མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་སློབ་ཚན་ཡང་རྟགས་གསལ་གྱི་ལམ་ནས་སྦྱོང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཅིག་ནང་རིགས་ལམ་སློབ་ཁྲིད་དང་རིགས་ལམ་འདུ་འཛོམས་གནང་གི་ཡོད་པའི་ཐོག་ད་ཆར་སློབ་ཕྲུག་ཚོ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། སློབ་ཚན་གཞན་དག་ཀྱང་རིགས་ལམ་གྱི་ཐོག་ནས་ཁྲིད་ཐབས་བྱེད་ཀྱིན་ཡོད་འདུག་ལ། སློབ་ཕྲུག་ཚོས་བརྗོད་པ་ལྟར་ན་རིགས་ལམ་གྱིས་སྐད་ཆ་བཤད་སྟངས་ཚུན་ལ་ཕན་ཐོགས་ཆེན་པོ་འདུག་ཟེར།

བོད་མིའི་སྒྲིག་འཛུཊ་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་དང་རིགས་ལམ་འདུ་འཛོམས་སོགས་ཀྱི་ལས་འཆར་ཞིག་འགྲོ་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ནས་ཟླ་འདིའི་ཚེས་ ༤ བར། དྷ་སྟེང་བོད་ཁྱིམ་དུ་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ ༡༩ ཡི་ཆོས་དགེ་དང་སློབ་མ་ ༡༣༦ ཙམ་འདུ་འཛོམས་གནང་སྟེ། རིགས་ལམ་འདུ་འཛོམས་ཐེངས་ལྔ་བ་ཚོགས་ཡོད་པ་དང་། ཐེངས་འདིའི་འདུ་འཛོམས་ཐོག་༧གོང་ས་མཆོག་དང་། ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཇོ་ཌེ་ཝེ་ལིམ་སི་( Jody Williams )། ལྕམ་ཤེ་རིན་ཨི་བྷ་ཌི་ (Shirin Ebadi )། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་བཅས་ཆེད་ཕེབས་ཀྱིས་གསུང་བཤད་དང་སློབ་མ་ཚོའི་རིགས་ལམ་རྩོད་སྟངས་ལ་གཟིགས་ཞིབ་གནང་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་གནང་བའི་ལས་འཆར་དེ་ཐོག་མ་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ ༡༩༦༠ ལོ་ཡས་མས་ལ་མ་སུ་རུ་བོད་ཁྱིམ་དུ་མགོ་བཙུགས་ཡོད་ཀྱང་ཆོས་དགེ་སོགས་ཀྱི་དཀའ་ངལ་གྱི་དབང་གིས་མཚམས་ཆད་ཡོད་འདུག ༢༠༠༢ ལོར་ཤེས་རིག་ལས་ཁུངས་ཀྱི་འགན་འཁུར་འོག ད་ཆར་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་ ༦ པ་ནས་ ༡༠ པའི་བར་གྱི་སློབ་མ་ཚོར་རིགས་ལམ་སློབ་ཁྲིད་གནང་གི་ཡོད་པ་དང་། ལོ་རེར་སློབ་གྲྭ་ཁག་གི་འཛིན་གྲྭ་སོ་སོའི་རྩོད་རྒྱུགས་རྩེ་ཕུལ་བུ་རེ་དང་བུ་མོ་རེ་བཅས་སློབ་ཕྲུག་ ༦ རེ་དང་ཆོས་དགེ་བཅས་རིགས་ལམ་འདུ་འཛོམས་ཐོག་མཉམ་ཞུགས་གནང་སྟེ། བདུན་ཕྲག་གཅིག་རིང་སློབ་གྲྭ་ཁག་གི་བར་རིགས་ལམ་རྩོད་པ་དང་ཉམས་མྱོང་སྤེལ་རེས་གནང་གི་ཡོད་འདུག

རིགས་ལམ་འདུ་འཛོམས་དེ་སློབ་ཕྲུག་ཚོར་རིགས་ལམ་འགྲོ་སྟངས་ཤེས་འཇུག་རྒྱུ་དང་། ཉམས་མྱོང་བརྗེ་རེས་དང་རིག་པ་སྤེལ་ཐབས། དེང་དུས་ཀྱི་སློབ་ཚན་གཞན་རྣམས་རིགས་ལམ་བརྒྱུད་ནས་འཁྲིད་ཐབས་བཅས་ཀྱི་ཆེད་དུ། ༢༠༡༢ ལོར་ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ་རུ། དྷ་རམ་ས་ལ་དང་ལ་དྭགས་བཅས་སློབ་གྲྭ་ཁག་ ༡༡ གི་སློབ་མ་འདུ་འཛོམས་ཀྱིས་རིགས་ལམ་འདུ་འཛོམས་ཐེངས་དང་པོ་གནང་ཡོད་པ་དང་། ༢༠༡༢ ལོར་སེ་ལ་ཀུལ་བོད་ཁྱིམ་དུ་མ་སུ་རུ་གཡས་གཡོན་གྱི་སློབ་གྲྭ་ཁག་ ༧ གྱི་རིགས་ལམ་འདུ་འཛོམས་ཐེངས་གཉིས་པ། ༢༠༡༣ ལོར་སྦེལ་ཀོབ་བོད་ཁྱིམ་དུ་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཁག་ ༡༠ ཡི་འདུ་འཛོམས་གསུམ་པ། ༢༠༡༤ ལོའི་ལོ་སྟོད་དུ་སོ་ན་དྷ་ཉིན་སློབ་དུ་རྒྱ་གར་བྱང་ཤར་དང་བལ་ཡུལ་གྱི་སློབ་སློབ་གྲྭ་ཁག་ ༡༣ གྱི་འདུ་འཛོམས་བཞི་བ། ད་རེབ་དྷ་སྟེང་བོད་ཁྱིམ་དུ་འདུ་འཛོམས་ཐེངས་ལྔ་བ་བཅས་ཚོགས་ཡོད་པ་དང་། ༢༠༡༥ ལོར་རྒྱ་གར་བྱང་ཤར་དང་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཁག་རིགས་ལམ་འདུ་འཛོམས་ཐེངས་དྲུག་པ་གོ་སྒྲིག་གནང་འཆར་ཡོད་འདུག

གསར་འགོད་པས་གྷོ་པ་པུར་དང་སིམ་ལ་གཏན་སློབ། ལ་དྭགས་བོད་ཁྱིམ། ཧ་པ་པུར་གཏན་སློབ་བཅས་ཀྱི་དགེ་ཆེ་དང་སློབ་མ་ཁག་ཅིག་ལ་བཅར་འདྲི་ཞུས་དོན་ལྟར་ན། ད་ཆར་བོད་ཁྱིམ་སློབ་གྲྭ་ཁག་བརྒྱད་དང་གཏན་སློབ་ཁག་ཏུ་འཛིན་རིམ་དྲུག་པ་ནས་བཅུ་བའི་བར། ཐོག་མར་རིགས་ལམ་གྱི་རྨང་གཞི་ཁ་དོག་དཀར་དམར་ནས་མགོ་བརྩམས་ཏེ་སློབ་ཁྲིད་བྱེད་ཀྱིན་ཡོད་པ་མ་ཟད། སློབ་མཚན་གཞན། སུམ་ཅུ་བ་དང་རྟགས་འཇུག ཚན་རིག་དང་ཨང་རྩིས། སྤྱི་ཚོགས་ཚན་རིག་སོགས་ཀྱང་ཆོས་དགེ་དང་སློབ་ཚན་གཞན་གྱི་དགེ་རྒན་མཉམ་རུབ་ཐོག་སློབ་ཕྲུག་ཚོར་འཁྲིད་སྤེལ་གནང་ཐབས་ལ་འབད་བརྩོན་གནང་གི་ཡོད་འདུག

དེང་སྐབས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་རིགས་ལམ་ཐོག་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། སློབ་ཚན་གཞན་དག་དང་། ཉིན་རེའི་ལས་དོན་བྱེད་ཕྱོགས་དང་སྐད་ཆ་བཤད་སྟངས་ཚུན་ལ་རིགས་ལམ་གྱི་འགྲོ་སྟངས་དེས་ཕན་ཐོགས་ཡོང་གི་ཡོད་པའི་ངོས་ཟིན་སྐྱེ་བཞིན་ཡོད་འདུག་ཀྱང་། སློབ་གྲྭ་མང་ཆེ་བར་བདུན་ཕྲག་རེའི་ནང་རིགས་ལམ་ཚོགས་ཐུན་གཅིག་རེ་ལས་མེད་པ་དང་། སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་ལ་དུས་ཚོད་གཏན་ཁེལ་མེད་པ་སོགས་ཀྱིས་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་ཐོག སློབ་མ་ཁག་ཅིག་གིས་༧གོང་ས་མཆོག་གི་མདུན་དུ་རིགས་ལམ་རྩོད་པ་གནང་བ་དང་འབྲེལ་ནས་༧གོང་ས་མཆོག་གིས་བཀའ་གནང་དོན། དེ་རིང་འདིར་རྟགས་གསལ་གཏོང་མཁན་སློབ་ཕྲུག་གཉིས་ལ་བཀྲ་ཤིས་བདེ་ལེགས་ཡོད། སྔོན་མ་ ༡༩༦༠ ནང་ང་ཚོའི་སློབ་གྲྭ་ཁག་གི་ནང་ཆོས་དགེ་དོན་གཉེར་ཅན་འགའ་ཤས་ཀྱིས་དངོས་ནས་དྲང་གནས་འཁུར་དུ་བླངས་ཏེ་རྟགས་གསལ་གཏོང་གི་ཡོད་པ་རེད། སྐབས་དེར་ངོས་ནས་ཀྱང་སློབ་མ་ཚོ་དང་མཉམ་དུ་རྟགས་གསལ་བཏང་སྟེ་འབད་བརྩོན་འདྲ་བོ་བྱས་པ་རེད། སྐབས་དེར་སློབ་གྲྭ་ཁག་ཏུ་མཚན་ཉིད་དང་རིགས་ལམ་སློབ་རྒྱུ་ཟེར་བ་དེ་ཉམས་ཆུང་འདྲ་བོ་རེད། རིམ་པས་དོ་སྣང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཏེ་ད་ལྟ་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱིན་འདུག རིགས་ལམ་སློབ་པ་ཟེར་བ་དེ་མཚན་ཉིད་ལྟ་མཁན་དང་། ཆོས་དོན་གཉེར་བྱེད་མཁན་ཙམ་མིན་པར། མི་ཞིག་གི་མི་ཚེ་སྐྱེལ་བའི་ཐོག་ལའང་རིགས་ལམ་བསླབ་པ་ཡིན་ན། སོ་སོའི་བསམ་བློ་གཏོང་བར་གྲུང་པོ་དང་ཕྱོགས་ཚང་མ་མཐོང་ཐུབ་པ། སྐྱོན་དང་ཡོན་ཏན། འཕྲལ་དང་ཕུགས། ཆ་ཚང་རིགས་ལམ་གྱི་ཐོག་ནས་རྟགས་གསལ་བཏང་ནས་རྩོད་ཡོང་སྐབས། བསམ་བློ་གུ་ཡངས་པོ་དང་རྒྱ་ཆེ་རུ་འགྲོ་བར་ཁྱད་པར་ཆེན་པོ་ཡོད་པ་རེད། དེར་བརྟེན། རིགས་ལམ་ཟེར་བ་དེ་མིའི་ལག་ཆའི་བཟོ་ལྟ་བུ་ཞིག་རེད།

སྔོན་མ་ང་ཚོ་ཚན་རིག་པ་དང་མཉམ་དུ་ཚོགས་འདུ་ཚོགས་པ་དེ་འདས་པའི་ལོ་ ༣༠ ལྷག་གི་རིང་བྱུང་བ་རེད། ཚན་རིག་པ་ཚོ་ང་ཚོའི་རྟགས་གསལ་གྱི་འགྲོ་སྟངས་ལ་དོ་སྣང་ཡོད་པའི་ཁ་ཐུག་ལ། ཁྱེད་རང་ཚོའི་རིགས་ལམ་གྱི་འགྲོ་སྟངས་དེ་དེང་དུས་ཀྱི་སློབ་ཚན་གཞན་གྱི་ནང་བེད་སྤྱོད་གཏོང་ཐུབ་ཀི་རེད་དམ་ཞེས་སྐད་ཆ་འདྲི་མཁན་བྱུང་། ངས་དེ་ཡོང་གི་རེད། ང་ཚོས་འདིར་འབད་བརྩོན་བྱེད་ཀྱིན་ཡོད། སློབ་གྲྭ་ཚང་མའི་ནང་རིགས་ལམ་གྱི་ཐོག་ནས་བསླབ་ཐུབ་པར་བྱ་རྒྱུ་ཡིན་ཞེས་ལབ་རྒྱུ་བྱུང་། ང་ཚོ་བོད་ལ་རྟགས་གསལ་གཏོང་རྒྱུའི་རིགས་ལམ་གྱི་འགྲོ་སྟངས་ཤིག་ཡོད་བསྡད་པ་དེ་བོད་གཅིག་པུ་མ་གཏོགས་འཛམ་གླིང་གང་དུའང་མི་འདུག དེར་བརྟེན། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་རིགས་ལམ་འགྲོ་སྟངས་ཚད་མའི་རྩ་བའི་གཞུང་གཙོ་ཆེ་བ་ཆ་ཚང་བོད་ཡིག་ནང་ཡོད་པ་རེད། དེ་ཙམ་དུ་མ་ཟད་བོད་རང་གི་མཁས་དབང་མང་པོ་ཞིག་གིས་ཐུགས་སྣང་གནང་སྟེ། དཔེར་ན། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་རིག་གཏེར་མཛད་ནས་བོད་པའི་མཁས་པ་རང་ཉིད་ཀྱིས་རང་རྩོམ་གྱི་ཐོག་ནས་ཚད་མའི་གཞུང་དེ་འདྲ་མཛད་ཡོད་པ་རེད། དེ་ནས་ཆ་བ་ཆོས་སེང་ཡབ་སྲས་ནས་མར་བརྒྱུད་དེ་ང་ཚོའི་རྟགས་གསལ་འགྲོ་སྟངས་དེ་ཚོའི་གྲས་ཡར་རྒྱས་ཆེན་པོ་ཕྱིན་འདུག

དེ་རིང་ཁ་སང་གི་དུས་ཚོད་འདིར་ཐལ་ཕྱིར་ཟེར་བ་དེ་བོད་སྐད་ནང་གོམས་བསྡད་ཡོད་པ་རེད། བྱང་བསྡད་ཡོད་པ་རེད། རྒྱ་ཡིག་ནང་མི་འདུག ཧིན་རྡུའི་ནང་དུའང་མི་འདུག དེའི་རིགས་ནུབ་ཚར་བ་རེད། དེར་བརྟེན། བོད་ཡིག་རང་གི་ནང་ཐལ་ཕྱིར་ཞེས་པའི་འགྲོ་སྟངས་ཆ་ཚང་ཆགས་འདུག དེ་རིང་ཁ་སང་རྒྱ་སྐད་དང་དབྱིན་ཇིའི་སྐད་ནང་ཡོང་རྒྱུའི་འབད་བརྩོན་བྱེད་བསྡད་ཀྱི་ཡོད་པ་རེད། ང་རང་ཚོ་བོད་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རིག་པའི་དཔྱད་པའི་འགྲོ་སྟངས་ཤིག་རེད། འདིས་ག་ལེར་འཛམ་གླིང་འདིའི་སྒང་ལ་ལེགས་སྐྱེས་ཕུལ་ཐུབ་པ་ཞིག་ཕལ་ཆེར་ཡོང་གི་རེད། ཁྱེད་རང་ཚོ་སྐྱ་སེར་དབྱེར་མེད་ཐོག་སློབ་སྦྱོང་གནང་རྒྱུ་དང་། རབ་བྱུང་ཡིན་ནའང་ཕོ་མོ་དབྱེར་མེད་ཐོག་གཞུང་ཆེན་ལྟ་རྒྱུ་དང་རིགས་ལམ་སློབ་རྒྱུའི་སྐོར་ལ་ཡག་པོ་བྱོས་དང་། རྗེས་ཕྱོགས་ཁྱེད་རང་ཚོ་དངུལ་ལ་དགའ་བོ་ཡོད་ན། ཕོར་བ་ཆེན་པོ་རག་རྒྱུའི་རེ་བ་ཡོད་པ་རེད། ཅེས་གསུངས་སོང་།

ཉེ་ལམ་གྱི་རིགས་ལམ་འདུ་འཛོམས་ཐེངས་ལྔ་བའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས། ཉེ་ཆར་སློབ་གྲྭ་ཁག་ནང་དགེ་རྒན་རྣམ་པས་གཙོ་འགན་བཞེས་ཐོག་སློབ་ཁྲིད་གནང་སྟངས་ལ་འགྱུར་བ་ཕྱིན་ཡོད། རིགས་ལམ་སྦྱང་ན་བསམ་བློ་གཏོང་སྟངས་ཐོག་ཁྱད་པར་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་སྟབས། ཁྱེད་རང་ཚོས་རིགས་ལམ་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་སོགས་གསུང་བཤད་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. གངས་ཕྲུག says:
    ལོ་ 12 སྔོན།

    ང་རང་སློབ་གྲྭུའི་ནང་དགེ་རྒན་བྱས་ཏེ་མི་ལོ་ཧྲིལ་པོ་བཅུ་གསུམ་ཙམ་འགྲོ་བཞིན་འདུག་ཀྱང་རིགས་ལམ་སྦྱོང་བརྡར་འདི་སློབ་ཕྲུག་བྱིངས་ལ་ཕན་པ་རྩ་བ་ནས་ཡོང་གི་མི་འདུག སློབ་གྲྭའི་ཆོས་དགེ་ཚོས་ལོ་ལྟར་སློབ་ཕྲུག་རེས་བཟུང་ཞིག་ལ་སྦྱོང་བརྡར་སྤྲད་དེ་འགྲན་བསྡུར་ནང་འཁྲིད་པ་མ་གཏོགས་སློབ་མ་མང་བས་རིགས་ལམ་གྲོས་ཀྱང་ཤེས་ཀྱི་མི་འདུག བསམ་བློ་ཡག་པོ་མ་བཏང་ན་༸གོང་ས་མཆོག་ལ་དབུ་བསྐོར་ཞུས་པ་རང་རེདད་འདུག་གོ།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    པར་དེ་ཚོ་བལྟས་ན་ད་ངོ་མ་གསར་གཏོད་ཡིན་པ་འདྲ་གང་ཡིན་ཟེར་ན་གྲྭ་བ་རེ་དང།བུ་མོ་རེ་རྩོད་ཟླ་འགྲིགས་འདུག་པར་དེ་ནི་མ་འོངས་པར་མི་ཐོག་ཅིག་གཉིས་ཞིག་མི་རིགས་སྐད་ཡིག་གསུམ་ག་ལ་ཕན་ཐོག་ཆེན་པོ་བྱུང་མ་ི་ཡོང་ངམ་བསམ་བསམ་འདུག་དེང་སང་ཁྱིམ་གསར་ཚོའི་བུ་ཕྲུག་སྐྱེ་སྐྱོང་མ་དགོས་པ་ལམ་ཁར་ཕྱིན་ན་གནོད་ཚབ་ཆེན་པ་ཞིག་ལས་མེད།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    པར་དེ་ཚོ་བལྟས་ན་ད་ངོ་མ་གསར་གཏོད་ཡིན་པ་འདྲ་གང་ཡིན་ཟེར་ན་གྲྭ་བ་རེ་དང།བུ་མོ་རེ་རྩོད་ཟླ་འགྲིགས་འདུག་པར་དེ་ནི་མ་འོངས་པར་མི་ཐོག་ཅིག་གཉིས་ཞིག་མི་རིགས་སྐད་ཡིག་གསུམ་ག་ལ་ཕན་ཐོག་ཆེན་པོ་བྱུང་མ་ི་ཡོང་ངམ་བསམ་བསམ་འདུག་དེང་སང་ཁྱིམ་གསར་ཚོའི་བུ་ཕྲུག་སྐྱེ་སྐྱོང་མ་དགོས་པ་ལམ་ཁར་ཕྱིན་ན་གནོད་ཚབ་ཆེན་པ་ཞིག་ལས་མེད།

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    པར་དེ་ཚོ་བལྟས་ན་ད་ངོ་མ་གསར་གཏོད་ཡིན་པ་འདྲ་གང་ཡིན་ཟེར་ན་གྲྭ་བ་རེ་དང།བུ་མོ་རེ་རྩོད་ཟླ་འགྲིགས་འདུག་པར་དེ་ནི་མ་འོངས་པར་མི་ཐོག་ཅིག་གཉིས་ཞིག་མི་རིགས་སྐད་ཡིག་གསུམ་ག་ལ་ཕན་ཐོག་ཆེན་པོ་བྱུང་མ་ི་ཡོང་ངམ་བསམ་བསམ་འདུག་དེང་སང་ཁྱིམ་གསར་ཚོའི་བུ་ཕྲུག་སྐྱེ་སྐྱོང་མ་དགོས་པ་ལམ་ཁར་ཕྱིན་ན་གནོད་ཚབ་ཆེན་པ་ཞིག་ལས་མེད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    པར་དེ་ཚོ་བལྟས་ན་ད་ངོ་མ་གསར་གཏོད་ཡིན་པ་འདྲ་གང་ཡིན་ཟེར་ན་གྲྭ་བ་རེ་དང།བུ་མོ་རེ་རྩོད་ཟླ་འགྲིགས་འདུག་པར་དེ་ནི་མ་འོངས་པར་མི་ཐོག་ཅིག་གཉིས་ཞིག་མི་རིགས་སྐད་ཡིག་གསུམ་ག་ལ་ཕན་ཐོག་ཆེན་པོ་བྱུང་མ་ི་ཡོང་ངམ་བསམ་བསམ་འདུག་དེང་སང་ཁྱིམ་གསར་ཚོའི་བུ་ཕྲུག་སྐྱེ་སྐྱོང་མ་དགོས་པ་ལམ་ཁར་ཕྱིན་ན་གནོད་ཚབ་ཆེན་པ་ཞིག་ལས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese