མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ལ་གུས་བརྩི་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

སད་མ་དཀར།

བོད་རྒྱལ་ཁབ་ཆགས་འཇིག་ཀྱི་གནད་དོན་གཉན་ཕྲང་ཅན་གྱི་སྐབས་སུ། བོད་པ་བཙན་བྱོལ་བ་ཚོས་གཉན་ཕྲང་དེ་དག་ལས་གྲོལ་སླད་དུ་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་མང་གསར་འཛུགས་གནང་བ་ནི། བོད་མི་ས་ཡ་དྲུག་གི་འཐུས་འཚབ་ཏུ་བརྩིས་ཤིང་གཅིག་འཇུག་གཉིས་འཐུད་ཀྱིས་ནུས་སྟོབས་སྤེལ་ཡུལ་གྱི་ཁོར་ཡུག་སྐྲུན་པ་ཞིག་རེད།

དམིགས་ཡུལ་དེ་འདྲའི་འོག་ན་བཙན་བྱོལ་སྤྱི་ཚོགས་ལ་ཚོགས་པ་ཆེ་ཆུང་གྲངས་ཀྱིས་མི་ལང་བ་ཡོད་པ་ལས། གཞོན་ནུ་ཚོགས་པ་ནི་ཉེ་འཆར་སྐུ་ངོ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་དུས་བབ་དྲ་རྒྱར་བཀོད་པའི་རྩོམ་ཡིག་ལ་བལྟས་པ་ཡིན་ན། ལོ་ངོ་ཁ་ཤས་ནང་དུ་འཆར་གཞི་ཡོད་པའི་ནང་ནས་ ༡༩༧༠ ལོར་བཙུགས་པའི་ཚོགས་པ་རྙིང་ཁུངས་ཤིག་ཡིན་པ་དང་། དེ་ཡང་ཚོགས་པ་འདྲ་འདྲའི་ནང་ནས་ཚོགས་པ་ཆེ་ཤོས་ཤིག་རེད། ཚོགས་པ་དེས་ད་བར་བོད་ཀྱི་སྤྱི་ཚོགས་ལ་སྲི་ཞུ་ཧུར་ཐག་གིས་བསྒྲུབས་མྱོང་ཡོད་ཅིང་། ལྷག་པར་དུ་དུས་དབང་དང་གསུང་ཆོས་སོགས་ཀྱི་སྐབས་མི་མང་ཚོའི་དཀའ་ངལ་ཉེར་འཚེའི་རིགས་མང་དག་སེལ་བར་བྱེད་པའི་དཔུང་གཉེན་ཞིག་ཏུ་ངོས་འཛིན་ཞུ་མི་འོས་པ་གང་ཡང་མ་རེད་སྙམ།

ཚོགས་པའི་ལངས་ཕྱོགས་ཐད་ནས་ད་ལྟའི་བར་རང་བཙན་གཙང་མའི་ལྟ་གྲུབ་ཏུ་བསྐྱོད་པ་ནི། མང་གཙོའི་རྒྱལ་ཁབ་ཅིག་ཏུ་བསམ་ཤེས་པ་དང་རྒྱུ་མཚན་ཡང་དག་ཐད་ལྡན་ཡོད་པའི་ཐོག་ནས་རང་རང་གི་ལྟ་གྲུབ་འདྲ་མིན་ཡོད་ཆོག་པ་ནི་ཀུན་གྱིས་མཁྱེན་མཁྱེན་པ་རེད།

ཉེ་བའི་འཆར་ས་ར་མཐོ་སློབ་ཏུ་སིམ་ལའི་ཆིངས་ཡིག་སྐོར་གྲོས་གླེང་ཞིག་གོ་སྒྲིག་གནང་བའི་སྐབས། དབུས་གཞོན་ལྷན་གྱི་ཚོགས་གཙོས། དབུ་མའི་ལམ་ནི་སྲིད་བྱུས་ཤིག་དང་གཞོན་ནུའི་ལངས་ཕྱོགས་རང་བཙན་ནི་ཐོབ་ཐང་ཞིག་ཡིན་སྟབས་དབུ་མའི་སྲིད་བྱུས་ལ་གུས་བརྩི་ཡོད་ཅེས་དང་། ཡང་ཁོང་གིས། ང་ཚོ་ཕན་ཚུན་གུས་བརྩི་དང་སྦྱངས་བཤད་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་གསུངས་འདུག

འོན་ཀྱང་ད་རེས་ཕྱི་ཟླ་དགུ་པའི་ནང་ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བའི་རིང་། ལྡི་ལི་བསམ་ཡས་གླིང་བོད་གར་གྱི་སིང་སིང་ཁུག་ཁུག་ཡོད་ཚད་ལ། ཞི་ཅིན་ཕིན་གྱི་འདྲ་པར་ལ་གང་བྱུང་དུ་རི་མོ་འདྲ་མིན་དུ་བཀོལ་ཏེ། འབུ་སྡིག་པ་ར་ཅན་གཟུགས་དབྱིབས་བཀོད་པ་དང་། འགའ་ཤས་ལ་ར་ཅོ་བྲིས་པ་ལ་སོགས་བཟང་སྤྱོད་དང་བྲལ་བའི་བྱེད་ལས་འདྲ་མིན་སྤེལ་བ་ནི། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་བུར་གུས་བརྩི་ཕར་ཟད་རྡོག་རོལ་ཤུགས་ཆེན་བཏང་བར་ངོས་འཛིན་ཞུ་རྒྱུ་ཡིན།

ཚང་མས་མཁྱེན་གསལ་རེད། བོད་རྒྱལ་ཁབ་ཆེན་པོ་དེ་ཧམ་བཟུང་དང་བཙན་འཕྲོག་བྱེད་གཏེ་མའོ་ལ་སོགས་པའི་སྐབས་དེའི་བཙན་ཤེད་རིང་ལུགས་པ་ཚོ་ཡིན་པ་དང་། བོད་ནང་གདུག་རྩུབ་བྱ་སྤྱོད་སྤེལ་མཁན་ནི་ཁོ་པ་ཚོ་ལས་བརྒྱུད་པའི་དཔོན་ངན་དག་ཡིན་པ་ལས། ཞི་ཅིན་ཕིན་ག་ལ་ཡིན། ཞི་ཅིན་ཕིན་སྲིད་ཁྲིར་ཁོད་ཀྱང་རང་དབང་སྤྲད་མ་བྱུང་སྙམ་པ་ནི། བྱིས་པའི་བསམ་བློ་རང་རེད། ཁོ་པ་སྲིད་ཁྲིར་འཁོད་པ་དང་བོད་མིའི་རང་དབང་ལམ་སེང་སྤྲད་ཆོག་ཆོག་ཅིག་དེ་བས་ག་ལ་ཡོད།

གཞན་ཡང་ཞི་ཅིན་ཕིན་གྱི་ལས་ཐོག་རིང་བོད་ནང་དམིགས་གསལ་གྱི་ཐལ་ཆ་ཆེ་བའི་སྲིད་ཇུས་བཟུང་ཡོད་ན། ང་ཚོས་རྩ་དོན་འཐབ་རྩོད་བྱེད་རྒྱུ་ནི་ཕ་རོལ་པོར་ཁོང་ཁྲོ་སློང་རྒྱུ་དེ་མ་ཡིན་པར། ཡང་ན་རང་ཉིད་ཀྱི་སྟོབས་ཤུགས་བེད་སྤྱོད་ཀྱིས་ཁ་གཏད་་ལྕོག་རྒྱུ་དང་། ཡང་ན་རྒྱལ་སྤྱིའི་སྡིངས་ཆའི་དཔུང་རོགས་འཚོལ་རྒྱུ་སོགས་བྱ་འགུལ་མང་དག་ཡོད་པ་ཡིན། དེ་ལས་ལྡོག་པར་འདྲ་པར་ལ་གདུག་རྩུབ་ཀྱི་རི་མོ་འདྲ་མིན་བྲི་བ་ནི། རྒྱ་བོད་མི་རིགས་དབར་ལ་མི་མཐུན་པའི་འགལ་བ་ཆེ་རུ་གཏོང་རྒྱུ་དང་། དྷ་རམ་ས་ལར་ཁ་གཏད་ནས་ཡོང་མཁན་གྱི་རྒྱ་རིགས་ནང་པ་ཚོའི་སེམས་ལ་ཕོག་དུག་གཏོང་རྒྱུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་བུར་འགོག་རྐྱེན་བཟོ་རྒྱུ་ཞིག་ལས་གཞན་པའི་རྩ་དོན་ལ་ཕན་པའི་ལས་འགུལ་གང་ཡང་མ་ཡིན།

ལྷག་པར་དུ། དབུ་མའི་ལམ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་བྱུས་བཟུང་བ་གཅིག་པུ་མིན་པར། དེའི་ཐོག་ཤར་བསྐྱོད་བྱ་རྒྱུའི་གྲོས་ཆོད་རབ་དང་རིམ་པ་བྱུང་ཡོད་ལ། དེང་དུས་འཛམ་གླིང་གི་གནས་བབ་དང་མཐུན་པའི་འདམས་ང་ཡག་ཤོས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་འདམས་ང་ཡག་ཤོས། ཕུག་ཕན་ཆེ་ཤོས་ཀྱི་འགྲོ་ལམ་ཡིན་པ་མཁྱེན་པ་དང་། ཤེས་པའི་ཐོག་ནས་ཐག་གཅོད་བྱུང་བ་ཞིག་ཡིན།

མ་ཟད་ཞི་ཅིན་ཕིན་ནི་རྒྱ་ནག་གི་མགོ་འཁྲིད་གཞན་དང་མི་འདྲ་བར་མཁྱེན་པའི་ཡོན་ཏན་ཐོག་ནས་སྲིད་ཀྱི་ཁྲི་ལ་འཛེགས་པ་ཞིག་ཡིན་པ་དང་། རྒྱབ་ལྗོངས་ཀྱི་ཐོག་ནས་བལྟས་ཀྱང་བོད་ཀྱི་གནད་དོན་ཐད་རྒྱ་ནག་མགོ་འཁྲིད་གཞན་སུས་ཀྱང་འཚབ་བྱེད་མི་ཐུབ་པའི་མཐུན་རྐྱེན་ཚང་བའི་མི་སྣ་ཞིག་རེད། མ་གཞི་བོད་རེ་བས་འཕུང་བས་རེ་བ་བྱེད་མི་ཉན་ཟེར་མཁན་ཡོད་ཀྱང་། རེ་བ་བརླག་པའི་རྩ་དོན་གྱིས་ཅི་ལ་ཕན།

ང་ཚོས་འདས་པ་དང་འབྱུང་འགྱུར་དབུ་མའི་ལམ་ལ་རེ་བ་ཞིག་བྱེད་དགོས་ཀྱི་ཡོད་ན་ད་རེབ་ཀྱི་མགོ་འཁྲིད་འདི་ལ་རེ་བ་མ་བྱེད་རང་བྱེད་རེད་ལ། འདི་ལས་ལྷག་ཅིག་མ་འོངས་པར་རེ་བ་རྒྱག་ས་ཞིག་ཡོང་མི་སྲིད། ཡང་སྒོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་དགུང་ལོའི་འབབ་དང་། བྱེས་བཞུགས་སྤུན་ཟླའི་སེམས་ནང་གི་རེ་བ། བོད་ཀྱི་སྣོད་བཅུད་ལ་སོགས་ཕྱོགས་གང་ཅིར་བལྟས་ཀྱང་རྒྱ་དཔོན་འདི་ལ་ང་ཚོས་རེ་བ་བྱེད་རྒྱུ་ལས་གཞན་འདི་ལྷག་ཅིག་མེད་པས་སོ།།

དེས་ན་འབྱུང་འགྱུར་ཞི་ཅིན་ཕིན་གྱི་གདོང་འབག་གང་བྱུང་དུ་བཀོལ་བ་དང་། འདྲ་པར་ལ་རི་མོ་འདྲ་མིན་བྲིས་པ་ལ་སོགས་པ་ནི་དབུ་མའི་ལམ་ལ་གུས་བརྩི་མ་ཞུས་པ་དང་། བྱིས་པ་ཁོང་ཁྲོ་ལངས་པའི་བྱ་སྤྱོད་ཙམ་ཞིག་ལས་བོད་ཀྱི་རྩ་དོན་ལ་ཕན་པའི་བྱ་འགུལ་ཞིག་ཡིན་པར་རྩ་བ་ནས་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 9

  1. བདེན་སྐྱོང་། says:
    ལོ་ 12 སྔོན།

    སད་མ་དཀར། ཧཧཧཧཧ་་་་སྙིང་རྗེ།
    ཅི་གང་ཤེས་ཀྱི་མིན་འདུག
    སྨྱུག་ཐོག་པའི་བསམ་བློའི་ཆུ་ཚད་ཤིག་སྐྱོ་གི་ཡ་་
    ལོ་ཤས་ཤིག་ཆབ་སྲིད་གནས་བབ་དང་བསམ་བློའི་ཆུ་ཚད་ཡར་རྒྱས་ཆེད་དུ་འབད་བརྩོན་བྱས་ན་ཕན་ཆེ་བར་བསམ།
    སྙིང་རྗེ་་་་ཨོཾ་མ་ཎི་པ་དྨེ་ཧཱུྃ།་་་་

    Reply
  2. ཤིག། says:
    ལོ་ 12 སྔོན།

    རྒྱ་མི་ཞི་ཞེས་པ་མི་སྒེར་ལ་ངོ་རྒོལ་རྗེས་གྱི་ཡོད་དམ། གོང་གི་དཔྱད་རྩོམ་ནང་བཀོད་ལྟར་ན་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་ན་བྱི་བའི་ལས་ཀ་ལྟ་བུ་གསུངས་འདུག། ངའི་བསམ་ན་ དེ་ལྟར་མིན་ཞི་ཅིན་ཕིན་ནི་རྒྱ་ནག་རྒྱལ་ཁབ་གྱི་མགོ་ཁྲིད་དང་རྒྱ་ནག་གི་སྔ་རྗེས་ཚང་མ་མཚོན་གྱི་ཡོད་དུ་ང་ཚོ་སྤྲུན་ཟླ་རྣམས་ལ་རྡོག་རོལ་དང་དཀའ་སྡུག་མྱོངས་བ་དེ་དུ་ནམ་ཡང་སེམས་ནང་དྲན་ནས་རྒྱ་རྒན་དེ་ཚོ་ངོ་རྒོལ་ཐ་ཅིག་དུ་བྱས་དགོས།་བོད་རྒྱལ་ལོ།།

    Reply
  3. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    བོད་རྒྱལ་ཁབ་(ཆགས་འཇིག)་(ཀྱི)་གནད་དོན་གཉན་ཕྲང་ཅན་གྱི་སྐབས་སུ།
    བོད་རྒྱལ་ཁབ་འདོད་ཆགས་ཀྱིས་འཇིག་ཟེར། ཧ་ཧ་ཧ་ཧ།
    ཨ་ལས་ངན་པོ། ད་ཅིག་བཤད་ནིའི་ཚད་ཨེ་རེད། རང་མཚང་བསྟན་པ་ཙམ་རེད།

    Reply
  4. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    བོད་རྒྱལ་ཁབ་(ཆགས་འཇིག)་(ཀྱི)་གནད་དོན་གཉན་ཕྲང་ཅན་གྱི་སྐབས་སུ།
    བོད་རྒྱལ་ཁབ་འདོད་ཆགས་ཀྱིས་འཇིག་ཟེར། ཧ་ཧ་ཧ་ཧ།
    ཨ་ལས་ངན་ཕོ། ད་ཅིག་བཤད་པའི་ཚད་ཨེ་རེད། རང་མཚང་བསྟན་པ་ཙམ་རེད།

    Reply
  5. ཤག་སྒང་པ། says:
    ལོ་ 12 སྔོན།

    ཞི་ཅིན་ཕིན་ལྡེ་ལིར་ཕེབས་དུས་བསམ་ཡས་གླིང་དུ་ངོ་རྒོལ་བྱས་པ་དེའི་གོ་སྒྲིག་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རེད་དམ། དེ་ལྟར་མིན་ན།

    ལྟ་བ་དང་ལངས་ཕྱོགས་དམིགས་ཡུལ་འདྲ་མིན་འཁྱེར་བའི་ཚོགས་པ་སྒེར་དང་། མི་སྒེར་གྱིས་ལས་འགུལ་ཆུང་ཚགས་མི་མངོན་ལྐོག་ཏུ་སྦས་ནས་སྤེལ་བ་ལས།

    འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་རང་གི་དབུ་ལམ་རྡོག་རོལ་རྩིས་མེད་བཏང་འདུག་སྙམ་ན།

    གཞི་མེད་ཀྱི་སྐྱོན་འཛུགས་ཆེན་པོ་ཞིག་བྱས་པས། ཡིད་གཟབ་ཀྱིས་བྲིས་ཤིང་ཡིད་གཟབ་ཀྱིས་འགན་འཁུར་གནང་ནས་གསུང་དགོས་པ་འདུག་ཟེར་བ་དེ་ཡིན།

    Reply
  6. གངས་ལྡོམ། says:
    ལོ་ 12 སྔོན།

    ཁྱེད་ཀྱིས་གསུངས་པ་ལྟར་ན། ང་ཚོས་རྒྱའི་དཔོན་ངན་ཚོ་ཡོང་དུས། ཁ་བཏེགས་བཟུང་ནས་བསུ་མ་བྱེད་དགོས་ཟེར་པ་རེད་དམ།

    Reply
  7. ཨ says:
    ལོ་ 12 སྔོན།

    རང་མིང་ནོར་ཡོད་མེད་ཁྱོས་ཤེས་རྒྱུ་ཞིག་མ་རེད། དོན་ནོར་བྱུང་ཡོད་མེད་ཀྱང་ཁྱོས་ཤེས་མི་འདུག དགོངས་དག རྒྱ་མི་གཅིག་གིས་ཀྱང་རྒྱའི་ཚབ་མཚོན་ཐུབ་པ་ཡོད་ནི་རེད།

    Reply
  8. གངས་གསེར་སྨྱུག says:
    ལོ་ 12 སྔོན།

    ( དེས་ན་འབྱུང་འགྱུར་ཞི་ཅིན་ཕིན་གྱི་གདོང་འབག་གང་བྱུང་དུ་བཀོལ་བ་དང་། འདྲ་པར་ལ་རི་མོ་འདྲ་མིན་བྲིས་པ་)
    འབྱུར་གྱུར་ཟེར་ན་བཤད་དཀའ་མོད། ཉེ་སྔོན་དེ་ལྟར་བྱས་པ་བསམ་མེད་རང་རེད།

    Reply
  9. གནས་ཚང་། says:
    ལོ་ 12 སྔོན།

    ཐོག་མར་རང་མིང་ནོར་འདུག སད་མ་ཀར་ཡིན་པ་ལས་དཀར་མ་རེད། དེ་ནས་དོན་ནོར་ཤག རྡ་སར་ཆོས་ཞུ་རུ་ཡོང་མཁན་གྱི་རྒྱ་མི་ཚོ་རྒྱ་མི་དུང་ཕྱུར་བཅུ་བཞིའི་ནང་གི་སྤུ་ཉག་རེ་འགའ་རེད་ལ། དེ་དག་རྒྱ་མི་ཡོངས་ཀྱི་ཚབ་བྱེད་ཐུབ་པ་མ་རེད། གཞན་ཞིས་ཅིན་ཕེན་ལ་ངོ་རྒོལ་བྱེད་ད་བྱེད། བོད་ནང་མེར་བསྲེག་ངོ་རྒོལ་བསྟུད་མར་ཡོང་དོན་ཅི་རེད། དེ་ཙམ་ཡང་ཧ་མ་གོ་ན་ཐབས་སྐྱོ་བོ་ཞེ་དྲག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese