་མ་ཟད། ཟླ་འདིའི་ཚེས་ ༡༧ ཉིན་སི་པན་ཁྱབ་ཁོངས་ཀྱི་ཁེ་ཌ་ལོ་ནེ་ཡའི་མང་ཚོགས་ཁྲི་ ༡ ལྷག་གཞུང་ལམ་ཐོག་ཐོན་ཏེ་རང་བཙན་དགོས་སྐོར་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལམ་ཁག་ཏུའང་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་ཁ་བྲལ་རང་བཙན་ཐོབ་ཚེ། དབྱིན་ཇིའི་སྲིད་བློན་ཁེམ་རོན་མཆོག་ནི་དབྱིན་ཇིའི་ལོ་རྒྱུས་ཁྲོད་ཀྱི་ཉེས་ཅན་པ་ཞིག་ཆགས་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད།

དབྱིན་ཇིའི་སྲིད་བློན་ཟུར་བ་གྷོ་ཌིན་བྷོ་རོན་གྱིས། “€œསི་ཀོ་ལན་ཌི་མང་ཚོགས་མང་ཆེ་བས་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུའི་འོས་ཤོག་འཕངས་ཡོད་སྟབས། མ་འོངས་པར་འོས་བསྡུའི་དམག་ས་འདི་ནས་ཐུན་མོང་གི་གཞི་རྟེན་འཚོལ་བར་བསྐྱོད་དགོས་སྟབས། དབྱིན་ཇིའི་གཞུང་གིས་སྔར་ལྷག་འབད་བརྩོན་བྱས་ཏེ་དབྱིན་ཇིའི་རྒྱལ་འབྲེལ་རྒྱལ་ཁབ་འདི་འབྱོར་ཕྱུག་ལྡན་པ་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས” €ཞེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུའི་མང་མོས་རྒྱལ་ཁ་ཐོབ་ཡོད་ཀྱང་། འོས་བསྡུ་མ་བྱས་གོང་དབྱིན་ཇིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་སྡོད་དགོས་སྐོར་ཤུགས་ཆེན་པོ་ཁྱབ་བསྒྲགས་བྱས་ཡོད་སྟབས། རང་བཙན་ལ་དགའ་མོས་ཡོད་མཁན་ཚོས་མ་རྣམ་འགྱུར་མི་ལེགས་པ་སྟོན་སྲིད་སྐོར་བརྗོད་འདུག

ཁ་སང་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་མུ་མཐུད་སྡོད་རྒྱུའི་གསལ་བསྒྲགས་བྱས་ཡོད་སྟབས། དེ་རིང་སྔ་དྲོ་སེ་ཀོ་ལན་ཌིའི་བློན་ཆེན་དང་པོ་སཱལ་མོན་ (Alex Salmond)ཡིས་གསར་འགྱུར་བརྒྱུད་ལམ་ཐོག་ཁོང་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

ད་ཐེངས་ཀྱི་འོས་བསྡུ་འདིའི་ཁྲོད། སི་ཀོ་ལན་ཌིའི་གྲོང་ཁྱེར་ཆེ་ཤོས་གྷེ་ལཱ་སེ་གྷོ་ (Glasgow) ཡི་མང་ཚོགས་བརྒྱ་ཆ་ ༥༣ དང་། ནུབ་དྷུན་བྷར་ཌོན་ཤཱེ་རེ་(West Dunbartonshire) གྲོང་ཁྱེར་གྱི་མང་ཚོགས་བརྒྱ་ཆ་ ༥༤། དྷུན་ཌི་ (Dundee) གྲོང་ཁྱེར་གྱི་མང་ཚོགས་བརྒྱ་ཆ་ ༥༧། ནུབ་ལཱ་ནག་ཤཱེ་རེ་ (North Lanarkshire) གྲོང་ཁྱེར་གྱི་མང་ཚོགས་བརྒྱ་ཆ་ ༥༡ བཅས་ཀྱིས་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་དགོས་སྐོར་འོས་ཤོག་འཕངས་ཡོད་ཀྱང་། ཨི་ཌིན་བྷག་དང་ཨ་བྷར་ཌིན་ཤཱེ་རེ་ (Aberdeenshire)། ཧྥལ་ཁེར་(Falkirk)། ཨིན་ཝར་(Inverclyde)། ཨི་ལན་ (Eilean Siar)། ཁེ་ལག་མན་ (Clackmannanshire) སོགས་འོས་བསྡུའི་ས་ཁུལ་ ༢༨ ཙམ་གྱིས་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུའི་འོས་ཤོག་འཕངས་ཡོད་སྟབས། མང་ཚོགས་ ༢༠༠༠༡༩༢༦ གིས་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུ་དང་། མང་ཚོགས་བརྒྱ་ཆ་ ༡༦༡༧༩༨༩ ཡིས་རང་བཙན་དགོས་པའི་འོས་ཤོག་བླུགས་ཡོད་སྟབས། བརྒྱ་ཆར་བཀུག་ན་བརྒྱ་ཆ་ ༤༤།༧ གྱིས་རང་བཙན་དགོས་སྐོར་དང་། བརྒྱ་ཆ་ ༥༥།༣ གྱིས་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུར་འོས་ཤོག་འཕངས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese