མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་ཟུར་པ་བཀའ་བརྒྱུད་དོན་འགྲུབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་འབུལ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོགས་ཁང་དུ། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དབུས་སྲིད་སྐྱོང་མཆོག་གི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གི་གཙོས་བཀའ་བློན་ཕྱག་རོགས་རྣམ་པ། དེ་བཞིན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་མཉམ་འཛོམས་ཐོག ཟླ་སྔོན་མའི་ཚེས་ ༡༣ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་བདམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་རྣམ་གཉིས་ཀྱིས། ༧གོང་ས་མཆོག་གི་སྐུ་པར་ལ་མཎྜལ་རྟེན་གསུམ་འདེགས་འབུལ་གནང་བ་དང་འབྲེལ། གསར་འདེམས་བྱུང་བའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་མདུན་དུ་ལས་འཁུར་དམ་བཅའ་ཕུལ་སོང་།

བཀའ་བརྒྱུད་དོན་འགྲུབ་ལགས་ནི། ༡༩༥༧ ལོར་སྟོད་མངའ་རིས་སུ་ཕ་ཚེ་བརྟན་དོན་འགྲུབ་ལགས་དང་མ་བསོད་ནམས་མཚོ་མོ་གཉིས་ཀྱི་བུར་སྐྱེས་ཤིང་། ༡༩༥༩ ལོར་ཕ་མ་སྤུན་མཆེད་དང་ལྷན་བཙན་བྱོལ་དུ་འབྱོར་ཡོད་པ་དང་། ༡༩༦༥ ལོར་སིམ་ལ་གཏན་སློབ་ཏུ་འཛིན་རིམ་ ༦ པ་བར་སློབ་སྦྱོང་གནང་རྗེས། རྒྱ་གར་ལྷོ་ཕྱོགས་མོན་གྷོར་གཞིས་ཆགས་སློབ་གྲྭར་འཛིན་གྲྭ་ ༩ པ་དང་། མ་སུ་རི་གཏན་སློབ་ཏུ་འཛིན་གྲྭ་ ༡༠ པ་དང་། ༡༩༧༦ ལོར་རྡོར་གླིང་གཏན་སློབ་ནས་འཛིན་གྲྭ་ ༡༡ ཐོན་རྗེས། ༡༩༧༦ལོ་ནས་ལོ་གསུམ་རིང་སི་རི་མཐོ་སློབ་ཏུ་སློབ་སྦྱོང་གནང་སྟེ་བསླབ་པ་མཐར་ཕྱིན་ཡོད་འདུག

ཕྱི་ལོ་ ༡༩༨༠ ལོར་གཞུང་ཞབས་ནང་ཚུད་དེ་ཕྱི་ལོ་ ༡༩༨༡ ་ཟླ་ ༦ པ་བར་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་གཞོན་དྲུང་གནང་ཡོད་པ་དང་། དེ་རྗེས་བྷང་ལོར་དུ་ལོ་ ༣ རིང་ (K. V Hariharan & Company Charter Accountant )ཆེས་མཐོའི་རྩིས་ཞིབ་པའི་ཉམས་གསོའི་སྦྱོང་བརྡར་གནང་རྗེས། རྩིས་ཞིབ་ལས་ཁུངས་ཀྱི་རྒན་དྲུང་དང་དྲུང་གཞོན། ཟུང་དྲུང་། དྲུང་འཕར། དྲུང་ཆེ་བཅས་སུ་རིམ་བཞིན་གནས་འཕར་ཡོད་པ་དང་། དེའི་རྗེས་ལོ་གཅིག་རིང་ཨ་རིའི་རོ་ཆི་སུ་ཊིར་གཙུག་ལག་མཐོ་སློབ་ (The University of Rochester) ཏུ་རྩིས་དང་དཔལ་འབྱོར་རིག་པར་སློབ་སྦྱོང་གནང་འདུག ༢༠༠༢ ནས་ ༢༠༠༤ ལོའི་བར་རྩིས་ཞིབ་ཁང་གི་དྲུང་ཆེའི་འགན་འཁུར་བ་དང་། ༢༠༠༤ ལོའི་ཟླ་ ༩ པ་ནས་ ༢༠༡༤ ལོའི་ཟླ་ ༩ པའི་བར་སྤྱི་ཁྱབ་རྩིས་ཞིབ་ཀྱི་འགན་འཛིན་གྱི་ཕྱག་ལས་གནང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

སྐར་མ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

སྐར་མ ༥༤ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༢༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༢༤ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

༢༠༢༦/༠༦/༡༡
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese