མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོལ་རླངས་ཕྱེད་བཅག་གི་སྲིད་བྱུས་མཚམས་བཞག་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

༢༠༡༣ ལོའི་ཕྱི་ཟླ་ ༨ ནས་ ༡༢ བར་རྒྱ་གར་སོལ་རླངས་ལས་ཁུངས་ཀྱིས་དོ་བདག་གི་ཨ་ངྷར་འཛིན་བྱང་དང་དངུལ་ཁང་མ་དེབ་གཉིས་མཐུད་རྗེས། སོལ་རླངས་ཁ་གསབ་དངུལ་འབབ་སོ་སོའི་དངུལ་ཁང་མ་དེབ་བརྒྱུད་ཕྱིར་སློག་གི་ཡོད་ཀྱང་། ད་ཆར་སྲིད་བྱུས་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་འདུག

སྔར་ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་ནས་བཟུང་རྒྱ་གར་གཞུང་གིས་སོལ་རླངས་རྫ་མ་སྤྲོད་སྟངས་ཀྱི་སྒྲིག་གཞིར་འགྱུར་བ་བཏང་སྟེ། སོལ་རླངས་ཕྱེད་བཅག་ (Domestic Subsidised Cylinder) དང་། ཕྱེད་བཅག་མེད་པ་ (Domestic Non subsidised Cylinder) བཅས་ཁག་གཉིས་སུ་བགོས་ཡོད་པ་དང་། ཕྱེད་བཅག་ཡོད་པའི་ཁྱིམ་ཚང་དང་ཚོགས་པ་ཁག་གིས་རླངས་རྫ་རེར་ཧིན་སྒོར་ ༤༥༥ སྤྲད་དེ་ལོ་རེར་སོལ་རླངས་རྫ་མ་ ༡༡ བརྗེ་ལེན་ཆོག་པ་དང་། དེ་ལས་བརྒལ་ཚེ་དེབ་མེད་མཁན་ཚོ་དང་གཅིག་མཚུངས་ཀྱིས་རླངས་རྫ་རེར་ཧིན་སྒོར་ ༡༡༨༧ སྤྲོད་དགོས་ཀྱི་ཡོད་འདུག

རྒྱ་གར་སོལ་རླངས་སྤྲོད་མཁན་ཚོའི་ཁྲོད་མི་སྒེར་གྱི་ཁེ་ཕན་ཆེད་སོལ་རླངས་བེད་སྤྱོད་ལོག་པར་གཏོང་མཁན་མང་པོ་བྱུང་གི་ཡོད་སྟབས། སྔར་ལོའི་ཕྱི་ཟླ་ ༨ ནས་སོལ་རླངས་ཕྱེད་བཅག་གི་ཁ་གསབ་དངུལ་འབབ་ཐད་ཀར་མི་མང་གི་དངུལ་ཁང་མ་དེབ་ (Bank Account) བརྒྱུད་ནས་དོ་དག་ལ་ཕྱིར་སློག་པའི་སྲིད་བྱུས་གསར་བ་ཞིག་མགོ་འཛུགས་བྱས་ཡོད་ཅིང་། དོ་བདག་གིས་ཀྱང་སོ་སོའི་ཨ་ངྷར་འཛིན་བྱང་གི་ངོ་བཤུས་སོལ་རླངས་ལས་ཁུངས་དང་དངུལ་ཁང་གཉིས་ཀར་སྤྲད་དེ་ཕན་ཚུན་མཐུད་བཅུག་རྗེས། སོལ་རླངས་ཕྱེད་བཅག་གི་ཁ་གསབ་དངུལ་འབབ་དོ་བདག་གི་དངུལ་ཁང་མ་དེབ་ཐོག་ཕྱིར་སློག་གི་ཡོད། སྔར་ལོའི་ཕྱི་ཟླ་ ༡༢ ཚེས ༣༡ བར་ཁ་གསབ་དངུལ་འབབ་ཐད་ཀར་རག་མིན་རིགས་གཉིས་བཟོས་ཏེ། ཟླ་ལྔའི་རིང་ཨ་ངྷར་འཛིན་བྱང་མེད་པའི་རིཊ་དང་། དངུལ་ཁང་ལ་མཐུད་རྒྱག་མ་ཐུབ་མཁན་ཚོར་དུས་ཡུན་དེའི་ནང་རླངས་རྫ་རེར་ཧིན་སྒོར་ ༤༥༥ བླངས་ཡོད་པ་དང་། ཨ་ངྷར་འཛིན་བྱང་དང་དངུལ་ཁང་མ་དེབ་གཉིས་མཐུད་ཡོད་རིཊ་ལ་ཧིན་སྒོར་ ༡༡༨༧ བྱས་ཏེ་བཙོང་རྗེས། སོལ་རླངས་ཁ་གསབ་དངུལ་འབབ་དངུལ་སོ་སོའི་དངུང་ཁང་མ་དེབ་ཐོག་ཕྱིར་སློག་གི་ཡོད་འདུག

འདིའི་ཐད་བོད་མིའི་སྒྲིག་འཛུཊ་དཔལ་འབྱོར་ལས་ཁུངས་སོལ་རླངས་སྡེ་ཚན་གྱི་འགན་འཛིན་འདན་མ་ཚང་འཇམ་དབྱངས་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཁོང་ཚོས་ད་ལྟའི་བར་ཨ་ངྷར་འཛིན་བྱང་དངུལ་ཁང་ལ་མཐུད་ཡོད་མེད་བཅས་རིགས་གཉིས་སུ་བགར་ཏེ། མཐུད་མེད་མཁན་གྱི་རིཊ་ལ་རླངས་རྫ་རེར་ཧིན་སྒོར་ ༤༥༥ ལེན་གྱི་ཡོད་པ་དང་། མཐུད་ཡོད་མཁན་ཚོར་རླངས་རྫ་རེར་ཧིན་སྒོར་ ༡༢༠༠ ལྷག་ལ་བཙོང་རྗེས། སོལ་རླངས་ཕྱེད་བཅག་གི་ཁ་གསབ་དངུལ་འབབ་དངུལ་འཛིན་མ་དེབ་བརྒྱུད་ཕྱིར་སློག་ཡོང་གི་ཡོད་སྟབས། མི་མང་གི་ངོས་ནས་འདིའི་རིགས་ཤེས་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་སོལ་རླངས་གི་གོང་ཚད་ཟླ་རེར་འགྱུར་བ་འགྲོ་བཞིན་ཡོད་པར་དོ་སྣང་བྱ་དགོས་སྐོར་བརྗོད་བྱུང་།

ཨ་ངྷར་འཛིན་བྱང་དངུལ་ཁང་ལ་མཐུད་ཡོད་ཀྱང་ཁ་གསབ་དངུལ་རག་གི་མེད་པའི་དཀའ་ངལ་ཐད་ཁོང་གིས། དངུལ་ཁང་དང་སོལ་རླངས་ལས་ཁུངས་ལ་ཨ་ངྷར་འཛིན་བྱང་གི་ངོ་བཤུས་སྤྲད་ཚར་ཡང་། ཐད་ཀར་ཁེ་ཕན་བརྒྱུད་སྤྲོད་ (DBTL) ཟེར་བའི་ཡི་གེ་ཞིག་འབྱོར་དགོས་ཀྱི་ཡོད་པ་དང་། ཡི་གེ་མ་འབྱོར་སྔོན་ལ་སོལ་རླངས་ལས་ཁུངས་ཀྱིས་རླངས་རྫ་བཙོང་བ་ཡིན་ན་ཕྱེད་བཅག་ཁ་གསབ་དངུལ་འབབ་རེག་གི་མེད་པ་མ་ཟད། སོལ་རླངས་རྫ་མ་ལེན་སྐབས་སོལ་རླངས་ལས་ཁུངས་ཀྱིས་དོ་བདག་གི་ཨ་ངྷར་འཛིན་བྱང་དང་དངུལ་ཁང་གཉིས་མཐུད་བརྒྱབ་མི་འདུག་ཅེས་བརྡ་སྤྲད་པའི་རིགས་ལ་ཕྱེད་བཅག་ཁ་གསབ་དངུལ་འབབ་རག་གི་མེད་པ་དང་། དོ་བདག་གིས་དངུལ་ཁང་ལ་མཐུད་བརྒྱབ་ཡོད་ཚེ་མ་འོངས་པར་སྲིད་བྱུས་ཡང་བསྐྱར་ལག་བསྟར་བྱས་ན་ཁ་གསབ་དངུལ་རག་པའི་རེ་བ་ཡོད། ད་ཆར་ཕྱེད་བཅག་ཁ་གསབ་དངུལ་དངུལ་ཁང་བརྒྱུད་ཕྱིར་སློག་བྱེད་པའི་སྲིད་བྱུས་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་ཅེས་སོགས་བརྗོད་བྱུང་།

གསར་འགོད་པས་ཁོང་ལ་རྒྱ་གར་གཞུང་གིས་སོལ་རླངས་ཕྱེད་བཅག་གི་ཁ་གསབ་དངུལ་མཚམས་འཇོག་བྱེད་དགོས་དོན་གང་ཡིན་དྲིས་པར། “ ད་ལོའི་ཟླ་ ༡ ཚེས ༡ ནས་བཟུང་ཨ་ངྷར་འཛིན་བྱང་དང་དངུལ་ཁང་མཐུད་ཡོད་མེད་མ་ལྟོས་པར་སོལ་རླངས་རྫ་མ་གོང་ཆེན་པོས་བཙོང་རྗེས་ཕྱེད་བཅག་ཁ་གསབ་དངུལ་འབབ་ཐད་ཀར་དོ་བདག་གི་དངུལ་དེབ་སྟེང་ཆུ་ཚོད་ ༢༤ རིང་ཕྱིར་སློག་བྱེད་པའི་སྲིད་བྱུས་ལག་བསྟར་གནང་ཡོད་ཀྱང་། ཟླ་ ༣ ཚེས་ ༡༠ ཉིན་རྒྱ་གར་དཔལ་འབྱོར་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་དངུལ་ཁང་བཅས་ཕན་ཚུན་བར་དྲ་ལམ་ནས་དངུལ་གཏོང་ལེན་བྱེད་པར་དཀའ་ངལ་བྱུང་སྟབས། གནས་སྐབས་རིང་མཚམས་འཇོག་དང་ཞིབ་འཇུག་བྱེད་རྒྱུ་རེད། ཟླ་བ ༦ པར་རྒྱ་གར་གྱི་གཞུང་གསར་བ་སླེབ་སྐབས་ཡང་བསྐྱར་མགོ་འཛུགས་བྱེད་སྲིད་པ་རེད། ”ཅེས་བརྗོད་བྱུང་།

རྒྱ་གར་ནང་སོལ་རླངས་རྫ་མའི་རིན་གོང་འཕར་འགྲིབ་ཡང་དང་བསྐྱར་དུ་བྱུང་བཞིན་པའི་རྒྱུ་མཚན་གང་ཡིན་དྲིས་པར། “རྒྱ་གར་རང་གི་ནང་སོལ་རླངས་བརྒྱ་ཆ་ ༣༠ ཙམ་ལས་བཏོན་ཐུབ་ཀྱི་ཡོད་པ་མ་རེད། སོལ་རླངས་ཀྱི་བརྒྱ་ཆ་ ༧༠ ཨུ་རུ་སུ་དང་ཨི་རན་གཙོས་པའི་ཕྱིའི་རྒྱལ་ཁག་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་རེད། དེ་ལ་ཡང་ཨ་སྒོར་སྤྲད་ནས་ཉོ་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཚོང་རྭའི་ནང་ཨ་སྒོར་འཛའ་ཐང་འཕར་ཆགས་དང་། སོལ་རླངས་ལེན་སའི་རྒྱལ་ཁབ་ཁག་གི་ཆབ་སྲིད་བརྟན་བརླིང་ཡོད་མེད་བཅས་ལ་བརྟེན་ནས་རྒྱ་གར་གྱི་སོལ་རླངས་གོང་ཚད་ལ་འཕར་འགྲིབ་ཡོང་བསྡད་ཀྱི་ཡོད་པ་རེད། ” ཅེས་བརྗོད་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༤ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༧ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese