མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྨན་ངོ་བོ་དང་བྱེད་ལས་ཙམ་ལ་བརྟེན་རྒྱུ་མ་ཡིན་པར་རྫས་སྦྱོར་ནུས་པ་རྟོཊ་ཐབས་བྱོས།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་ས་དབུས་སྨན་རྩིས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་དབུ་འཛུགས་གནང་ཡོད་ཅིང་། ད་རེབ་བོད་སྨན་གཅིག་པུ་མིན་པར་རྒྱ་གར་གྱི་སྨན་ལུགས་ཁག་ཅིག་དང་རྒྱ་ནག་གི་གནའ་དེང་གི་གསོ་བྱེད་ཆེད་མཁས་པ་སྐོར་ཞིག་བཅས་གདན་ཞུས་ཡོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡།༣༠ སྟེང་དྷ་ས་གངས་སྐྱིད་དབུས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཚོགས་ཁང་དུ། སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་དེ་རིང་ནས་ཉིན་གསུམ་རིང་ལུས་སེམས་སྲོག་གི་ངོས་འཛིན་དང་འབྲེལ་བ། ལུས་སེམས་སྲོག་གསུམ་གྱི་འཁྲུག་རྐྱེན་དང་བཅོས་ཐབས་བཅས་ཀྱི་བརྗོད་གཞིའི་ཐོག་ ༼རྒྱལ་སྤྱིའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ།༽ཞེས་པ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཉིས་གཙོས་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེས་ལགས་དང་ཚེ་དབང་རྟ་མགྲིན་ལགས། འཕྲོད་བསྟེན་དྲུང་ཆེ། རྩིས་ཞིབ་ཞིབ་འགན་འཛིན། བདེ་ལེགས་སྨན་ཁང་གི་འགན་འཛིན། གཞན་ཐེངས་འདིའི་བགྲོ་གླེང་སྟེང་གདན་ཞུའི་ཆེད་མཁས་པ་ ༡༢ དང་། སྨན་རྩིས་ཁང་གི་འགན་འཛིན་དང་སྨན་པ། སློབ་མ། བོད་ཁྱིམ་སེ་ལ་ཀོའི་སློབ་ཕྲུག་ཁག་ཅིག་བཅས་མི་ ༢༠༠ ལྷག་འཛོམས་སོང་།

མཛད་སྒོའི་ཐོག་མར་ལུས་སེམས་སྲོག་གི་སྡེ་ཚན་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་དོན། ཐེངས་འདིའི་ལུས་སེམས་སྲོག་གསུམ་གྱི་བརྗོད་གཞིའི་ཐོག་རིག་གཞུང་མི་འདྲ་བ་དྲུག་གི་བཞེད་ཚུལ་གཙོར་བཟུང་གིས་བགྲོ་གླེང་གནང་གི་ཡོད། དེ་ནི་ཕྱི་ལོའི་སྔོན་ནས་སྟོན་པ་གཤེན་རབ་མི་བོ་ཆེའི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་བྱེད་ཇི་བཞིན་གསར་རྩོམ་གནང་བ་སོགས་རྨང་གཞི་ཡོད་པའི་ཁར། དུས་རབས་ ༧ པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མི་འགྱུར་གཙུག་ལག་ཁང་དུ་ཕྱི་ནང་གི་སྨན་པ་མཁས་པ་དུ་མ་གདན་དྲངས་ཏེ་རྒྱལ་སྤྱི་རང་བཞིན་གྱི་གསོ་རིག་བགྲོ་གླེང་ཐེངས་དང་པོ་བསྐྱངས་པ་དང་། གཡུ་ཐོག་ཡོན་ཏན་མགོན་པོས་སྔར་ཡོད་བོད་ཀྱི་གསོ་བྱེད་སྨན་བཅོས་ལག་ལེན་སྟེང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གསོ་བྱེད་དུ་མའི་སྙིང་བཅུད་བསྡུས་ཏེ་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་ཕྱི་མོ་གསར་རྩོམ་མཛད། དུས་རབས་ ༨ པའི་ནང་ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གྲྭ་ཐོག་མ་ཆེད་བཙུགས་ཀྱིས་སྨན་བསྡུས་ར་བ་དང་དཀའ་བཅུ་བ། རབ་འབྱམས་པ་དང་། འབུམ་རམས་པ་བཅས་ཀྱི་གཞུང་ཚད་ཆེད་སྒྲིག་གནང་ཡོད་པ་དང་། ༡༦༩༦ ལོར་རྒྱལ་དབང་ལྔ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་གསར་འཛུགས་དང་ཕྱོགས་མཚུངས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཆེ་ཁག་ཕལ་མོ་ཆེའི་ནང་སྨན་པ་གྲྭ་ཚང་ཆེད་བཙུགས་ཀྱིས་འཕྲོད་བསྟེན་ཞབས་འདེགས་རྒྱ་ཆེར་ཞུས་པའི་ལོ་རྒྱུས་ཀྱི་རྒྱུན་ད་ལྟ་ཡང་ཡོད་མུས་ཡིན། ༡༩༡༦ ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་ཡོད། ༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་རྗེས་ ༡༩༦༡ ལོར་༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གིས་བཙན་བྱོལ་ནང་སྨན་རྩིས་བསྐྱར་འཛུགས་གནང་སྟེ་ད་བར་ལོ་ ༥༠ ལྷག་འགྲོ་བཞིན་ཡོད། དུས་ཡུན་དེའི་ནང་དབུས་འཛིན་སྐྱོང་དུ་འཛིན་སྐྱོང་སྡེ་ཚན་ ༨ དང་སྨན་རྩིས་མཐོ་སློབ་གཙོས་དབུས་རིག་གཞུང་སྡེ་ཚན་ ༩ ། ཕྱོགས་མཐའི་ཡན་ལག་སྨན་རྩིས་ཁང་ ༥༤ བཅས་དབུས་ས་གཉིས་སུ་སྨན་རྩིས་ལས་བྱེད་ ༥༠༠ ལྷག་གིས་སྤྱི་ཚོགས་འཕྲོད་བསྟེན་དང་རྩིས་རིག་ལམ་སྟོན་གྱི་ཞབས་འདེགས་ཞུ་བཞིན་ཡོད་ཅེས་བརྗོད་སོང་།

ཚོགས་ཆེན་དམིགས་ཡུལ་སྐོར་ལ་ཁོང་གིས། ༢༠༡༣ ལོའི་ཟླ་ ༦ ནང་ལུས་སེམས་སྲོག་གསུམ་ཐོག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་ཚོགས་ཡོད་པ་མ་ཟད་། ༧གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ལམ་སྟོན་བཀའ་སློབ་ཀྱི་སྐལ་བཟང་ཡང་ཐོབ། སྐབས་དེ་དང་བསྟུན་ཏེ་ལུས་སེམས་སྲོག་གི་སྡེ་ཚན་གསར་འཛུགས་གནང་སྟེ། བོད་ཀྱི་ཐུན་མོང་སྨན་རྩིས་ལས་གསུངས་པའི་ལུས་སེམས་འཕྲོད་བསྟེན་གཞི་རྩར་བཟུང་ཐོག ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། རིག་གཞུང་གསར་རྙིང་མང་པོའི་སྙིང་བཅུད་བསྡུ་ལེན་གྱིས་འགྲོ་བ་མིའི་ལུས་སེམས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཚད་མཐོར་ཡོང་ཐབས་བྱ་རྒྱུའི་དམིགས་ཡུལ་བཟུང་བ་ཞིག་ཡིན། ད་ལོའི་བགྲོ་གླེང་ཐེངས་གཉིས་པ་འདི་སྔར་དང་ཅུང་མི་འདྲ་བར་རྒྱ་གར་ནང་དུ་ཡོད་པའི་སྨན་ལུགས་མི་འདྲ་ཁག་དང་། རྒྱ་ནག་སྲོལ་རྒྱུན་སྨན་ལུགས་དང་དེང་གི་སེམས་ཁམས་རིག་པ། བོད་བརྒྱུད་ནང་བསྟན་བཅས་ཀྱི་མཁས་པ་གདན་འདྲེན་ཞུས་ཡོད་སྟབས། སྔར་ལས་གཞི་རྒྱ་ཆེ་བ་དང་རྒྱལ་སྤྱི་རང་བཞིན་གྱི་བགྲོ་གླེང་ཞིག་ཆགས་ཡོད། བགྲོ་གླེང་འདིར་དམིགས་ཡུལ་གསུམ་ཡོད་པ་ནི། དང་པོ། སེམས་ཁམས་འཕྲོད་བསྟེན་གྱི་བྱ་བཞག་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་དང་། གཉིས་པ། ཕྱི་ནང་གི་རིག་གཞུང་འདྲ་མིན་གྱི་ལེགས་ཆ་བརྗེ་རེས་བྱ་རྒྱུ། གསུམ་པ། འགྲོ་བ་མིའི་སེམས་ཁམས་ལེགས་བཅོས་ཐད་ཆོས་ལུགས་དང་གསོ་རིག་འདྲ་མིན་ཐོག་ཐུན་མོང་གི་བསྒྲུབ་བྱ་གང་ཡོད་འཚོལ་ཞིབ་བྱ་རྒྱུ་བཅས་ཡིན་ཞེས་བརྗོད་སོང་།

བཀའ་ཟུར་ཀིརྟི་རིན་པོ་མཆོག་གིས་གསུངས་དོན། ང་ལ་དམིགས་བསལ་སྨན་དང་རྩིས། སྦྱིར་བཏང་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་ཤེས་རྒྱ་ཡོད་མཁན་ཞིག་མིན་སྟབས་འདི་རེད་ཟེར་ནས་ཞུ་རྒྱུ་གང་ཡང་མི་འདུག གཙོ་བོ་༧གོང་ས་མཆོག་གིས་བཀའ་སློབ་གནང་བཞག་དེ་དག་ད་ལྟ་དྲོད་མ་ཡལ་བར་བསྡད་ཡོད་པ་ཉིན་ནས་ཉིན་མཐུད་ནས་མ་བརྗེད་པ་བྱ་རྒྱུ་གལ་ཆེན་པོ་རེད། གཉིས་པ། དེ་རིང་འདིར་ཕེབས་པའི་མཁས་དབང་ཚོ་དངོས་གནས་མཁས་དབང་དང་ཉམས་མྱོང་ཆེན་པོ་ཡོད་པ་རྐྱང་རེད། ལོ་ཆུང་སློབ་གཉེར་བ་མང་པོ་ཞིག་ཕེབས་འདུག་སྟབས་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བར་བགྲོ་གླེང་ལ་ཡག་པོ་གསན་ཏེ་སློབ་གཉེར་གནང་རྒྱུ་གལ་ཆེ་ཤོས་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། སྤྱིར་ངས་ཚན་རིག་སྐོར་གང་ཡང་ཤེས་ཀྱི་མེད་ཀྱང་། ང་ཚོས་ཉིན་མཚན་དུས་དྲུག་ཏུ་ང་ཚོ་དང་མཉམ་དུ་ཡོད་པ་དག་ལ་ཞིབ་འཇུག་བྱས་པ་ཡིན་ན། ཚན་རིག་མེད་པ་གཅིག་རྐྱང་ཡོད་མ་རེད། དེའི་ནང་ནས་ལྷག་པར་དུ་སྨན་དང་རྩིས་ཀྱི་སྐོར་ཚན་རིག་དང་འབྲེལ་བ་མཐུད་དགོས་པ་གལ་ཆེན་པོ་ཞིག་རེད། སྨན་དང་ནང་ཆོས། ཚན་རིག་གསུམ་མཉམ་རུབ་གནང་རྒྱུ་གལ་ཆེན་པོ་རེད། དཔེར་ན། ང་ཚོའི་བོད་སྨན་གྱི་ངོ་བོ་དང་ནུས་པ། ཁྱད་ཆོས་ཀྱི་ཐོག་ནས་ཕན་ཡོན་སྲུང་དགོས་པ་རེད་མ་གཏོགས་ཚན་རིག་གི་བཤད་སྟངས་ལྟར་རྫས་སྦྱོར་གྱི་ནུས་པ་འདི་དང་དེ་ཟེར་ནས་བཤད་ཁག་པོ་རེད། ལོ་གཞོན་པ་ཚོ་དང་སྐད་ཡིག་ཤེས་མཁན་ཚོས་འགན་བླངས་ཏེ་མ་འོངས་པར་བོད་སྨན་འདིས་འདི་ལ་ཕན་པ་རེད་གསུངས་བ་ཙམ་མ་ཡིན་པར་རྫས་རྡུལ་འདི་དང་འདི་འཕྲད་དེ་རྫས་རྡུལ་འདི་དང་འདི་གྲུབ་པ་ཚན་རིག་དང་སྦྱར་ནས་ཞིབ་ཚགས་པོས་འགྲོ་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་ཞེས་གསུངས་སོང་།

མཛད་སྒོ་གྲུབ་སྟེ་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་། ལུས་སེམས་སྲོག་གི་ངོས་འཛིན་སྟངས་སྐོར་ལ་བགྲོ་གླེང་གནང་སོང་ལ། སང་ཉིན་ལུས་སེམས་སྲོག་གསུམ་གྱི་འབྲེལ་བ་དང་དེ་གསུམ་འཁྲུག་པའི་རྒྱུ་རྐྱེན་སྐོར། གནངས་ཉིན་ལུས་སེམས་གཉིས་ཀྱི་ནད་བཅོས་སྐོར་བཅས་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. མི་རྒོད། says:
    ལོ་ 12 སྔོན།

    ཁྱེད་རྣམས་སླར་ཡང་ཕེབས་པ་དགའ་བསུ་ཞུ།
    ༼ སྙིང་དོན་ནི་འདིའི་ནང་གསལ་ཤག། བྱེད་ཐུབ་ན་རིག་གནས་ཀྱི་དཔའ་རྒོད་ཡིན༽ དེ་ཡང་ཀིརྟི་སྐྱབས་མགོན་གསུངས་ལས> <གཙོ་བོ་༧གོང་ས་མཆོག་གིས་བཀའ་སློབ་གནང་བཞག་དེ་དག་ད་ལྟ་དྲོད་མ་ཡལ་བར་བསྡད་ཡོད་པ་ཉིན་ནས་ཉིན་མཐུད་ནས་མ་བརྗེད་པ་བྱ་རྒྱུ་གལ་ཆེན་པོ་རེད། ཡང་འདི་ནང་་་་་་་ > ལོ་གཞོན་པ་ཚོ་དང་སྐད་ཡིག་ཤེས་མཁན་ཚོས་འགན་བླངས་ཏེ་མ་འོངས་པར་བོད་སྨན་འདིས་འདི་ལ་ཕན་པ་རེད་གསུངས་བ་ཙམ་མ་ཡིན་པར་རྫས་རྡུལ་འདི་དང་འདི་འཕྲད་དེ་རྫས་རྡུལ་འདི་དང་འདི་གྲུབ་པ་ཚན་རིག་དང་སྦྱར་ནས་ཞིབ་ཚགས་པོས་འགྲོ་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་ཞེས་གསུངས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese