མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་ལ་དྭགས་ནས་ཕྱིར་འཐེན།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་བར་གྲོས་མོལ་བརྒྱུད་ལ་དྭགས་ནང་བཙན་འཛུལ་བྱེད་བཞིན་པའི་རྒྱ་དམག་ཕྱིར་འཐེན་བྱ་རྒྱུ་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༦༩ པ་འཚོགས་བཞིན་པའི་སྐབས་དང་བསྟུན་ཏེ། རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་སོ་ཞི་མཱ་ (Sushama Swaraj)རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་ (Wang Yi) ལ་ཐུག་འཕྲད་བྱས་ཏེ། ཟླ་འདིའི་ ༢༡ ཉིན་ནས་བཟུང་རྒྱ་དམག་ ༥༠ ལྷག་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་གནས་ཆུ་དམར་ནང་འཛུལ་ཏེ། སྡོད་གུར་བརྒྱབ་པ་མ་ཟད་དང་སྤྱི་ལེ་ལྔ་ཙམ་གྱི་སར་ལམ་ཁ་བཟོས་པར་བརྟེན། ཕྱོགས་གཉིས་ཀྱི་དམག་མི་ཆིག་སྟོང་ཙམ་ཕན་ཚུན་ཁ་གཏད་དུ་ལངས་པའི་ཛ་དྲག་གནས་སྟངས་སྐོར་ལ་གྲོས་མོལ་བྱས་མཐར། དེ་རིང་ནས་བཟུང་ཟླ་འདིའི་ཚེས་ ༣༠ ཉིན་བར་ཕྱོགས་གཉིས་ཀྱི་དམག་མི་ཁོངས་སོ་སོའི་རྒྱལ་སྲུང་ས་ཚིགས་སུ་ཕྱིར་ལོག་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག

ཕྱི་སྲིད་བློན་ཆེན་ལྕམ་སོ་ཞི་མཱ་ཡིས་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གསར་འགོད་པར། ཟླ་འདིའི་ནང་སྲིད་འཛིན་ཞི་ཅིན་ཕིན་ཐེངས་དང་པོར་ལྡི་ལིར་གཟིགས་སྐོར་སྐབས། རྒྱ་དམག་གིས་ལ་དྭགས་བཙན་འཛུལ་གྱིས་མི་མང་ལ་མིག་དཔེ་ངན་པ་བཞག་ཡོད་ཀྱང་། རྒྱ་གར་ལ་མཚོན་ན་ཁོ་རང་གི་གཟིགས་སྐོར་ལ་གྲུབ་འབྲས་ཆེན་པོ་བྱུང་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ཅེས་སོགས་བརྗོད་འདུག  

ས་མཚམས་རྩོད་རྙོག་ཐད་རྒྱ་ནག་ཧྲེང་ཧེ་སྤྱི་ཚོགས་ཚན་རིག་ཁང་གི་རྒྱལ་སྤྱིའི་སྲིད་དོན་འབྲེལ་ལམ་གྱི་ཉམས་ཞིབ་པ་ཧོ་ཏྲི་ཡུང་ཟེར་བས། མུ་དྷི་གཞུང་གིས་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་ས་ཐིག་ (LAC) ཁུལ་དུ། གཞུང་ལམ་འཛུགས་སྐྲུན་དང་ལག་ཆ་དབོར་འདྲེན་བྱས་ཏེ་གཏན་སྲུང་ས་ཚིགས་རྒྱག་པར་གྲ་སྒྲིག་བྱེད་ཀྱིན་ཡོད། དེ་ནི་ཁྲིམས་འགལ་གྱི་དམག་དོན་ཐབས་ཇུས་ཤིག་ཡིན་སྟབས་རྒྱ་ནག་གིས་བརྡ་ལན་མི་སྤྲོད་ག་མེད་བྱུང་བ་ཞིག་རེད་ཅེས་བརྗོད་འདུག

རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས། རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ས་ཐིག་ (LAC) ལ་ངོས་འཛིན་བྱེད་སྟངས་མ་འདྲ་བའི་དབང་གིས་ས་མཚམས་རྩོད་རྙོག་ལྷག་གི་ཡོད་ཀྱང་། གང་མགྱོགས་པེ་ཅིན་དང་ལྡི་ལི་གཉིས་ཀྱིས་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

འདིའི་ཐད་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་བཟོད་པ་ལགས་ཀྱིས་བརྗོད་པར། ཉེ་བའི་ལོ་བཅུ་ཕྲག་གཉིས་གསུམ་རིང་རྒྱ་གར་གཞུང་གིས་ལ་དྭགས་ཁུལ་གྱི་ས་མཚམས་སྣང་མེད་བཞག་པར་བརྟེན། ལ་དྭགས་ཁུལ་གྱི་རྩྭ་ས་མང་པོ་ཞིག་རྒྱ་ནག་གི་ལག་ཏུ་ཤོར་ཏེ་ད་ལྟ་རྒྱ་ནག་གི་བདག་དབང་ཡོད་ཚུལ་གྱིས་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཟིགས་སྐོར་སྐབས། རྒྱ་གར་སྲིད་བློན་མུ་དྷི་ཡིས་རྒྱ་དཀར་ནག་གཉིས་བར་སྔ་བོ་ནས་ཡིད་ཆེས་བློས་ཐུབ་ཀྱི་འབྲེལ་ལམ་ཡོད་ན། རྒྱལ་ཁབ་གཉིས་ཀྱི་ས་མཚམས་དང་སྲིད་དོན་འབྲེལ་ལམ་ཞི་བདེ་ཡོང་ངེས་རེད་ཅེས་བརྗོད་པ་དང་། དེ་མཚུངས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཀྱང་། ཁོས་རྒྱ་གར་དང་མཉམ་དུ་ས་མཚམས་སུ་ཞི་བདེ་བརྟན་བརླིང་ཡོང་བར་མཉམ་ལས་བྱེད་པར་ཁས་ལེན་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག 

སྲིད་དོན་དབྱེ་ཞིབ་པ་ཚོས། མུ་དྷི་ཡིས་ཉི་ཧོང་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཚང་མར་སྲིད་དོན་དང་དམག་དོན་ གཙོས་ཚོང་ལས་དང་རིག་གཞུང་ལ་སོགས་ཀྱི་འབྲེལ་ལམ་དམ་ཟབ་གཏོང་གི་ཡོད་སྟབས། ཞི་ཅིན་ཕིན་གྱིས་མུ་དྷི་ལ་སྣོན་ཤུགས་དང་མི་དགའ་བའི་རྣམ་འགྱུར་སྟོན་ཆེད། རྒྱ་གར་ས་ཁོངས་སུ་ཡང་ཡང་བཙན་འཛུལ་བྱས་པ་དང་། རྒྱ་ནག་གི་དམག་དཔོན་ཚོས་ས་ཁུལ་རང་བཞིན་གྱི་དམག་འཁྲུག་རྒྱག་པར་གྲ་སྒྲིག་བྱེད་དགོས་པའི་གཏམ་བཤད་སྤེལ་ཡོད་ཚུལ་བརྗོད་འདུག 

རྒྱ་གར་གཞུང་གིས་ད་ལོའི་ཟླ་བ་བརྒྱད་རིང་རྒྱ་དམག་གིས་རྒྱ་གར་གྱི་ས་མཚམས་ནང་ཐེངས་ ༣༣༤ ཙམ་ཚུར་བརྒལ་བྱས་ཡོད་ཚུལ་བརྗོད་པ་ལྟར། རྒྱ་ནག་གིས་ཀྱང་རྒྱ་གར་དམག་མིས་ཕར་ཕྱོགས་ས་མཚམས་ནང་ཐེངས་ ༤༡༠ ཙམ་བརྒལ་ཡོད་པའི་སྐྱོན་འཛུགས་བྱས་ཡོད་འདུག  

༡༩༦༢ ལོར་རྒྱ་དཀར་ནག་བར་དམག་འཁྲུག་བྱུང་བའི་རྗེས་ནས་ད་ལྟའི་བར་ས་མཚམས་སྐོར་ལ་གྲོས་མོལ་ཐེངས་ ༡༧ ཙམ་བྱས་ཡོད་ཀྱང་དོན་འབྲས་སོན་མེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༤ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese