༄༅།། ཆེད་ཞུ། བོད་མིའི་ཤེས་ཡོན་སྲིད་ཇུས་ཀྱི་ནང་དོན་དུ།
རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་གནས་བབས་ཤེས་ཡོན་ལ་རག་ལས་པ་དང་། ཤེས་ཡོན་བཟང་ཞན་དགེ་རྒན་ལ་རག་ལས་པར་བརྟེན། སྤྱི་ཚོགས་ནང་ནས་མི་གཤིས་དང་ཀུན་སྤྱོད་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་གནང་དགོས་པ་དང་། དགེ་རྒན་ལ་གསོལ་ཕོགས་ཐོབ་ཐང་སོགས་མཐུན་རྐྱེན་ལས་ཚན་གཞན་ལས་ཁྱད་དུ་འཕགས་པ་སྤྲོད་དགོས་པ་སོགས་སྲིད་ཇུས་ནང་རྫིག་པོ་མ་ཤ་ཏག་བཀོད་ཡོད་རེད། ཡིན་ནའང་ཚོགས་ཆུང་གཅིག་ཡོད་པ་གོ་རྒྱུ་འདུག་པ་ཙམ་ལས། དགེ་རྒན་ཚོར་དྲི་རྩད་གནང་མཁན་སུ་གང་མ་བྱུང་གསུང་མཁན་ཡང་འདུག གང་ལྟར་བཀའ་ཤག་སྐབས་བཅུ་བཞི་པ་འདེ་དང་སྤྱི་འཐུས་སྐབས་བཅོ་ལྔ་པ་འདི་གཉིས་སློབ་དགེ་དང་ལས་བྱེད་ཀྱི་ཐོག་ལ་གཟིགས་སྟངས་དང་དགོངས་པ་བཞེས་སྟངས་ཧ་ལས་པའི་སྡུག་པོ་མཐོག་གི་འདུག ད་བར་གྱི་གནང་ཕྱོགས་ལ་ལྟས་ན་༼གཞན་ལས་རང་གཅེས་པ༽ ཤ་ཏག་རེད་འདུག །བོད་ཁྱིམ་སློབ་གྲྭ་ལྟ་བུ་ཡིན་ཡང་ཚོགས་པའི་རྩ་ཚིག་དེ་ནང་པ་སངས་རྒྱས་པའི་བལྟ་སྤྱོད་ ༼རང་ལས་གཞན་གཅེས་པ་༽ འཛིན་རྒྱུ་དེ་རེད་ལ། ཤེས་ཡོན་སྲིད་ཇུས་ནང་དུའང་རང་ལས་གཞན་གཅེས་པའི་ལྷག་བསམ་ལ་གདེང་འཇོག་ཆེན་པོ་གནང་ཡོད།
འདི་སྐོར་ལ་དཔེ་མཚོན་རྙིང་རྗེ་པོ་ཞིག་བརྗོད་འདོད་བྱུང། དེ་ནི་བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཐུགས་འགན་བཞེས་རྗེས། སྲིད་སྐྱོང་མཆོག་ནས་ལས་བྱེད་པར་ཚོགས་འདུ་ཐེངས་དང་པོའི་སར་གསོལ་ཕོགས་བརྒྱ་ཆ་ ༣༥ ཙམ་སྤར་ཐུབ་པ་གནང་རྒྱུ་གསུང་བཤད་སྙན་པོ་ཞིག་གནང་ཡོད་སྐད་འདུག འོན་ཀྱང་རྗེས་སུ་ཚོགས་ཆུང་གཅིག་བཙུགས་ནས་ཚོགས་ཆུང་དེས་འཆར་འབུལ་ལྟར་དེ་སྔ་འུར་སྒྲོག་བྱས་པའི་བརྒྱ་ཆ་མ་ལོངས་པར་བརྟེན། ངལ་སེལ་ཟེར་བའི་བརྒྱ་ཆ་ ༣༢ འཕྲལ་སེལ་གྱི་དཀའ་ངལ་གདོང་ལེན་ཆེད་དུ་གནང་འདུག །འོན་ཀྱང་ཕོགས་སྤར་གནང་མི་འདུག ངལ་སེལ་རོགས་སྐྱོར་རམ་སྐྱོབ་གསོའི་རིགས་འདི་ག་དུས་ཕྱིར་བསྡུ་མཚམས་འཇོག་བྱེད་ཀྱང་བྱས་ཆོག་རེད། དེ་སྔ་ཡིན་ན་ལོ་ལྔ་རེའི་མཚམས་སུ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བཙུགས་ནས་ཕོགས་སྤར་གནང་སྲོལ་ཡོད་འདུག
འོན་ཀྱང་ཆེས་ཡ་མཚན་ཞིག་ལ། རྒྱུན་དུ་ཡ་རབས་བཟང་སྤྱོད་དང་མིག་དཔེ་ཡར་སྟོན་སྐོར་ཡང་ནས་ཀྱང་དུ་གསུང་མཁན་གྱི་མཛད་གཙོ་རྣམས་པ་ཞེས། ཁོང་རང་ཚོ་དབང་འཛིན་པ་རྣམས་ཀྱི་གསོལ་ཕོགས་སྤར་ཕྱོགས་སྤྱི་མཐུས་ལྷན་ཚོགས་ནང་གྲོས་བསྡུར་གནང་སྐབས་སྤྱི་འཐུས་རྣམས་ནས་ངལ་སེལ་ཟེར་བ་ལམ་ལུགས་སྲོལ་དང་མ་མཐུན་པས། ཁས་ལེན་མ་གནང་པར་ཁོང་ཚོ་རྡོག་བསྒྲིལ་ནས་བརྒྱ་ཆ་ ༣༢ དེ་ཟླ་ཕོགས་རང་གི་ནང་བཅུག་ནས་གསོལ་ཕོགས་སྤར་ཆ་གཏན་འབེབས་གནང་ཡོད་པ་དངོས་འབྲེལ་རེད་འདུག ཡིན་ནའང་ལས་བྱེད་ཚོར་བཀའ་ཤག་ནས་འགྲེལ་བཤད་གང་གནང་དེར་སྤྱི་འཐུས་ནས་མོས་མཐུན་གནང་སྟེ་ད་ལྟའང་ངལ་སེལ་ཟེར་བ་དེ་རང་འཇགས་བཞག་ཡོད་འདུག སྤྱི་འཐུས་རྣམས་ནས་ཁོར་ང་ཚོའི་ཐོབ་ཐང་དེ་རང་མ་གཏོགས་འགན་མ་འཁྱེར་བ་ངོ་ཚ་པོ་རེད། སོང་ཙང་ལས་བྱེད་ཀྱི་གནས་སྟངས་བདེ་སྡུག་ཐོག་བསམ་བཞེས་མི་བྱེད་རྒྱུར་བཀའ་སྤྱི་གཉིས་ཁྱི་སྤྱང་ལག་སྦྲེལ་ལྟར་ཆགས་ཡོད་པ་རེད། མཛད་གཙོ་རྣམས་ནི། བཀའ་བློན་ཚོ་དང་། སྤྱི་འཐུས་ཚོ་དང་། ཁྲིམས་དཔོན་ཚོ། ཡིན་འདུག
ཡང་། ལས་བྱེད་ཚོ་ལྷག་དཀར་ཉིན་ཕྱུ་པ་གྱོན་ཆེད་ཕྱུད་པ་བཟོ་དོད་སྒོར ༥༠༠༠། གནང་རྒྱུའི་གསལ་བསྒྲགས་གནང་ཡང་། དངོས་སུ་སྒོར་ ༣༥༠༠། ལས་གནང་མིན་འདུག འདིའི་སྐོར་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་བྱུང་བར། སྲིད་སྐྱོང་གིས་གསལ་བཤད་དུ་ཕོགས་སྤར་ཚད་བརྒྱ་ཆ་ནས་བཅག་སྐོར་གསུང་འདུག དེ་གོ་རྗེས་ལས་བྱེད་མང་པོར་མགོ་སྐོར་དང་གྱོང་གུན་བཏང་པའི་བློ་ཕམ་གྱི་ཚོར་བ་ཤུགས་ཆེན་པོ་འདུག དེང་སང་ལྷག་དཀར་ཉི་བོད་ཆས་ཆ་ཚང་གྱོན་མཁན་སྲིད་སྐྱོང་ཙམ་ཡིན་པ་འདྲ་འདུག དེ་ནི་དངོས་གནས་ལས་བྱེད་ཚོར་ཐུགས་ཁག་མིན་འདུག། གང་ལ་ཟེར་ན། སྒོར་ ༣༥༠༠། དེ་ཐེངས་གཅིག་རང་རེད། འོན་ཀྱང་ཕོགས་སྤར་ཚད་ཀྱི་བརྒྱ་ཆ་ནས་བཅག་པ་དེ་ཟླ་བ་ནས་ཟླ་བ་ལོ་ནས་ལོ་གྱོང་གུན་འཕོགས་ཀྱི་ཡོད་རེད། སོང་ཙང་འདི་མགོ་སྐོར་ཙམ་མིན་པར་གྱོང་གུན་ཧ་ཅང་ཆེན་པོ་བཏང་བ་རེད།
ང་ཚོས་བོད་མིའི་སྒྲིག་འཛུགས་འདི་ལ་ཆ་འཇོག་དང་ཆེ་མཐོང་གང་ཐུབ་ཞུ་གི་ཡོད་དེ། དེ་སྔ་བཙན་བྱོལ་དུ་༸གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་གནང་རིང་ཉེ་རིང་དང་གྲལ་རིམ་གྱི་དབྱེ་བ་རྩ་བ་ནས་མེད་རུང་། ད་ཆ་༸གོང་སྐྱབས་མགོན་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མང་ཚོགས་ནས་འོས་འདེམས་བྱས་པའི་མི་མང་གི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་ནས་དུས་ཡུན་གང་ཡང་མ་སོང་བའི་རིང་དེར་འདི་ལྟ་བུའི་གྲལ་རིམ་གྱི་དབྱེ་བ་དང་། མཐོས་གནོན། བཤུ་གཞོག་གི་ལམ་ལུགས་སྲོལ་གཏོད་ན་དགྲ་བོར་ཕྱར་རྒྱུ་དང་། ང་ཚོ་བོད་མི་ཚང་མ་ངོ་གནོངས་དགོས་པ་འདི་འདྲ་མི་ཡོང་བ་གནང་རོགས་གནང་ཞུ་འདོད་བྱུང་།
དེ་སྔ་རང་བཙན་ཡོད་སྐབས་ཀྱང་གཞུང་གི་འགོ་ཁྲིད་ཚོས་ལས་འབྲས་མ་སྲུང་སྤྱི་དོན་རས་སུ་བོར་བས་རྐྱེན་གྱི་ང་ཚོ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་གནས་སྟངས་དཀའ་རྙོག་འདི་འདྲ་ཞིག་ལ་གྱར་དགོས་བྱུང་བ་རེད། ད་ཆ་དྲང་པོ་དྲང་བཞག་དང་ལས་འབྲས་དཔང་འཕེར་ཞིག་གནང་རོགས་གྱིས།
ལས་བྱེད་ཚོས་སྐད་རྒྱག་གི་མ་རེད། གང་ཡིན་ཟེར་ན་རྡོ་མར་ལ་རྒྱབ་ཀྱང་མར་ཕམ། མར་རྡོ་ལ་རྒྱབ་ནའང་མར་ཕམ་ཞེས་པ་ལྟར་རེད།
ཡིན་ནའང་བཀའ་སྤྱི་གཉིས་ནས་དགོངས་པ་དེ་འདྲ་བཞེས་ན་ནོར་འཁྲུལ་རེད། ལས་རྒྱུན་འབྲས་བརྩི་དགོས་རེད་ལ༸གོང་ས་སྐྱབས་མགོན་ཆེན་པོ་ཡང་ཐུགས་ཕམ་མི་བྱུང་བ་ཞིག་གནང་རྒྱུ་མཛད་གཙོ་རྣམ་པའི་འགན་འཁུར་ལྡོག་ཏུ་མེད་པ་ཞིག་རེད། དེ་ངོས་བཟུང་ཐུབ་པ་གྱིས་རོགས།
དགེ་རྒན་གྱི་གསོལ་ཕོགས་དང་ཐོབ་ཐང་སྐོར་རྡ་ས་དང་མ་སུ་རི་བོད་ཁྱིམ་གཉིས་ནས་སོ་སོའི་དཔལ་འབྱོར་གནས་སྟངས་དང་བསྟུན་ནས་སྤར་ཆ་ཕྲན་བུ་གནང་ཡོད་པ་དེ་ལས་ལྷག་གནང་ཐབས་མེད་པ་གསུངས་སྐད་འདུག དེ་བཞིན་སམ་བྷོ་ཊའི་དགེ་རྒན་ལ་ཤེས་རིག་ནས་ལས་བྱེད་ཚོར་ངལ་སེལ་བརྒྱ་ཆ་ཟེར་བ་དེ་པར་བཀབ་གནང་ཡོད་པ་གོ་རྒྱུ་འདུག འོས་མཚམས་དགོངས་བཞེས་དང་དྲང་བདེན་མ་གནང་ན་ཤིན་ཏུ་ཐབས་སྐྱོ་པོ་རེད། དེང་སྐབས་བོད་མི་མང་ཆེ་བ་ནུབ་ཕྱོགས་རྒྱལ་ཁབ་ལ་ཁ་ཕྱོགས་ཏེ་སོ་སོའི་སྒེར་དོན་ལ་གཉེར་བའི་སྐབས་འདིར་དགེ་རྒན་དང་ལས་བྱེད་བསམ་ཡོད་རང་ལས་གཞན་གཅེས་པའི་ཀུན་སློང་བཅང་ཏེ་མིང་དང་མཐོ་གོ་ས་ལ་མི་རེ་བར་སྤྱི་བའི་ལས་ཀ་གནང་མཁན་ཚོར་མཐོང་ཆུང་དང་ཁོང་ཚོ་དང་ཁོང་ཚོའི་ནང་མི་ལྟོས་བཅས་ལ་འཚོ་རྟེན་ཕོགས་དང་ཐོབ་ཐང་སོགས་མཛད་གཙོ་རྣམས་པ་ལས་ལྷག་པ་དགོངས་བཞེས་གནང་རོགས་ཞུ་རྒྱུ་མེད་དེ། འགྲོ་སྟངས་ལམ་ལུགས་གཅིག་མཚུངས་ཞིག་དགོངས་བཞེས་གནང་མ་ཐུབ་ན། ང་ཚོའི་སེམས་ཚབ་ལ་བོད་མིའི་སྒྲིག་འཛུགས་འདི་ལ་ཡིད་ཆེས་རླགས་ཉེན་དང་མ་འོངས་པར་ལྷག་བསམ་བཅང་ནས་ཡུན་རིང་ཞབས་ཞུ་སྒྲུབ་མཁན་ལས་བྱེད་དང་དགེ་རྒན་ཉུང་དུ་ཉུང་དུ་འགྲོ་གི་རེད་བསམ་གྱི་འདུག
སྲིད་སྐྱོང་བརྗེ་གི་རེད། སྤྱི་འཐུས་ཁྱུར་གི་རེད། ཡིན་ནའང་ཆུ་ཕྱིན་ཡང་ཟམ་པ་བསྡད་དགོས་རེད་ཟེར་བ་བཞིན་བོད་མིའི་སྒྲིག་འཛུགས་འདི་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་དེ་སྲིད་བར་གནས་ཐུབ་དགོས་རེད་ན། སྒྲིག་འཛུགས་འདི་དང་དེ་ལ་བསྟེན་པའི་སློབ་གྲྭ་ཁག་སྦོ་མ་ལུག་པར་བསྡད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བྱ་ལས་འདི་བསྒྲུབ་པར་རྒྱུན་མཐུད་ནས་ལས་གནང་མཁན་ལས་བྱེད་དང་དགེ་རྒན་དེ་ཚོ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་ལྟར་གསོ་སྐྱོང་དང་བདག་པོ་ཡག་པོ་བསྐྱོན་མ་ཐུབ་ན་ཉིན་གཅིག་ཨ་ཁ་ཁ་ཟེར་དགོས་ཤར་ཉེན་ཡོད། དེ་དུས་རི་ལུག་པ་ཐག་པས་མི་དོམ་ཟེར་བ་དངོས་གནས་ཆགས་ཀྱི་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་རེ་བ་བཟང་ས་ལ་རྒྱོབས། གྲ་སྒྲིག་སྡུགས་ས་ནས་བྱོས་ཅེས་རྒྱུན་དུ་བཀའ་སློབ་ཕེབས་བཞིན་པ་དགོངས་པར་བཅང་ནས། རྒྱ་ཆེ་མི་མང་གི་ཁྱེད་རྣམ་པར་རེ་བ་བཅོལ་བ་དེ། བློ་གྲོད་པར་བཀལ། གྲོད་པས་ཆུ་སློད་ཟེར་བ་ལྟར་མ་སོང་བ་ཐུགས་རྗེ་གཟིགས།
སྐལ་བཟང་རྣམ་རྒྱལ་མིང་འདོགས་ཅན་ལས་ལྷག་བསམ་འབོད་བསྐུལ་དུ་ཕུལ་བ་དགེ། ༢༠༡༤།༡༠།༢༨ ཉིན།
ངོ་བཤུས། དགའ་ལྡན་ཕོ་བྲང་ཡིག་ཚང་། བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག སམ་བྷོ་ཊ་ཡིག་ཚང་། རྡ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། དུས་བབ་གསར་ཁང་། བོད་ཀྱི་བང་ཆེན་གསར་ཁང་།
དགེ་རྒན་ལྟོག་འགོང་ཅན་ཞིག་གི་སྐད་ཆ་རེད་འདུག འདི་ཚོས་ལྟོག་འགོང་རྩོད་རྒྱུ་ལས་ཅི་ཡང་མི་ཤེས།
ཤེས་ཡོན་སྲིད་བྱུས་དང་དབུ་མའི་ལམ་སོགས་རང་རེའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་རིགས་ལ་དཔྱད་བརྗོད་སྤེལ་མཁན་སྐལ་བཟང་རྣམ་རྒྱལ་མཚན་ཅན་ངོ་མས་འདིར་གསལ་བཤད་གནང་བར་ཐུགས་རྗེ་ཆེ། དེ་མིན་ན་ང་ཚོ་ཀློག་པ་པོ་རྣམས་མགོ་བོ་རྨོངས་ནས་ཡོད།
ད་ཐེངས་གང་ཡིན་འདི་ཡིན་མེད་པའི་སྐལ་བཟང་རྣལ་རྒྱལ་མིང་རྫུས་ཅན་འདི་པའི་རྩོམ་ཡིག་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག སམ་བྷོ་ཊ་ཡིག་ཚང་། རྡ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། དུས་བབ་གསར་ཁང་། བོད་ཀྱི་བང་ཆེན་གསར་ཁང་སོགས་ལ་ངོ་བཤུས་གཏོང་སྟངས་ལ་བལྟས་ན། འབྲི་མར་སེར་རིལ་སྟེང་དུ་སྦྲང་སྐྱག་གཏོང་རྒྱུའི་ངན་སེམས་ཤིག་བཅངས་མེད་དམ་སྙམ་པ་བྱུང་།
དེས་ན་ཀློག་པ་པོའི་དད་སེམས་དང་སྤྱི་ཚོགས་ཀྱི་བསམ་གཞིག་འཁྲུག་གཞིའི་ཡིག་ཁྱམ་འདི་འདྲ་ཡང་། གསར་འགོད་ཀྱི་བརྒྱུད་ལམ་ལེགས་པོ་འདི་འདྲའི་ཐོག་ཐོན་པར་གློ་བ་སྡུག་ནས་ཡོད།
དྲ་ལམ་ལ་སྤྱན་ཞིབ་རབ་ཏུ་ཕྱུག་པའི་རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་སུ། ཁ་སང་བོད་ཀྱི་དུས་བབ་དྲ་བའི་ཐོག་སྨྱུག་མིང་དང་དངོས་མིང་གང་ཡིན་གསལ་ཆ་མེད་པའི་སྐལ་བཟང་རྣམ་རྒྱལ་མིང་ཅན་ནས་༼ཤིན་ཏུ་བཀུར་འོས་དཔལ་ལྡན་བཀའ་སྤྱི་ཐུན་མོང་ལ།༽ཞེས་པའི་རྩོམ་ཡིག་ཅིག་བྲིས་འགོད་གནང་ཡོད་པ་མཁྱེན་ཡངས་རྣམ་པའི་སྤྱན་ལམ་དུ་ཆུད་ཡོད་པར་མ་ཟད། གུས་པའི་རྩོམ་ཡིག་གི་གཤིས་ཀར་རྒྱུས་མངའ་ཡོད་པའི་གྲོགས་མཆེད་འགའ་ཞིག་ལ་རྩོམ་ཡིག་འདི་བཞིན་གུས་པས་བྲིས་པ་མིན་པའི་གསལ་ཆ་དོད་ཡོད་ངེས་ཀྱང་། ཀློག་པ་པོ་བྱིངས་ནས་རྩོམ་ཡིག་འདི་ནི་དེ་སྔོན་དུས་བབ་དྲ་བའི་ཐོག་ཤེས་ཡོན་སྲིད་བྱུས་དང་། དབུ་མའི་ལམ་སྐོར་རྩོམ་ཡིག་འབྲི་མཁན་གྱི་སྐལ་བཟང་རྣམ་རྒྱལ་ཞེས་པ་དེ་ཡིན་ངེས་བསམ་བཞིན་ཡོད་པ་གདོན་མི་ཟ་བ་ཡིན་ཏེ་རྩོམ་ཡིག་དེའི་གཤམ་འཁོད་མཆན་བུ་འགའ་ཤས་ནས་རྟོགས་ཐུབ།
དེས་ན་གུས་པས་གསལ་བཤད་རྩོམ་ཡིག་འདི་བཞིན་མི་འབྲི་ཐབས་མེད་དུ་གྱུར། སྤྱིར་དེང་སྐབས་བརྡ་འཕྲིན་གྱི་དུས་རབས་མྱུར་འགྲོས་བྱེད་བཞིན་ཡོད་པའི་སྐབས་འདིར་དྲ་བའི་བརྒྱུད་ལམ་ཁག་ཏུ་དངོས་མིང་གཅིག་པ་དང་། སྨྱུག་མིང་གཅིག་པའི་ཐོག་ནས་རྩོམ་པ་པོ་སུ་ཡིན་གྱི་ངོས་འཛིན་ལ་འཕྲུལ་སྣང་འབྱུང་བཞིན་པ་ནི་རྒྱུན་གཏན་ལྟ་བུར་མཐོང་། ཡང་སྐབས་རེ་གོ་སྐབས་དེ་བརྒྱུད་ནས་ཚུལ་མིན་སྨྱུག་ཐོགས་པ་འགའ་རེས་རྒྱ་ཆེའི་ཀློག་པ་པོས་གདེང་འཇོག་ཐོབ་པའི་རྩོམ་འབྲི་བ་འགའ་རེའི་དངོས་མིང་དང་སྨྱུག་མིང་བེད་སྤྱད་དེ་སྨྱུག་ཐོགས་པ་གང་དེས་གླེང་དང་གླེང་བཞིན་པའི་བརྗོད་བྱ་དང་མཉམ་བསྲེས་ཀྱིས་སྒེར་འཁོན་རྩོད་པའི་རྩོམ་ཡིག་རིགས་སྤེལ་ཏེ་རྩོམ་པ་པོ་དེས་རང་ཉིད་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་རང་སྟོན་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད།
གུས་པ་ནི་འདི་ལྟའི་གདེང་འཇོག་ཐོབ་པའི་རྩོམ་འབྲི་བ་ཞིག་མིན་ཅིང་། དངོས་མིང་དང་སྨྱུག་མིང་གང་ཡིན་ཆ་མ་མཆིས་པའི་སྐལ་བཟང་རྣམ་རྒྱལ་གཉིས་པས་རྩོམ་ཡིག་འདི་སྤེལ་བ་གུས་པར་ངན་ཁག་དཀྲི་ཆེད་ཡིན་པར་ངོས་འཛིན་ཀྱང་བྱེད་བཞིན་མེད། འོན་ཀྱང་འདིར་རྒྱ་ཆེའི་ཀློག་པ་པོ་ཚོའི་དགོངས་དབྱིངས་སུ་རྩོམ་པ་པོ་སུ་ཡིན་ལ་འཕྲུལ་སྣང་བྱུང་བར་བརྟེན་གསལ་བཤད་ཅིག་མ་བྱས་ན་སྤྱི་སྒེར་ངོ་མི་ཤེས་པའམ་རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་ནོར་བ་ནི་གང་མིན་དུ་བསམ་ནས་གཞན་གྱི་འཕྲུལ་བ་གསལ་བ་དང་རང་ཉིད་བློ་བདེ་ཡོང་ཕྱིར་གསལ་བཤད་ཞུ་རྒྱུར། དེ་སྔོན་གུས་པས་དུས་བབ་དྲ་བའི་ཐོག་སྐལ་བཟང་རྣམ་རྒྱལ་ཞེས་པའི་དངོས་མིང་སྤྱད་དེ་རྩོམ་ཡིག་མང་དག་སྤེལ་ཡང་བཀའ་སྤྱི་ཐུན་མོང་ལ་ཕུལ་བའི་རྩོམ་ཡིག་ངོ་བཤུས་གང་སར་བཏང་པའི་སྦིར་གྲགས་ཅན་གྱི་རྩོམ་ཡིག་དེར་བཟང་ངན་དང་དོན་དངོས་གསལ་བའི་ཁྱད་ཆོས་གནམ་སའི་བར་ན་མི་གཤོངས་པ་ཡོད་ངེས་ཀྱང་གུས་པ་གོང་གསལ་རྩོམ་ཡིག་ཁག་འབྲི་མཁན་དང་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད།
ཉེ་བའི་ཆར་གུས་པས་རྒྱུས་ཅན་མི་སྣ་མང་པོར་ངོ་ཐུག་དགོངས་སྐོར་ཞུས་པའི་རྒྱུད་རིམ་ཁྲོད་ནས་བསམ་གཞིག་བྱེད་སྐབས་དབུ་མའི་ལམ་དང་ཤེས་ཡོན་སྲིད་བྱུས་ཐད་བཀའ་ཤག་འདི་པའི་ཐོག་དེ་ཙམ་བཤད་དགོས་ཀྱི་རྒྱུ་མཚན་མེད་པའི་དོན་དངོས་གསལ་ཆ་བྱུང་བས། རང་དོན་ཁོག་བཅུག་དང་སྤྱི་དོན་ཁ་འཁྱེར་གྱི་སྦྱོར་རྩུབ་གླེང་གཞི་བཟོ་འདོད་མེད་པར་སྤྱི་དོན་སེམས་བཅངས་དངོས་བདེན་ཡིན་ཚེ་དེ་ཙམ་གྱིས་འཐུས་ངེས་སུ་མཐོང་། དེས་ན་གུས་པས་སླད་མར་བོད་སྤྱིའི་རྩ་དོན་དང་། བཙན་བྱོལ་སྤྱི་ཚོགས་དང་འབྲེལ་བའི་རྩོམ་ཡིག་རིག་སྤེལ་རྒྱུར་བསམ་གཞིག་གཟབ་ནན་བྱེད་གལ་དུ་བསམ་སྟེ་རེ་ཞིག་བྱི་བ་ཁུངས་ཡིབ་ཀྱི་རྟུལ་ཞུགས་འཛིན་འཆར་ལགས་པས། གལ་ཏེ་སླད་ཕྱིན་གུས་པར་དོགས་པའི་རྩོམ་ཡིག་སྤེལ་མཁན་འདྲ་བྱུང་ཚེ་གུས་པ་དང་འབྲེལ་མེད་དུ་དགོངས་བཞེས་ཡོད་པ་དེ་དོན་རྒྱ་ཆེའི་ཀློག་པ་པོ་ཚོའི་དགོངས་དབྱིངས་སུ་བཞུགས་པ་མཁྱེན་ཞུར། གུས་པ་སྐལ་བཟང་རྣམ་རྒྱལ་ནས། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༠ ལ་ཕུལ།།
གསལ་བཤད།
དེ་སྔོན་དུས་བབ་དྲ་ཚིགས་སྟེང་སྐལ་བཟང་རྣམ་རྒྱལ་མཚན་ཅན་ཅན་ཞིག་གིས་རྩོམ་ཡིག་རིམ་པ་མང་པོ་ཞིག་སྤེལ་བ་དང་། ད་རེབ་བཀའ་སྤྱི་ལ་སྙན་ཞུ་རང་བཞིན་གྱི་དགོངས་འཆར་འདོན་མཁན་སྐལ་བཟང་རྣམ་རྒྱལ་གཉིས་གོ་འཛོལ་མེད་པ་ཞུ།
མཇུག་ཏུ།
དྲ་གྲོགས་ཚོས་རང་རང་གི་རྣམ་དཔྱོད་བཏོན་ཏེ་སྤྱི་སྨན་དོན་དངོས་དང་མཐུན་ཞིང་གནས་ལུགས་རྒྱུ་མཚན་ལྡན་པའི་དགོངས་ཚུལ་གསུང་རྒྱུ་ལས། སྒེར་གྱི་ཚོར་བ་དང་དགའ་སྡུག་འདྲེས་པའི་གླེང་མོལ་རིགས་མི་གནང་རྒྱུ་དགོངས་འཇཊ་ཞུ།
གསལ་བཤད།
དེ་སྔོན་དུས་བབ་དྲ་ཚིགས་སྟེང་བཟང་རྣམ་རྒྱལ་མཚན་ཅན་ཅན་ཞིག་གིས་རྩོམ་ཡིག་རིམ་པ་མང་པོ་ཞིག་སྤེལ་བ་དང་། ད་རེབ་བཀའ་སྤྱི་ལ་སྙན་ཞུ་རང་བཞིན་གྱི་དགོངས་འཆར་འདོན་མཁན་སྐལ་བཟང་རྣམ་རྒྱལ་གཉིས་གོ་འཛོལ་མེད་པ་ཞུ།
མཇུག་ཏུ།
དྲ་གྲོགས་ཚོས་རང་རང་གི་རྣམ་དཔྱོད་བཏོན་ཏེ་སྤྱི་སྨན་དོན་དངོས་དང་མཐུན་ཞིང་གནས་ལུགས་རྒྱུ་མཚན་ལྡན་པའི་དགོངས་ཚུལ་གསུང་རྒྱུ་ལས། སྒེར་གྱི་ཚོར་བ་དང་དགའ་སྡུག་འདྲེས་པའི་གླེང་མོལ་རིགས་མི་གནང་རྒྱུ་དགོངས་འཇཊ་ཞུ།
གསལ་བཤད།
དེ་སྔོན་དུས་བབ་དྲ་ཚིགས་སྟེང་བཟང་རྣམ་རྒྱལ་མཚན་ཅན་ཅན་ཞིག་གིས་རྩོམ་ཡིག་རིམ་པ་མང་པོ་ཞིག་སྤེལ་བ་དང་། ད་རེབ་སླར་ཡང་བཀའ་སྤྱི་ལ་སྙན་ཞུ་རང་བཞིན་གྱི་དགོངས་འཆར་འདོན་མཁན་སྐལ་བཟང་རྣམ་རྒྱལ་ཞུ་བ་གཉིས་གོ་འཛོལ་མེད་པ་ཞུ།
མཇུག་ཏུ།
དྲ་གྲོགས་ཚོས་རང་རང་གི་རྣམ་དཔྱོད་བཏོན་ཏེ་དོན་དངོས་དང་མཐུན་ཞིང་གནས་ལུགས་རྒྱུ་མཚན་ལྡན་པའི་དགོངས་ཚུལ་གསུང་རྒྱུ་ལས། སྒེར་གྱི་ཚོར་བ་དང་དགའ་སྡུག་འདྲེས་པའི་གླེང་མོལ་རིགས་མི་གནང་རྒྱུ་དགོངས་འཇཊ་ཞུ།།
གསལ་བཤད།
དེ་སྔོན་དུས་བབ་དྲ་ཚིགས་སྟེང་སྤེལ་བའི་སྐལ་བཟང་རྣམ་རྒྱལ་མཚན་ཅན་གྱི་རྩོམ་ཡིག་སྤེལ་མཁན་དང་། ད་རེབ་བཀའ་སྤྱི་ལ་སྙན་ཞུ་རང་བཞིན་གྱི་དགོངས་འཆར་འདོན་མཁན་སྐལ་བཟང་རྣམ་རྒྱལ་གཉིས་གོ་འཛོལ་མེད་པ་ཞུ།།
གངས་ཕྲུག་ལགས་བདེ་མོ།
རང་ཉིད་གང་ཡང་བྱས་མ་དགོས་པ་སྐྱིད་ཉལ་རྒྱག་ཉལ་གནང་ནས་གཞན་གྱིས་ཡས་འགྲིག་གི་མི་འདུག་མས་འགྲིག་གི་མི་འདུག་ཟེར་བ་གཞན་གད་ཙམ་ལས་གང་ཡང་མ་མཐོང་། ད་དུང་མ་འོངས་པའི་འོས་ཤོག་སེམས་ཁྲལ་ཨ་ཁ་ཁ་སྙིང་རྗེ་ཡ་རང་རེད།
གངས་ཕྲུག་ལགས་བདེ་མོ།
རང་ཉིད་གང་ཡང་བྱས་མ་དགོས་པ་སྐྱིད་ཉལ་རྒྱག་ཉལ་གནང་ནས་གཞན་གྱིས་ཡས་འགྲིག་གི་མི་འདུག་མས་འགྲིག་གི་མི་འདུག་ཟེར་བ་གཞན་གད་ཙམ་ལས་གང་ཡང་མ་མཐོང་། ད་དུང་མ་འོངས་པའི་འོས་ཤོག་སེམས་ཁྲལ་ཨ་ཁ་ཁ་སྙིང་རྗེ་ཡ་རང་རེད།
བསྟན་འཛིན་འཕགས་པ་ལགས། ལྷག་བསམ་རྣམ་དག་དང་དངོས་ཡོད་གནས་ཚུལ་རྣམས་སྐྱོན་བརྗོད་ཇི་ཙམ་མང་ཡང་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་རྨང་གཞི་ཞིག་མཐོང། འོན་ཀྱང་ཁྱེད་རང་གིས་གསུངས་པ་འདིར་རྒྱུ་མཚན་དང་ཁུངས་ལུང་མི་འདུག རྗེས་སུ་(རིག་པ་འདོན་སའི)ནང་ཞེན་ཁོག་གི་དྲི་མ་མེད་པ་ཞིག་འབྲི་དགོས་པ་གལ་འགངས་ཆེ་བ་མཐོང།
སྐལ་བཟང་རྣམ་རྒྱལ་ལགས་ཀྱིས་གངས་སྐྱིད་ཀྱི་དངོས་ཡོད་གནས་སྟངས་གསལ་པོ་བཀོད་འདུག་པས་ཐུགས་རྗེ་ཆེ། སྲིད་སྐྱོང་མཆོག་ནས་ཀྱང་མ་འོངས་པའི་རང་གི་འོས་ཤོག་ལ་ཐུགས་འགན་ཆུང་ཙམ་བཞེས་ཏེ་སྤྱི་པའི་རྩ་དོན་ལ་མང་ཙམ་གཟིགས་རོགས་ཞུ་རྒྱུ་ཡིན།
བསྟན་འཛིན་འཕགས་པ་ལགས། ལྷག་བསམ་རྣམ་དག་དང་དངོས་ཡོད་གནས་ཚུལ་རྣམས་སྐྱོན་བརྗོད་ཇི་ཙམ་མང་ཡང་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་རྨང་གཞི་ཞིག་མཐོང། འོན་ཀྱང་ཁྱེད་རང་གིས་གསུངས་པ་འདིར་རྒྱུ་མཚན་དང་ཁུངས་ལུང་མི་འདུག རྗེས་སུ་(རིག་པ་འདོན་སའི)ནང་ཞེན་ཁོག་གི་དྲི་མ་མེད་པ་ཞིག་འབྲི་དགོས་པ་གལ་འགངས་ཆེ་བ་མཐོང།
སྐལ་བཟང་རྣམ་རྒྱལ་ལགས་ཀྱིས་གངས་སྐྱིད་ཀྱི་དངོས་ཡོད་གནས་སྟངས་གསལ་པོ་བཀོད་འདུག་པས་ཐུགས་རྗེ་ཆེ། སྲིད་སྐྱོང་མཆོག་ནས་ཀྱང་མ་འོངས་པའི་རང་གི་འོས་ཤོག་ལ་ཐུགས་འགན་ཆུང་ཙམ་བཞེས་ཏེ་སྤྱི་པའི་རྩ་དོན་ལ་མང་ཙམ་གཟིགས་རོགས་ཞུ་རྒྱུ་ཡིན།
བསྟན་འཛིན་འཕགས་པ་ལགས། ལྷག་བསམ་རྣམ་དག་དང་དངོས་ཡོད་གནས་ཚུལ་རྣམས་སྐྱོན་བརྗོད་ཇི་ཙམ་མང་ཡང་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་རྨང་གཞི་ཞིག་མཐོང། འོན་ཀྱང་ཁྱེད་རང་གིས་གསུངས་པ་འདིར་རྒྱུ་མཚན་དང་ཁུངས་ལུང་མི་འདུག རྗེས་སུ་(རིག་པ་འདོན་སའི)ནང་ཞེན་ཁོག་གི་དྲི་མ་མེད་པ་ཞིག་འབྲི་དགོས་པ་གལ་འགངས་ཆེ་བ་མཐོང།
སྐལ་བཟང་རྣམ་རྒྱལ་ལགས་ཀྱིས་གངས་སྐྱིད་ཀྱི་དངོས་ཡོད་གནས་སྟངས་གསལ་པོ་བཀོད་འདུག་པས་ཐུགས་རྗེ་ཆེ། སྲིད་སྐྱོང་མཆོག་ནས་ཀྱང་མ་འོངས་པའི་རང་གི་འོས་ཤོག་ལ་ཐུགས་འགན་ཆུང་ཙམ་བཞེས་ཏེ་སྤྱི་པའི་རྩ་དོན་ལ་མང་ཙམ་གཟིགས་རོགས་ཞུ་རྒྱུ་ཡིན།
ཡག་པོ་བྲིས་འདུག་ལ་དོན་དང་ལྡན་པ་རེད་འདུག གནས་ཚུལ་གསལ་པོ་ཡིན་ན་དེ་དོན་གསལ་རྗེན་འདོན་རྒྱུའི་འགན་དེ་བོད་མི་སུ་ལ་ཡང་ཡོད་པ་རེད། དགའ་སུ་ཞུ།
ཡག་པོ་བྲིས་འདུག་ལ་དོན་དང་ལྡན་པ་རེད་འདུག གནས་ཚུལ་གསལ་པོ་ཡིན་ན་དེ་དོན་གསལ་རྗེན་འདོན་རྒྱུའི་འགན་དེ་བོད་མི་སུ་ལ་ཡང་ཡོད་པ་རེད། དགའ་སུ་ཞུ།
སྐལ་བཟང་རྣམ་རྒྱལ་ལགས་སྐུ་ཁམས་བཟང་།
ཁ་སང་དེ་རིང་དུས་ཚོད་ཛ་དྲག་ཅན་འདིའི་སྐབས་སོ་སོའི་གང་ཡང་མ་བྱས་པ། ཡས་འགྲིག་གི་མི་འདུག་མས་འགྲིག་གི་མི་བཤད་ནས་ཅི་ཕན། ཨ་ཕོ་སོ་སོར་ལ་འཇོན་ཐང་དང་ལྷག་བསམ་ཡོད་ན་གཞུང་ཞབས་དང་དགེ་རྒན་རྣམ་པ་འགྲོ་སོང་ཆེད་ཞལ་འདེབས་གནང་དཱ་་་་་་ཕོ་ཆོ་ཁ་ཡིན་
སྐལ་བཟང་རྣམ་རྒྱལ་ལགས་སྐུ་ཁམས་བཟང་།
ཁ་སང་དེ་རིང་དུས་ཚོད་ཛ་དྲག་ཅན་འདིའི་སྐབས་སོ་སོའི་གང་ཡང་མ་བྱས་པ། ཡས་འགྲིག་གི་མི་འདུག་མས་འགྲིག་གི་མི་བཤད་ནས་ཅི་ཕན། ཨ་ཕོ་སོ་སོར་ལ་འཇོན་ཐང་དང་ལྷག་བསམ་ཡོད་ན་གཞུང་ཞབས་དང་དགེ་རྒན་རྣམ་པ་འགྲོ་སོང་ཆེད་ཞལ་འདེབས་གནང་དཱ་་་་་་ཕོ་ཆོ་ཁ་ཡིན་