མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུལ་སུངས་ལ་རྒོལ་བར་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས། ཆབ་འབངས་གསར་པའི་ཚོགས་མི་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་ཏིན་ཅ་ཞི་ (Ding Jiaxi)ལ་ལོ་གསུམ་དང་ལོ་ཕྱེད། ཀྲའོ་ཆང་ཆིན་ (Zhao Changqing)ལ་སུ་ལོ་གཉིས་དང་ལོ་ཕྱེད། ཀྲང་པའོ་ཁྲིན་ (Zhang Baocheng) དང་ལེ་ཝེ་ (Li Wei)གཉིས་ལ་ལོ་གཉིས་རེ་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེ་ནི་ ༢༠༡༣ ལོར་ཁོང་ཚོས་མང་ཚོགས་འདུ་སྐོང་གིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་དགོས་སྐོར་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྟབས་ཐེངས་འདིར་ཁྲིམས་ཆད་བཅད་པ་ཞིག་ཡིན་འདུག

བཅད་ཁྲ་འདི་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས། རྒྱ་ནག་གི་ཆབ་འབངས་གསར་པའི་ཚོགས་པ་གསར་འཛུགས་གནང་མཁན་ཞི་ཀྲི་ཡུང་ (Xu Zhiyong) ལགས་ལ་ལོ་བཞིའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་པ་དང་། གནད་དོན་འདིའི་ཐད་ཀྲང་པའོ་ཁྲིན་གྱི་ཁྲིམས་རྩོད་པ་ཡུང་ཞི་ (Ge Yongxi) ལགས་ཀྱིས། “ འདི་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་ཐག་གཅོད་ཅིག་ཡིན་སྟབས། མ་འོངས་པར་རྒྱ་ནག་ནང་མགོ་ཐར་དཔུང་འཛུལ་གྱི་ཁྲིམས་ཆད་དེ་འདྲ་མི་ཡོང་བའི་ཆེད་ཁྲིམས་ཐོག་ནས་ཁོང་ལ་ཉེས་པ་མེད་པའི་དག་སེལ་བྱ་རྒྱུ་ཡིན།” ཅེས་བརྗོད་འདུག

རྒྱ་ནག་ནང་གཟིགས་སྐོར་བྱེད་བཞིན་ཡོད་པའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ར་ཧྥེལ་ (Raphael Droszewsk) ལགས་ཀྱིས་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་ཚོར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་བཞིན་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ཅིག་རེད་ཟེར།

༢༠༡༢ ལོར་ཞི་ཀྲི་ཡོན་གྱིས་སྣེ་ཁྲིད་པའི་ཆབ་འབངས་གསར་པའི་ཚོགས་མི་ཚོས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་པེ་ཅིན། ཅང་ཞི་སོགས་ནང་རྒྱ་ནག་གི་མགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་བྱེད་བཞིན་པ་དང་། རྒྱ་ནག་མི་སེར་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ངོ་རྒོལ་བྱས་སྟབས། ཁོ་ཚོར་རྒྱ་གཞུང་གིས་ཡུལ་བདེ་ཞི་འཇགས་ལ་གཏོར་བརླག་གཏོང་མཁན་གྱི་ནག་ཉེས་བཙུགས་ཏེ། ༢༠༡༣ ལོའི་ཟླ་ ༤ པའི་ནང་ཚོགས་མི་ ༡༡ དང་། དེའི་རྗེས་སྔ་རྗེས་སུ་ཚོགས་མི་ ༢༨ ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་དག་ནི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་ཇུས་དང་རྒྱབ་འགལ་ཆགས་མེད་ཀྱང་། རྒྱ་གཞུང་གི་ལས་འགུལ་བ་ཚོ་གང་སར་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་སྟབས། རྒྱ་ནག་ནང་སྔར་ལས་ལྷག་པའི་མཁྲེགས་འཛིན་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དམ་དྲག་བྱ་འཆར་ཡིན་སྐོར་བརྗོད་འདུག

ཆབ་འབངས་གསར་པའི་ལས་འགུལ་ (New Citizens’ Movement) ཞེས་པ་དེ་ནི་ ༢༠༡༢ ལོར་རྒྱ་རིགས་ཁྲིམས་རྩོད་པ་ཞི་ཀྲི་ཡོན་གྱིས་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་རྒྱ་ནག་མི་སེར་ཚོར་ཁྲིམས་ལུགས་ཀྱི་གོ་རྟོགས་དང་ཤེས་ཡོན་གྱི་ཐོབ་ཐང་། ཉམ་ཐག་ལ་རོགས་རམ། དཔོན་རིགས་ཚོའི་རྒྱུ་ནོར་ཐེར་འདོན། ཚོགས་མི་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་སོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese