མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་མི་མང་གི་བདེ་དོན་ཐོག་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༤/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་དུས་གཉིས་པ་ཚོགས་ཏེ། ས་གནས་མགོ་འཛིན་དང་འཐུས་མི་མཉམ་འཛོམས་ཐོག་ས་གནས་མི་མང་གི་བདེ་དོན་སོགས་ཀྱི་སྐོར་ལ་བགྲོ་གླེང་གོ་བསྡུར་གནང་ཡོད་འདུག

འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༢༨ ཉིན་སྐབས་བརྒྱད་པའི་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་དུས་གཉིས་པ་དྷ་ས་ས་གནས་ཁོར་ཡུག་ཚོགས་ཁང་དུ་ཚོགས་ཡོད་པ་དང་། དེར་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། དྷ་ས་ས་གནས་མགོ་འཛིན། ས་གནས་ཀྱི་འཐུས་མི་བཅས་མི་ ༡༢ འཛོམས་ཏེ། ས་གནས་མི་མང་གི་བདེ་དོན་དང་ཁོར་ཡུག འཕྲོད་བསྟེན། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་བཅས་ཀྱི་སྐོར་ལ་བགྲོ་གླེང་གོ་བསྡུར་གནང་ཡོད་འདུག

ཐེངས་འདིའི་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་ནང་ཚོགས་གཙོ་ངག་དབང་མཐར་པ་ལགས་ཀྱིས། འདི་ལོའི་དབྱར་ཚོགས་དང་དགུན་ཚོགས་བཅས་ཚོགས་དུས་གཉིས་ཀྱི་བར་སྐབས་སུ་ས་གནས་མགོ་འཛིན་ལས་ཁུངས་ལ་གད་སྙིག་གཙང་བཟོའི་རླངས་འཁོར་ཉོ་བྱེད་དུ་ཧིན་སྒོར་འབུམ་ ༡༢ བར་བརྒལ་བཀའ་འཁྲོལ་དང་། ཁོར་ཡུག་ལས་ཁུངས་ཀྱི་ཆེད་དུ་ཧིན་སྒོར་འབུམ་ ༢༨༠༠༠༠ བཀའ་འཁྲོལ་སྤྲད་ཡོད་སྟབས། ས་འཐུས་རྣམ་པས་མཁྱེན་རྟོགས་ཡོང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ས་གནས་འགོ་འཛིན་མཉམ་ཞུགས་གནང་བཞིན་པའི་སྐབས་འདིར་གནད་དོན་གསལ་བཤད་དང་། དྲི་བ་གཏོང་རྒྱུ། བསམ་ཚུལ་ཞུ་རྒྱུ་ས་འཐུས་རྣམ་པས་ལས་འགན་ཆགས་ཡོད་པ་ཤེས་པའི་ཐོག་བཀའ་མོལ་གནང་རྒྱུ་དང་། བོད་མིའི་དཀའ་ངལ་སེལ་རྒྱུར་༧གོང་ས་མཆོག་གི་དགོངས་གཞི་ལམ་དབུ་མའི་སྲིད་བྱུས་གཞིར་བཟུང་། བོད་རྒྱ་གཉིས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལངས་ཕྱོགས་གང་ཡིན་པ་མཁྱེན་པའི་ཐོག་ནས་གཡས་ཞོལ་གཡོན་འཐེན་མེད་པར་ཤར་བསྐྱོད་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། རེ་བ་མཐོང་གི་ཡོད་མེད་གང་ལྟར་ཀྱང་། ནུས་པ་མཉམ་དུ་སྤུངས་པ་ཡིན་ན་གྲུབ་འབྲས་རྩ་ནས་མེད་པ་ཆགས་མི་སྲིད་པ་ཞིག་ཡིན་སྐོར་སོགས་གཏམ་བཤད་གནང་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་ས་འཐུས་ཚོས་དྷ་ས་ས་གནས་མི་མང་གི་བདེ་དོན་དང་ཁོར་ཡུག འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་དང་འབྲེལ་བའི་གལ་གནད་ཅན་གྱི་གནད་དོན་དང་། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་དང་འབྲེལ་བའི་སྐོར་བཅས་ལ་དྲི་བ་དང་བསམ་ཚུལ་ཞུས་ཡོད་པ་དང་། ས་གནས་མགོ་འཛིན་གྱིས་ས་འཐུས་རྣམ་པས་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད། ཚང་མ་མཉམ་རུབ་ཀྱིས་ས་གནས་དཀའ་ངལ་སེལ་ཐབས་སུ་བགྲོ་གླེང་གོ་བསྡུར་བཅས་གནང་ཡོད་འདུག

དྷ་ས་ས་གནས་འཐུས་ཚོགས་ནི། ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་གནང་ཡོད་འདུག ༢༠༠༢ ལོར་སྒྲིག་གཞི་གསར་བཟོ་བྱས་ཏེ་ལོ་རེའི་ཕྱི་ཟླ་ ༣ པ་དང་ ༩ བཅས་སུ་ཚོགས་འདུ་ཐེངས་གཉིས་ཚོགས་ཀྱི་ཡོད་པ་དང་། ལོ་གསུམ་རེའི་མཚམས་སུ་རྒྱུན་ལས་གསར་འདེམས་བྱས་ཏེ་ད་ཆར་རྒྱུན་ལས་སྐབས་བརྒྱད་པ་ཆགས་ཡོད་འདུག ད་ལྟའི་ཆར་ས་གནས་འཐུས་ཚོགས་སུ་དྷ་རམ་ས་ལའི་ཁྱབ་ཁོངས་ཀྱི་སློབ་གྲྭ་དང་དགོན་སྡེ། མི་དམངས་བཅས་ཀྱི་ཆོལ་ཁ་རིས་མེད་ཀྱི་འཐུས་མི་ ༡༥ ཡོད་པ་དང་། ལས་དོན་གཙོ་བོ། དྷ་ས་ས་གནས་མགོ་འཛིན་གྱི་སྔོན་རྩིས་བཀའ་འཁྲོལ་དང་། འགྲོ་གྲོན་སྟངས་འཛིན། ལས་དོན་བྱེད་ཕྱོགས་ལ་ཞིབ་བཤེར་སོགས་ཀྱི་ལས་འགན་བསྒྲུབ་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 1

  1. གངས་ལྡོམ། says:
    ལོ་ 11 སྔོན།

    རྡ་རམ་ས་ལའི་གད་སྙིགས་ལས་ཁུངས་འདིས།
    མི་མང་གི་ལག་ནས་དངུལ་མང་ཙམ་ལེན་པ་མ་གཏོགས།
    གད་སྙིགས་གཙང་བཟོ་གནང་གི་མེད་པ་རྡ་སའི་རི་ཁུལ་གྱི་མི་ཚང་མས་ཧ་གོ་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese