མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཞུ་གཏུག་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མིར་བོད་དོན་ཞུ་གཏུག་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས། རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གསུམ་དང་རྒྱ་གར་རྒྱལ་ཡོངས་ཀང་རི་སི་ཚོགས་པ་(National of Indian National Congress)དང་། ལྡི་ལིའི་གཞུང་འཛིན་ཚོགས་པ་(Aam Aadmi Party)བཅས་ཀྱི་འཐུས་མི་ ༦ བཅས་ལ་བོད་ཀྱི་ཛ་དྲག་གནས་བབ་ཞུ་གཏུག་བྱས་ཡོད་པ་དང་། འཐུས་མི་རྣམས་པས་བོད་དོན་ཐད་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་མ་ཟད། རྒྱ་གར་ཀང་རི་སིའི་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནེ་ཡ་གྷན་ཌི་མཆོག་དང་རྒྱ་གར་སྲིད་བློན་རྣམ་གཉིས་ལ་བོད་དོན་སྙན་གསེང་ཞུ་རྒྱུ་དང་། དེ་བཞིན་སྐབས་རྗེས་མའི་གྲོས་ཚོགས་ནང་༸གོང་ས་མཆོག་གདན་འདྲེན་ཞུ་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད་འདུག

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཞུ་གཏུག་ལས་འགུལ་གྱི་དགོས་དམིགས་བརྗོད་དོན། “བོད་ཀྱི་གནད་དོན་འདི་བོད་མིའི་དཀའ་ངལ་ཙམ་མ་ཡིན་པར་ཨེ་ཤ་ཡའི་ཆུ་དང་ཐོན་ཁུངས་ཀྱི་གནད་དོན་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་སྟབས། རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་རྣམས་ལ་མཁྱེན་རྟོགས་གསལ་བོ་ཡོང་ཐབས་དང་། ལྷག་པར་དུ་རྒྱ་གཞུང་དང་དེའི་སྲིད་བྱུས་གདུག་རྩུབ་ཅན་གྱིས་སྤྱིར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མ་ཟད། ཡང་སྒོས་ཨེ་ཤ་ཡའི་ཁོར་ཡུག་གཏོར་བཅོམ་དང་དཔལ་འབྱོར་གནོན་ཤུགས་ཀྱིས་སྒོ་གང་སར་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་རྣམས་གསལ་སྟོན་ཆེད་དུ་ཡིན།”ཞེས་བརྗོད་སོང་།

ཐེངས་འདིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བོད་དོན་ཞུ་གཏུག་གི་དགོས་འདུན་གསུམ་ནི། གཅིག ༢༠༠༩ ལོ་ནས་བཟུང་ད་ལྟའི་བར་བོད་ནང་གཅིག་པུར་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་མཁན་ ༡༢༩ བྱུང་བའི་ཛ་དྲག་གི་གནས་བབ་ལ་ངོས་འཛིན་གྱིས་གྲོས་ཚོགས་ནང་གླེང་སློང་གནང་རོགས། གཉིས། ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་དུ་ཡོང་སྐབས་རྒྱ་གར་གྲོས་ཚོགས་ཀྱིས་ནུས་ཤུགས་བཏོན་ཏེ་སྲིད་བློན་མཆོག་ལ་བོད་ཀྱི་གནས་བབ་གླེང་སློང་གནང་དུ་འཇུག་རོགས། གསུམ། ༸གོང་ས་མཆོག་རྒྱ་གར་ནང་བཞུགས་ནས་ལོ་དྲུག་ཅུ་ཉེ་བར་འཁོར་བཞིན་ཡོད་ཀྱང་། གྲོས་ཚོགས་ནང་ཐེངས་གཅིག་ཀྱང་གདན་འདྲེན་ཞུས་མེད་པས་གྲོས་ཚོགས་ནང་གདན་འདྲེན་ཞུ་རོགས་བཅས་འབོད་སྐུལ་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

སྐར་མ ༣༠ སྔོན་ལ།
Theft at Kinmay Monastery raises security concerns in Arunachal’s Tawang. Photo:India Today NE
Mobile App

མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།

སྐར་མ ༥༧ སྔོན་ལ།
STEVE REED, STAND FOR TIBETANS. Tibet Action's photo
Mobile App

རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷ་ཌ་ཝ་ཇི་ལགས། དྲ་ལམ་གྱི་པར།
Mobile App

དྷ་རམ་ས་ལར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༡/༡༤
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣

མཆན། 1

  1. འབྲུག་སྨྱོན། says:
    ལོ་ 11 སྔོན།

    ཟླ་འདིའི་ཕྱི་ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་ཞུ་གཏུགས་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད། བོད་ཀྱི་གཞོན་ནུ་ཚོགས་པ་དང། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ག་པར་ཡོད། ཁྱེད་རྣམ་པའི་ཚོགས་པའི་མིང་གི་ཐོག་མར་༼བོད་༽ཅེས་པའི་སྤྱི་མིང་འདི་མིང་དོན་མཚུངས་པ་བྱ་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese