མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུཊ་ལ་ལོ་རེར་སྒོར་ས་ཡ་ ༦ ནས་ ༨ ཀྱི་ཞལ་འདེབས་སྤྲོད་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་ཐོག འགན་འཛིན་ལགས་ཀྱིས་སྨན་རྩིས་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐོག་ལོ་རེར་ཞལ་འདེབས་སྒོར་ས་ཡ་ ༦ ནས་ ༨ བར་གནང་གི་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ནང་སྨན་སྦྱིན་གྱི་ལས་དོན་སྤེལ་བཞིན་ཡོད་སྐོར་བརྗོད་སོང་།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠།༢༠ སྟེང་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༣ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། བོད་མིའི་སྒྲིག་འཛུཊ་ཀྱི་ཁྲིམས་ཞིབ་པ་ཆེ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་སྟོབས་རྒྱལ་ལགས། འོས་བསྡུ་ལྷན་ཁང་གི་འགན་འཛིན། ཕྱི་དྲིལ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། སྨན་རྩིས་ཁང་གི་འགན་འཛིན་གཙོས་ལས་བྱེད་དང་སློབ་མ་བཅས་མི་ ༢༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིཊ་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་གུས་འདུད་དང་ངག་བཅད་མྱ་ངན། གཡུ་ཐོག་གསོལ་འདེབས་གསུང་འདོན་བཅས་གནང་བ་དང་། སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་སྐབས། ༢༠༡༤ ཟླ་ ༣ ཚེས་ ༡༥ བར་སྨན་རྩིས་ཁང་དུ་ལས་བྱེད་དང་ལས་མི། སློབ་ཕྲུག་བཅས་ཁྱོན་མི་ ༧༤༢ ཡོད་པའི་ཁྲོད་སྨན་པ་ཕོ་མོ་ ༡༥༠ དང་། སྐར་རྩིས་པ་ཕོ་མོ་ ༢༡། འཛིན་སྐྱོང་ལས་བྱེད་ཕོ་མོ་ ༢༨༡ ། ལས་མི་ཕོ་མོ་ ༡༧༢ ། ཆོད་གན་སྨན་པ་ཕོ་ ༡། འཛིན་སྐྱོང་དུ་ཆོད་གན་ལས་བྱེད་ཕོ་ ༦ ། སྨན་སློབ་སྐབས་ ༡༧ དང་༡༨ ། ༡༩ བཅས་ལ་སློབ་ཕྲུག་ཕོ་མོ་ ༨༧། སྐར་རྩིས་སྐབས་དགུ་བ་དང་བཅུ་བ་གཉིས་ལ་རྩིས་སློབ་ཕོ་མོ་ ༢༤ བཅས་ཡོད་སྐོར་བརྗོད་སོང་།

ཁོང་གིས་སྨན་རྩིས་ཁང་དགེ་རྩའི་ངོ་བོའི་ཐོག་གསར་འཛུགས་གནང་སྟེ། བོད་ཀྱི་རིག་གཞུང་དང་ཤེས་རིག སྤྱི་ཚོགས་བདེ་རྩ་སོགས་ཀྱི་ཐོག་ཞབས་འདེགས་ཞུས་ཏེ་དགོས་ངེས་ཅན་ལ་སྨན་སྦྱིན་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། ད་དུང་སྨན་སྦྱིན་ཤུགས་ཆེ་རུ་གཏོང་འཆར་ཡོད་པས་སྨན་སྦྱིན་ཡོང་ཁུངས་སྔར་ལྷག་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་དཔེར་ན། ༢༠༡༣ ལོའི་ཟླ་ ༡ ནས་ཟླ་ ༡༢ བར་གྱི་ལོ་གཅིག་རིང་སྨན་སྦྱིན་ཧིན་སྒོར་ས་ཡ་ ༢༢ ཙམ་བཏང་ཡོད་པ། གཏོང་ཡུལ་གཙོ་བོ་མི་མང་ཉམ་ཐག་དང་དགུང་ལོ་ ༦༥ ཡན་སོན་པའི་བགྲེས་སོང་། སྨན་རྩིས་ཁང་གི་ལས་བྱེད་དང་ནང་མི། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ། བོད་ནས་གསར་དུ་འབྱོར་མཁན། སློབ་ཕྲུག་དང་གྲྭ་བཙུན་རྣམས་པར་ཕྱེད་བཅག བར་ལམ་༧གོང་ས་མཆོག་གིས་མང་ཚོགས་ལ་གསུང་ཆོས་གནང་སར་སྨན་རྩིས་ཁང་གིས་མི་འབོར་ལ་གཞིག་ཏེ་སྨན་ཁང་འཕྲལ་འཛུགས་ཀྱིས་སྨན་སྦྱིན་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ནང་སྲིད། ཤེས་རིག འཕྲོད་བསྟེན་བཅས་ཀྱི་ལས་དོན་ཐོག་ལོ་རེར་ཞལ་འདེབས་སྒོར་ས་ཡ་ ༦ ནས་ ༨ བར་འགྲོ་བཞིན་ཡོད་སྐོར་བརྗོད་སོང་།

འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་སྨན་རྩིས་ཁང་གི་རིན་ཆེན་རིལ་བུའི་སྐོར་ལ། “ རིན་ཆེན་རིལ་བུ་འདོད་པ་ཁེངས་བ་ཞིག་བཟོ་སྐྲུན་བྱེད་ཐུབ་ཀྱི་མེད་སྟབས། དགོས་ངེས་སྟངས་འཛིན་མ་བྱེད་ན་སྨན་སྦྱོར་བཟོ་སྐྲུན་མ་བྱས་པའི་སྔོན་ནད་པར་ཆད་པའི་དཀའ་ངལ་ཡོང་སྙམ་ཡོད། དེར་བརྟེན། རིན་ཆེན་རིལ་བུའི་འགྲོ་སྟངས་ནད་པའི་ཆེད་དུ་བརྟག་དཔྱད་གནས་བབ་ཇི་ཙམ་དགོས་ཀྱང་དགོས་དབང་ཆ་ཚང་ཡོད་ལ། ནད་པའི་ཆེད་དུ་སྨན་པ་སོ་སོས་འདོད་པ་ཚིམ་པ་གནང་གི་ཡོད། ལྷག་པར་དུ་བཞུགས་སྒར་དང་གཞིས་ཆགས་ཆེ་ཁག་གི་སྨན་ཁང་རྣམས་ལ་ཚོང་བསྒྱུར་བྱ་བར་ཐོ་བགོས་བགོ་འགྲེམས་བྱེད་བཞིན་ཡོད། ཉོ་མཁན་ཚོར་འདོད་པ་ཚིམ་པའི་གྲངས་འབོར་ཐོབ་ཀྱི་མེད་ཀྱང་། སྨན་ཁང་ཁག་ཏུ་རིན་ཆེན་རིལ་བུ་རྩ་ཆད་མི་འགྲོ་ཆེད་ཐབས་ལམ་དེ་དག་སྤྱོད་ཀྱི་ཡོད། སྤྱི་ཚོགས་ནང་སྒེར་བས་རིན་ཆེན་རིལ་བུ་མང་པོ་བཟོ་སྐྲུན་ཐུབ་སར་སྨན་རྩིས་ཁང་གིས་བཟོ་སྐྲུན་མ་ཐུབ་པ་གང་ཡིན་གྱི་བསམ་འཆར་ཡོང་གི་ཡོད། སྨན་རྩིས་ཁང་ལ་དུས་ནས་དུས་སུ་གཟིམ་ཆུང་ནས་གསོལ་རས་གནང་གི་ཡོད་པ་དང་བོད་ནས་ཕེབས་མཁན་དགེ་བའི་བསམ་བློ་ཡོད་མཁན་ཚོས་ཀྱང་རིན་ཆེན་རིལ་བུའི་རྒྱུ་ཆ་ཞལ་འདེབས་ཕུལ་བ་དང་། གཞན་སྨན་རྩིས་ཁང་གི་སྡེ་ཚན་མང་པོས་ས་གནས་གང་སར་རིན་ཆེན་རིལ་བུའི་རྒྱུ་ཆ་བསྒྲུབ་ཐབས་འབད་བརྩོན་བྱེད་བཞིན་ཡོད། རིན་ཆེན་རིལ་བུའི་རྒྱུ་ཆ་ཉོ་རྒྱུ་སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་དཀའ་ངལ་མེད་པ་དང་དེའི་ཐོག་རིན་ཆེན་རིལ་བུའི་རྒྱུ་ཆ་མ་འདང་པའི་རྐྱེན་གྱིས་བཟོ་སྐྲུན་བྱེད་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཀྱི་འདུག གལ་ཏེ། རིན་ཆེན་རིལ་བུ་འདོད་པར་ལྟར་བཟོ་སྐྲུན་ཐུབ་ན་ནད་པར་གཏོང་རྒྱུ་ཙམ་མིན་པར་ཚོང་བསྒྱུར་དཀའ་ངལ་མེད་པར་ཡོང་བར་བྱ་རྒྱུ་ཡིན། བློ་ཕམ་གྱི་གནས་ཚུལ་ཞིག་ལ་སྨན་རྩིས་ཁང་གི་མཚན་བྱང་ཐོག་ནས་རིན་ཆེན་རིལ་བུ་རྫུན་མ་ཞིག་ཐོན་ཏེ་བལ་ཡུལ་གྱི་རྒྱལ་ས་དང་ཨུ་རུ་སུ། ཕྱི་སོག བོད་བཅས་སུ་རིན་གོང་མཐོན་པོར་འཚོང་བཞིན་ཡོད་སྟབས། རིན་ཆེན་རིལ་བུ་རྫུན་མ་བཟོ་མཁན་བཙལ་འཚོལ་ཐུབ་ཚེ་ས་གནས་སུ་ཁྲིམས་གཏུག་བྱེད་རྒྱུ་ཡིན། ” ཞེས་བརྗོད་སོང་།

དེའི་རྗེས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྨན་རྩིས་ཁང་གི་སྨན་པ་དཀའ་བཅུ་པ་རྣམས་ལ་སྨན་རམས་པ་དང་། སྐབས་ ༡༦ པའི་སྨན་སློབ་རྣམས་ལ་སྨན་པ་དཀའ་བཅུ་བ། སྐབས་ ༨ པའི་རྩིས་སློབ་རྣམས་ལ་མཐར་ཕྱིན་ཕྱག་འཁྱེར་གནང་བ་མ་ཟད། སྨན་རྩིས་ཁང་ནང་ལོ་ ༢༠ དང་ ༣༠ འཁོར་བའི་སྨན་པ་དང་ལས་བྱེད་པ་རྣམས་ལ་གཟེངས་རྟགས། སྨན་སློབ་སྐབས་ ༡༧ དང་ ༡༨། རྩིས་སློབ་སྐབས་ ༩ པ་བཅས་ཀྱི་ལོ་འཁོར་རྒྱུགས་འབྲས་རྩེ་ཕུད་སློབ་མ་གསུམ་དང་། དེ་བཞིན་ལོ་རེའི་རྩེ་ཕུད་སློབ་མ་གཅིག་དང་མཐོ་སློབ་ཀྱི་སྤྱི་ཁྱབ་རྒན་བདག་བཅས་བྱ་དགའ་གནང་གནང་བ་དང་། སྨན་རྩིས་ཁང་ནས་གསར་དུ་འདོན་སྤེལ་ཞུས་པའི་ཟླ་རེའི་ཚགས་པར་༼སྨན་རྩིས་ཟླ་གསར༽ དང་སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་ཀྱི་རྩོམ་སྒྲིག་གནང་བའི་༼བོད་རྩིས་རིག་པའི་རྣམ་བཤད་ཀུན་གསལ་ཡིད་ཀྱི་མེ་ལོང་༽། སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནས་ནད་གཞི་ཁག་ལ་༼བོད་སྨན་གྱིས་ཕན་བསྐྱེད་བྱུང་བའི་དཔྱད་ཁྲའི་སྙན་ཐོ༽འདོན་ཐེངས་གཉིས་པ་བཅས་ཀྱི་དཔེ་དེབ་དབུ་འབྱེད་བཅས་གནང་སོང་ལ། མཇུག་ཏུ་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་ཀྱང་གནང་སོང་།

འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་སྐབས། འདས་པའི་ལོ་ ༥༣ རིང་སྨན་རྩིས་ཁང་གི་མི་ཐོག་རྒན་པ་ཚོས་སྐུ་ལུས་བསྐྱོན་ཏེ། ད་ཆར་མེད་པ་ནས་ཡོད་པ་དང་། ཡོད་པ་གོང་འཕེལ་གཏོང་རྒྱུར་ཚང་མས་ཕྱག་ལས་གནང་བཞིན་པ་དང་། འདས་པའི་དུས་སུ་བོད་ཀྱི་གསོ་བ་རིག་པ་གལ་ཆེན་དུ་བརྩིས་ནས་བོད་ཀྱི་སྨན་རྩིས་ཁང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་མགོ་འཛུགས་མ་བྱས་སྔོན་དུ་མགོ་འཛུགས་གནང་སྟེ། མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཕན་ནུས་ཆེན་པོ་ཐོན་ཐུབ་ཡོད་པ་མ་ཟད། ད་ཆར་འཕྲོད་བསྟེན་ལས་ཁུངས་གཙོས་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོང་བཞིན་པར་བསྔགས་བརྗོད་དང་། བོད་ཀྱི་གསོ་བ་རིག་པའི་ཡར་རྒྱས་ལ་མཐའ་མེད་སྟབས། མ་འོངས་པར་སྨན་རྩིས་གཉིས་ཀྱི་ཐོག་སྔར་ལྷག་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese