མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྲོས་ཚོཊ་ནང་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་མིག་དམར་ཉིན་ཐའེ་ཝན་གྱི་སློབ་ཆེན་སློབ་མ་དང་མི་མང་བརྒྱ་ཕྲག་གིས་ཁྲིམས་བཟོ་ལྷན་ཁང་གི་ཚོགས་རའི་ནང་ངོ་རྒོལ་བྱེད་མགོ་བརྩམས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་ཐའེ་ཝན་གྱི་སློབ་ཆེན་སློབ་མ་དང་མི་མང་སྟོང་ཕྲག་མང་པོས། ཐའེ་ཝན་ཁྲིམས་བཟོ་ལྷན་ཁང་གིས་ཁྲིམས་མེད་ལུགས་མེད་ཀྱིས་རྒྱ་ནག་དང་ཚོང་ལས་མཉམ་འབྲེལ་གྱི་གྲོས་ཆོད་བཞག་པར་ངོ་རྒོལ་བྱས་ཏེ། ཁྲིམས་བཟོ་ལྷན་ཁང་གི་ཉེ་འཁྲེས་སུ་འཕྲེད་དར་སྣ་ཚོགས་བཟུང་སྟེ་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། ཉིན་དེའི་དགོང་མོའི་ཆུ་ཚོད་ ༩ ཡས་མས་སུ། ཉེན་རྟོག་པས་བཀག་འགོག་བྱེད་མ་ཐུབ་པར་ངོ་རྒོལ་བ་ ༣༠༠ ཙམ་ཁྲིམས་བཟོ་ལྷན་ཁང་གི་ཚོགས་རའི་ནང་ཤོར་ཏེ་སྒོ་དང་སྒེའུ་ཁུང་སོགས་བཅག་བཅོམ་བཏང་ཡོད་པ་མ་ཟད། མི་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་འདུག ངོ་རྒོལ་བ་ཚོས་གྲོས་ཚོགས་ར་བའི་ནང་ཆུ་ཚོད་ ༧༧ རིང་གཏམ་བཤད་དང་ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས། ད་ལྟའི་ཆར་ངོ་རྒོལ་བ་དང་ཉེན་རྟོག་པ། གསར་འགོད་པ་བཅས་ཚང་མ་ཐང་ཆད་དེ་ཁུ་སིམ་མེར་མུ་མཐུད་དུ་གྲོས་ཚོགས་ནང་ངོ་རྒོལ་བྱས་ནས་བསྡད་ཡོད་འདུག

ངོ་རྒོལ་ལས་འགུལ་བྱུང་རྗེས། ཐའེ་ཝན་གཞུང་ཕྱོགས་ནས་དམིགས་བསལ་གྱིས་ཉེན་རྟོག་པ་དང་དམག་དཔུང་བཏང་ནས་དྲག་གནོན་བྱས་མེད་ཀྱང་། ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཏེ། ཐའེ་ཝན་ཁྲིམས་བཟོ་ལྷན་ཁང་གི་ཁྲིམས་དཔོན་ཝང་ཅི་ཕིན་གྱིས། ངོ་རྒོལ་བ་ཚོ་རང་འགུལ་གྱིས་ཕྱིར་འཐེན་མ་བྱས་ཚེ། དམག་ཤུགས་ལ་བརྟེན་ནས་བཙན་གྱིས་མཐར་སྐྲོད་རྒྱུ་ཡིན་ལུགས་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ད་ལྟའི་ཆར་ཉེན་རྟོག་པས་དྲག་གནོན་བྱས་པའི་གནས་ཚུལ་ཐོན་མི་འདུག

ད་ལྟའི་བར་སྲིད་འཛིན་མ་ཡེན་ཅིག་གིས་གནད་དོན་དེའི་ཐད་སྐད་ཆ་གང་ཡང་བཤད་མེད་ཀྱང་། ཕྱི་ཚེས་ ༡༨ ཉིན་སྲིད་འཛིན་མགྲིན་ཚབ་པ་ལི་ཅཱ་ཧྥིས་ཁྲིམས་བཟོ་ལྷན་ཁང་ནི་ཐའེ་ཝན་གོ་མིན་ཏང་སྲིད་གཞུང་གི་རྒྱལ་ཚོགས་ཡིན་ལ། དམངས་གཙོའི་ལྷན་ཁང་ཡང་ཡིན་སྟབས། འཛམ་གླིང་རྒྱལ་ཁབ་ཁག་གིས་བསམ་ཤེས་དང་། ཞི་བའི་ཐབས་ལམ་ལ་བརྟེན་ནས་བསམ་ཚུལ་འདོན་པའི་རེ་བ་ཡོད་སྐོར་དང་། མ་ཡེན་ཅིག་སྲིད་གཞུང་གིས་རྒྱལ་ཚོགས་ཀྱི་རང་སྐྱོང་ལ་བརྩི་བཀུར་དང་། ཁྲིམས་བཟོ་ལྷན་ཁང་གིས་གནད་དོན་དེར་ཐག་གཅོད་འོས་འཚམ་བྱེད་པར་ཡིད་ཆེས་ཡོད་སྐོར་བརྗོད་འདུག་པ་དང་། དེ་བཞིན། ཁྲིམས་བཟོ་ལྷན་ཁང་གི་གོ་མིན་ཏང་གི་ཚོགས་མི་ཚོས། ཁོ་ཚོའི་བྱེད་སྟངས་དེ་ཁྲིམས་དང་མཐུན་གྱི་ཡོད་པ་མ་ཟད། ཐའེ་ཝན་མི་མང་གི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། ཐའེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་ཕན་པ་ཆེན་པོ་ཡོད་སྐོར་བརྗོད་འདུག

ཚོང་ལས་མཉམ་འབྲེལ་གྱི་གྲོས་ཆོད་དེ་རྒྱ་ནག་དང་ཐའེ་ཝན་བར་གྱི་ཚོང་འབྲེལ་གྲོས་ཆོད་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པ་དང་། གྲོས་ཆོད་དེར་འདས་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནས་གྲོས་མཐུན་མིང་རྟགས་བཀོད་ཡོད་ཀྱང་། ཐའེ་ཝན་དམངས་གཙོ་ཡར་སྐུལ་ཚོགས་པ་དང་མི་མང་ཚོགས་པ་ཁག་གིས། གྲོས་ཆོད་དེར་གྲོས་ཚོགས་ཀྱིས་དཔྱད་ཞིབ་ནན་པོ་བྱས་ཏེ་ཐག་གཅོད་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད་པ་རེད། ཡིན་ནའང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཐའེ་ཝན་ཁྲིམས་བཟོ་ལྷན་ཁང་གི་ཚོགས་གཙོ་ཀྲང་ཆིན་ཙོང་གིས། གྲོས་ཚོགས་ནང་གནད་དོན་དེའི་ཐོག་གྲོས་འཆམ་བྱུང་མིན་ལ་མ་ལྟོས་པར་ཐད་ཀར་གྲོས་ཆོད་གཏན་འབེབས་བྱུང་བ་ཁྱབ་བསྒྲགས་བྱས་པར་བརྟེན། ཐའེ་ཝན་གོ་མིན་ཏང་སྲིད་གཞུང་གི་ལོ་རྒྱུས་ནང་ངོ་རྒོལ་གྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢༤ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese