མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོད་རྙོག་ཡོད་པའི་མཚོ་གླིང་དུ་གནམ་ཐང་གསར་རྒྱག

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་འགའི་བར་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བྱེ་གླིང་དུ་རྒྱ་ནག་གིས་གནམ་ཐང་ཞིག་རྒྱག་གི་ཡོད་པའི་པར་ཞིག་གསར་ལམ་ཐོག་ཐོན་པར། ཨ་རི་གཙོས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས།

ཟླ་འདིའི་ཚེས་ ༢༤ ཉིན་དབྱིན་ཡུལ་གྱི་བདུན་རེའི་བདེ་སྲུང་དུས་དེབ་སྟེང་གནས་ཚུལ་སྤེལ་བའི་ནང་། ཟླ་འདིའི་ཚེས་ ༡༤ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྒྱ་ནག་དང་ཧྥི་ལི་ཕིན། མཱ་ལེ་ཤི་ཡ་དང་བྷི་རོབ་ནེ་(Brunei)། ཝེ་ཋི་ནམ་བཅས་ཀྱི་བར་རྩོད་རྙོག་ཡོད་པའི་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་བྱེ་གླིང་ཧྥེ་རེའུ་ཁུ་རོབ་སི་རེ་ཧྥི་ (Fiery Cross Reef) ཞེས་པའི་སྟེང་དུ། རྒྱ་ནག་གིས་གནམ་ཐང་ཞིག་གསར་རྒྱག་བྱེད་ཀྱིན་ཡོད་པའི་པར་ཞིག་ཁྱབ་བསྒྲགས་བྱས་ཡོད་སྟབས། ཨ་རིའི་གཙོས་གོང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་ཡོད་འདུག

ཧྥི་ལི་ཕིན་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་དུ་རྒྱ་ནག་གིས་ཨར་ལས་འཛུགས་སྐྲུན་བྱེད་པ་དེས་མཚོ་རྒྱུད་ཀྱི་གནས་སྟངས་ཛ་ཇེ་དྲག་ཏུ་གཏོང་གི་ཡོད་སྟབས། ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་མཉམ་རུབ་ཐོག་མཚོ་རྒྱུད་དུ་རྒྱ་ནག་གི་ཚོང་ཟོག་སྐྱེལ་འདྲེན་བཀག་སྡོམ་བྱེད་དགོས་ཚུལ་བརྗོད་འདུག

ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་ནག་གིས་མཚོ་གླིང་གི་སྒྲིག་ཁྲིམས་ལ་བརྩི་བཀུར་བྱས་ཏེ། རྩོད་རྙོག་ཡོད་པའི་མཚོ་རྒྱུད་ཀྱི་ཨར་ལས་གནད་དོན་དེར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་གྲོས་བསྡུར་བརྒྱུད་སེལ་ཐུབ་བྱེད་དགོས་ཚུལ་བརྗོད་ཡོད་པ་དང་། ཨ་རིའི་དམག་དོན་ལས་ཁུངས་ཀྱིས་རྒྱ་ནག་གིས་ངེས་པར་དུ་འཛུགས་སྐྲུན་ལས་གཞི་དེ་མཚམས་འཇོག་བྱས་ཏེ་མཚོ་གླིང་ཞི་བདེ་ལྷིང་འཇགས་བཟོ་དགོས་ཚུལ་བརྗོད་འདུག  

ཨ་རིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པའི་ལན་དུ། རྒྱ་ནག་གི་སྤྱི་ཁྱབ་དམག་དཔོན་ལའོ་ཡོན་ (Luo Yuan)ཡིས་ཤིན་ཧྭ་གསར་ཁང་དུ། ཨ་རིས་ཧྥི་ལི་ཕིན་དང་མ་ལཱ་ཤི་ཡ། ཝེ་ཋི་ནམ་བཅས་ཀྱིས་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་ཏུ་དམག་དཔུང་ལ་མཐུན་སྦྱོར་བྱེད་པའི་བསྟི་གནས་བཙུགས་པའི་ཐོག་སྐད་ཆ་གང་ཡང་མ་བཤད་པར། ད་རེབ་རྒྱ་ནག་གིས་བྱེ་གླིང་དུ་གནམ་ཐང་རྒྱག་གི་ཡོད་པར་སྐྱོན་བརྗོད་བྱས་པ་དེ་ཕྱོགས་ལྷུང་དང་འགན་འཁུར་མེད་པའི་སྐད་ཆ་ཞིག་རེད་ཅེས་བརྗོད་ཡོད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དཔའ་ཆོན་ཡུན་གྱིས་གསར་འགོད་པར། རྒྱ་ནག་གིས་རྩོད་རྙོག་ཡོད་པའི་རྒྱལ་ཁབ་ཚང་མའི་བར་ཕན་ཚུན་ཡིད་ཆེས་ཐོག་ནས་མཚོ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག  

ཧྥི་ལི་ཕིན་ནང་རྟེན་གཞི་བྱས་པའི་ཞི་བདེ་ཞིབ་འཇུག་བསྟི་གནས་ཁང་གི་ཉམས་ཞིབ་པ་སྐུ་ཞབས་རོབ་མེལ་ལགས་ཀྱིས་གསར་འགོད་པར། ཧྥེ་རེའུ་ཁུ་རོབ་མཚོ་གླིང་དེ་དམག་དོན་ཐབས་ཇུས་ཐོག་ཧ་ཅང་གལ་ཆེན་ཆགས་ཡོད། གལ་སྲིད་རྒྱ་ནག་གིས་དམག་དོན་ཆེད་དུ་མཚོ་ཁུལ་དེར་གནམ་ཐང་བརྒྱབ་པ་ཡིན་ན། ཝེ་ཋི་ནམ་དང་མཱ་ལེ་ཤི་ཡ། ཧྥི་ལི་ཕིན་བཅས་ཀྱི་མཚོ་ངོས་འགུལ་སྐྱོད་ལ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

ཧྥེ་རེའུ་ཁུ་རོབ་སི་རེ་ཧྥི་ (Fiery Cross Reef) ཞེས་པ་འདི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་རྙོག་ཆེ་བའི་སི་པུ་རད་ཊི་ལེ་མཚོ་གླིང་ཁག་ (Spratly Islands)གི་དབུས་སུ་ཡོད་པ་དང་། རྒྱ་ནག་གིས་དེའི་མིང་ལ་ཡུང་ཧྲའོ (Yongshu)ཟེར་བ་དང་། ཧྥི་ལི་ཕིན་གྱིས་ཀཱ་གྷེ་ཊིན་གྷན་ (Kagitingan) ཟེར་གྱི་ཡོད། མཚོ་ངོས་བྱེ་གླིང་འདི་ལ་ཐའེ་ཝན། མཱ་ལ་ཤི་ཡ། ཝེ་ཋི་ནམ། བྷི་རོབ་ནེ་བཅས་ཀྱིས་ཀྱང་བདག་དབང་ཡོད་ཚུལ་རྗོད་བཞིན་ཡོད་པ་དང་། ཚན་རིག་པས་མཚོ་གླིང་འདི་དག་ཏུ་རྡོ་སྣུམ་དང་སོལ་རླངས་འབོར་ཆེན་ཡོད་སྐོར་བརྗོད་ཡོད་འདུག  

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༧ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese