མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོཊ་ཟེར་བར་ངོས་ལེན་རྩ་བ་ནས་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཚོགས་པའི་ཨོ་སི་ཊོ་ལི་ཡའི་བོད་རིཊ་ཚོཊ་པ་ཁག་གི་རྒྱལ་ཡོངས་ཚོཊ་ཆེན་ཐེངས་དྲུག་པའི་སྟེང་། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཐོན་པའི་ཨོ་སི་ཊོ་ལི་ཡའི་བོད་རིཊ་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོཊ་ཟེར་བ་དང་། དེའི་ཁྱབ་ཁོངས་ཚོཊ་མི་ཡིན་རིཊ་ཨོ་གླིང་བོད་མིའི་མཐུན་ཚོཊ་ཀྱི་འཛིན་སྐྱོང་ལས་དོན་ཐད་ཁྲིམས་མཐུན་ཐོབ་ཐང་མེད་པར་མ་ཟད། ཚོཊ་པ་དེར་ངོས་ལེན་རྩ་བ་ནས་མེད་སྐོར་བསྒྲཊ་འདུག

ཟླ་འདིའི་ཚེས་ ༡༨ ནས་ ༢༠ བར་ཨོ་སི་ཊོ་ལི་ཡའི་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག རྒྱལ་ས་སེ་ཌེ་ནེ་བྱང་ཕྱོགས་མཚོ་འགྲམ་གྱི་གྲོང་སྡེ་བྷེ་ཀོན་ཧེད་ (Beacon Hill) གྲོང་སྡེར་ཨོ་སི་ཊོ་ལི་ཡའི་བོད་རིགས་ཚོགས་པ་ཁག་གི་རྒྱལ་ཚོགས་ཆེན་ཐེངས་དྲུག་པ་ཚོགས་ཡོད་འདུག་ལ། ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུཊ་ཀྱི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་མཆོག་གཙོས། ཨོ་སི་ཊོ་ལི་ཡའི་ས་གནས་བོད་རིགས་མཐུན་ཚོགས་ཁག་བཅུ་ལྷག་གི་ཚོགས་གཙོ་དང་དྲུང་ཆེ། ས་གནས་གཞོན་ནུ་དང་བུད་མེད་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ། ས་གནས་མི་མང་བཅས་མི་ ༣༠༠ ཡས་མས་འདུ་འཛོམས་གནང་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་གཞི་དང་པོ། ༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་སྐབས་ཨོ་གླིང་བོད་རིགས་མཐུན་ཚོགས་ཁག་ནས་བརྟན་བཞུགས་སམ་ཡང་ན་གཞན་གང་དགའ་ཇི་ལེགས་སྐོར། གཉིས་པ། ཨོ་གླིང་གནས་སྡོད་བོད་རིགས་མི་མང་ནས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ་སོགས་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གཏོང་ཕྱོཊ། གསུམ་པ། ཨོ་གླིང་ནང་བོད་ཀྱི་རྩ་དོན་ལས་འགུལ་སྤེལ་ཕྱོཊ། བཞི་བ། ཨོ་གླིང་བོད་རིགས་མཐུན་ཚོགས་ཁག་ནས་ལོ་ལྟར་ཨོ་གཞུང་ནས་དམིགས་བསལ་འགྲོ་བ་མིའི་བདེ་རྩའི་འོག་ཕྱི་མི་གནས་སྦོར་གྱི་ལས་གཞིའི་ཁོངས་ནས་བོད་མི་གསར་དུ་འབྱོར་བ་རྣམས་ལ་རོགས་རམ་གནང་ཕྱོཊ་སྐོར། ལྔ་བ། རྒྱ་གཞུང་ལས་བྱེད་པས་བོད་མིའི་མཐུན་སྒྲིལ་གྱི་ནུས་ཤུགས་གཏོར་བཤིག་གི་སྲིད་བྱུས་ལ་མང་ཚོགས་ནས་གདོང་ལེན་གནང་ཕྱོཊ། དྲུག་པ། བོད་རྒྱ་མི་རིགས་གཉིས་དབར་འབྲེལ་བ་ཞུ་ཕྱོཊ་བཅས་ཀྱི་ཐོག་གྲོས་བསྡུང་གནང་ཡོད་འདུག

ཁ་སང་ཚོགས་འདུའི་ཉིན་མཐའ་མར་སྤྱི་མོས་གྲོས་ཆོད་ཁག་ཅིག་གཏན་འབེབས་སྒྲོགས་སྦྱང་གནང་ཡོད་པར་མ་ཟད། སི་ཌེ་ནེའི་རིག་གནས་སྐྱེད་ཚལ་དུ་བོད་ཡིག་གི་དྲི་རྩལ་འགྲན་བསྡུར་སྐབས་དང་པོ་གོ་སྒྲིག་དང་། གླུ་བ་གླུ་མ་རྣམས་ཀྱི་གནའ་དེང་གི་གླུ་གཞས་འཁྲབ་སྟོན་བཅས་གནང་སྟེ་ཚོགས་འདུ་མཇུག་སྒྲིལ་ཡོད་འདུག་ལ། ཐེངས་འདིར་གཏན་འབེབས་བྱས་པའི་གྲོས་ཆོས་ཁག་གི་ནང་། ༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་དམིགས་བསལ་རྟགས་དང་རྟེན་འབྲེལ་ལ་བརྟེན་ནས་ཨོ་གླིང་བོད་རིགས་མཐུན་ཚོགས་ཁག་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་ཡང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཐུགས་འགན་བཞེས་ཏེ་ལས་རིམ་ཁག་གོ་སྒྲིག་གནང་རྒྱུ་དང་། སློབ་སྟོན་པ་སྐུ་ཚབ་དོན་གཅོད་དང་ལས་ཐོག་སྤྱི་འཐུས་ཀྱིས་གནང་རྒྱུ།  བོད་རིགས་མཐུན་ཚོགས་ཁག་ནས་བོད་ཡིག་སློབ་གྲྭ་ཆེད་འཛུགས་དང་དགེ་རྒན་གོ་སྒྲིག་ཐད་ཁྱིམ་བདག་སོ་སོའི་མཐུན་འགྱུར་རྐང་ལེན་བྱེད་རྒྱུ། བོད་རིགས་ཚོགས་པ་ཁག་གིས་བོད་ཕྲུག་ཚོའི་ཆེད་གླུ་གར་རོལ་དབྱངས་སྦྱོང་བརྡར་དང་རིག་རྩལ་བགྲོ་གླེང་གང་མང་གནང་ཐབས་བྱ་རྒྱུ། ས་གནས་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཀྱིས་སློབ་གཞི་དང་སློབ་ཁྲིད་སྐོར་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བར་བསམ་ཚུལ་གོ་བསྡུར་ཞུ་རྒྱུ་དང་། སྐུ་ཚབ་དོན་གཅོད་དང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་ཁང་གི་གོ་སྒྲིག་འོག་དུས་ནས་དུས་སུ་བོད་དགེ་རྣམ་པའི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་བསྡུ་རྒྱུ།

ལོ་ལྟར་འགྲོ་བཞིན་པའི་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཚོགས་ (Australia Tibet Council) མཐུན་འགྱུར་འོག་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་གྲོས་ཚོགས་སུ་བོད་དོན་ཞུ་འབོད་ལས་འགུལ་མུ་མཐུད་སྤེལ་རྒྱུ། ཚོགས་པ་ཁག་གི་མི་མང་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མིར་མཉམ་ཞུགས་དང་། ཚོགས་པ་ཐུན་མོང་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཐབས་བྱ་རྒྱུ། ས་གནས་བོད་མིས་ས་གནས་གྲོས་ཚོགས་དང་སྲིད་གཞུང་ལ་བོད་དོན་ཞུ་འབོད་བྱེད་རྒྱུ།  ཨོ་གླིང་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ལས་འགུལ་གྱི་ནུས་པ་ཆིག་སྒྲིལ་དང་ལམ་ལུགས་ལྡན་པ་ཡོང་ཐབས་སུ་ལས་འགུལ་གྱི་མགོ་ཁྲིད་ནུས་ཤུགས་གོང་སྤེལ་དང་། ལས་རིམ་འཆར་བཀོད། འབོད་སྒྲ་གཅིག་གྱུར་བཅས་ལ་སྨན་པའི་ཆེད་ལས་པའི་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ།  རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ཁང་ཁག་ནས་ཐོན་སྐྱེད་བྱས་ཏེ་ཨོ་སི་ཊོ་ལི་ཡར་ཚོང་བསྒྱུར་བྱེད་བཞིན་པར་བཀག་འགོག་གི་ལས་འགུལ་སྤེལ་རྒྱུ།

བོད་མི་གཞིས་ཆགས་གསར་པ་རྣམས་ཀྱི་ཆེད་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་འགན་འཁུར་འོག་ས་གནས་ཀྱི་གནས་བབ་ལ་གཞིགས་པའི་སྣེ་ལེན་ཚོགས་ཆུང་གསར་འཛུཊ་ཞུ་རྒྱུ་དང་། བོད་མིའི་གཞིས་ཆགས་ཆེད་དཔའ་འབྱོར་འདུ་འགོད་དང་འབྲེལ་གཏན་འཇགས་ལས་བྱེད་བསྐོ་བཞག་གིས་ཐབས་ལམ་འཚོལ་རྒྱུ། ཨོ་སི་ཊོ་ལི་ཡའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། སྤྱི་ཚོགས་རོགས་སྐྱོར་ཚོགས་པ་ཁག དེ་བཞིན་རང་རེའི་ཆོས་ཚོགས་ཁག་ནས་རོགས་སྐྱོར་ཐབས་ལམ་འཚོལ་རྒྱུ། གཞིས་ཆགས་གསར་བ་ཕེབས་མཁན་རྣམས་ལ་རྒྱ་གར་ནས་ཐོན་ཁར་ཨོ་སི་ཊོ་ལི་ཡར་རྒྱུས་མངའ་དང་། མི་ཚེ་སྐྱེལ་སྟངས། ཡིག་ཆའི་འགྲོ་ལུགས་སོགས་ཀྱི་ཐད་ཟབ་སྦྱོང་སྔར་ལྷག་ཡོང་ཐབས་སུ་འབྲེལ་ཡོད་ཁག་ལ་སྙན་སྐུལ་ཞུ་རྒྱུ།

རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ད་བར་ཚུར་རྒོལ་ལས་འགུལ་མཚམས་འཇོག་གཏན་ནས་བྱས་ཀྱི་མེད་ལ། ལྷག་པར་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་ཟེར་བ་དང་། ཕྱི་སྡོད་ནང་མིའི་མཛའ་གྲོགས་སུ་ཨུ་ཡོན་ལྷན་ཁང་ཟེར་བ། ཕྱིར་གཏོང་བ་དང་ནང་དུ་འབོད་པའི་ལས་འཆར་ཟེར་བ། དོལ་རྒྱལ་རྗེས་འབྲང་པར་གཡས་གཞོག་གཡོན་འདེགས་ཀྱི་ལས་འགུལ་སྤེལ་ཏེ་ཕྱི་ཕྱོགས་སུ་ཡོད་པའི་བོད་མིའི་ཆབ་སྲིད་དང་སྒྲིག་འཛུཊ། སྤྱི་ཚོགས་བཅས་པའི་ཆིག་སྒྲིལ་གཏོར་བཤིག་གཏོང་རྒྱུའི་ཚུར་རྒོལ་འགའ་ཞིག་མགོ་འཛུཊ་བྱས་ཡོད་པས། རང་རིགས་རྣམས་ནས་ངེས་པར་དུ་ཁོ་པ་ཚོའི་ལྐོག་གཡོ་ཁག་དུས་ཐོག་ཤེས་རྟོགས་བྱེད་རྒྱུ་མ་ཟད། རྫི་གསང་རྣོན་མོས་ཁྲིམས་མཐུན་གདོང་ལེན་ནུས་ལྡན་བྱེད་རྒྱུ།

༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཐོན་པའི་ཨོ་སི་ཊོ་ལི་ཡའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཟེར་བ་དང་། དེའི་ཁྱབ་ཁོངས་ཚོགས་མི་ཡིན་རིགས་ཨོ་གླིང་བོད་མིའི་མཐུན་ཚོགས་ཀྱི་འཛིན་སྐྱོང་ལས་དོན་ཐད་ཁྲིམས་མཐུན་ཐོབ་ཐང་མེད་ལ། དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བཀའ་ལུང་ཐོབ་ཅིང་། འཛིན་སྐྱོང་བཀའ་ཤག་གི་རྒྱ་ནག་ལ་འཛིན་པའི་བརྒྱུད་ལམ་གཅིག་གི་སྲིད་ཇུས་དང་ཐད་ཀར་འགལ་ཡོད། དེར་བརྟེན་ ༢༠༡༣ ཟླ་ ༡ ཚེས་ ༡༩ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་འདི་ག་ས་གནས་སུ་གཟིགས་ཞིབ་ཏུ་ཕེབས་སྐབས་བོད་མིའི་མཐུན་འབྲེལ་ལྷན་ཚོགས་ཟེར་བ་དབུས་བོད་མིའི་སྒྲིག་འཛུཊ་ནས་ངོས་ལེན་མེད་ཅེས་གསར་བསྒྲགས་ངེས་གཏན་གནང་བ་ནི། ང་ཚོའི་ཆབ་སྲིད་དང་ལངས་ཕྱོགས་གཞི་འཛིན་ས་ཡིན་པས་སྔ་ལོ་སེ་ཌེ་ནེ་བོད་རིགས་མཐུན་ཚོགས་ནས་སྐབས་དེ་རང་དུ་ཚོགས་པ་དེ་ངོས་ལེན་གཏན་ནས་མེད་པ་གསལ་བསྒྲགས་བྱས་ཡོད་ལ། ད་རེས་ཀྱི་ཚོགས་ཆེན་ཐོག་མཇུག་སྣོན་གསལ་བསྒྲགས་བཅས་གནང་འདུག

གྲོས་ཆོད་ནང་རྒྱ་གཞུང་གིས་ཕྱིར་གཏོང་བ་དང་ནང་དུ་འབོད་པའི་ལས་འཆར་འོག་འཛམ་གླིང་ཡུལ་གྲུ་ཁག་ཏུ་གནས་པའི་བོད་མིའི་སྒྲིག་འཛུཊ་བྱས་ཏེ་རྒྱ་ནག་དང་། བོད་ཀྱི་ས་ཁུལ་གྲགས་ཅན་ཁག་ཏུ་ལྟ་སྐོར་དུ་ཁྲིད་རྒྱུར་མ་ཟད། ཆེད་གཉེར་ཆབ་སྲིད་ཀྱི་ལྐོག་གཡོ་དང་འབྲེལ་བའི་བྱེད་སྒོ་ཁག་ཅིག་ཏུ་འཁྲིད་རྒྱུའི་གནས་ཚུལ་ཕྱི་གསལ་ནང་གསལ་དུ་གྱུར་ཡོད་ན་དེ་དོན་ལྐོག་གཡོའི་ནང་མི་ཚུད་པ་ཡིད་གཟབ་ངེས་པར་དུ་གནང་རྒྱུ་དང་།  རྒྱལ་བསྟན་ཕྱི་གཙང་ནང་གཙང་འཛིན་སྐྱོང་སྐོར་གྱི་༸གོང་མཆོག་དང་། བོད་ཀྱི་ཆོས་བརྒྱུད་བླ་ཆེན་བསྟན་བདག་ཁག་གི་བཀའ་སློབ་ཁག་ནི་འདི་ཕྱི་གཉིས་ཕན་བསྟན་སྲིད་སྤྱི་སྨན་གྱི་བླང་དོན་མཇུག་སྒོ་དམ་པ་ཡིན་ཡང་ཆེས་བློ་ཕམ་པར་དོལ་རྒྱལ་རྗེས་འབྲང་བ་ཁག་གིས་མི་ཆོས་ལས་ཡོངས་སུ་བརྒལ་ཞིང་། གདུག་རྩུབ་ཤིན་ཏུ་ཆེ་བའི་མཚན་དམས་བསྐུར་འདེབས་དང་། འཁྱོག་བཤད་དཀྲུགས་ཤིང་། དཀར་ནག་ཕྱིན་ཅི་ལོག་པའི་ཧམ་བཤད་ལ་སོགས་པའི་དེབ་རིགས་དང་། བརྙན་པར། བགྲོ་གླེང་། རྔམ་སྟོན་སོགས་ཀྱི་གནས་ཚུལ་ཐོན་བཞིན་པ་ནི་ཆོས་ཕྱོགས་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། ལྟ་གྲུབ་འདྲ་མིན་གྱི་གླེང་རྙོག་སོགས་ལས་ཡོངས་སུ་འདས་ཤིང་། རྒྱལ་བསྟན་རྨང་ནས་བཤིག་པའི་ཆབ་སྲིད་ཀྱི་ལྐོག་གཡོ་ཆེན་པོ་ཞིག་ཡིན་སྟབས། ཁོ་པ་ཚོར་ཆོས་དང་ཟང་ཟིང་གི་འབྲེལ་བ་གཙང་མ་གཅོད་རྒྱུ་དང་འབྲེལ་ཁྲིམས་མཐུན་གདོང་ལེན་མཐར་ཕྱིན་བྱེད་རྒྱུ་བསྐྱར་བསྒྲགས།

རྒྱ་ནག་སྲིད་གཞུང་གི་དཔོན་རིགས་དང་གཞུང་འབྲེལ་ཚོགས་པ། འབྲེལ་ཡོད་ལས་བྱེད་བཅས་པར་འབྲེལ་བ་བྱེད་པའི་དབང་ལུང་ནི་༸གོང་ས་མཆོག་གི་སྐུ་ཚབ་དང་། དབུས་བོད་མིའི་སྒྲིག་འཛུཊ་ཁོ་ནར་ཡོད་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས་མི་མང་དམངས་ཁྲོད་ནས་བརྒྱུད་ལམ་གཅིག་གི་སྲིད་ཇུས་དེ་ལས་རྩ་བ་ནས་འགལ་མི་ཆོག་པའི་རྗེས་སྣོན་བྱེད་རྒྱུ།  བོད་རིགས་ཚོགས་པ་ཁག་དང་མི་མང་། མི་སྒེར་བཅས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། རང་དབང་གསར་འགོད་པ། ཤེས་ཡོན་ཅན། མི་སྒེར་བཅས་དང་མཛའ་འབྲེལ་བཙུགས་ཏེ་བོད་རྒྱའི་གནད་དོན་གཉིས་སྨན་དང་འདྲ་མཉམ་གྱི་གོ་རྟོགས་གོང་འཕེལ་བཏང་སྟེ་མི་རིགས་གཉིས་ཀར་རང་དབང་ཐོབ་ཆེད་ཐབས་ལམ་འཚོལ་དགོས།  བོད་རིགས་ཤེས་ཡོན་ཅན་དང་སློབ་ཕྲུག་ཁག་ནས་རྒྱ་རིགས་སློབ་ཕྲུག་དང་གྲོགས་འདྲིས་ཀྱིས་བོད་རྒྱའི་གནད་དོན་གོ་རྟོགས་གོང་འཕེལ་གཏོང་རྒྱུ་བཅས་གྲོས་ཆོད་ཁག་གཏན་འབེབས་གནང་ཡོད་པར་མ་ཟད། བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་རྩ་དོན་གྱི་འབོད་སྒྲ། གདུང་འབོད་ཀྱི་ཞལ་ཆེམས་ལ་སོགས་པའི་ཁོང་ཚོའི་མངོན་འདོད་དེ་དག་འགྲུབ་ཐབས་ལ་དམིགས་བསལ་འབད་ཐབས་བྱ་རྒྱུར་བསམ་སྦྱོར་གཉིས་ཐོག་ནས་དམ་བཅའ་བཞག་ཡོད་འདུག

ཐེངས་བདུན་པའི་ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་ཆེན་ ༢༠༡༦ ལོར་རྒྱལ་ས་བྷེར་ལེན་དུ་ཚོགས་གཏན་ཁེལ་ཡོད་འདུག

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 4

  1. གནས་ཚང་། says:
    ལོ་ 12 སྔོན།

    ཚོགས་པ་དེའི་གནས་ཚུལ་ཞིབ་ཕྲ་གསར་འགྱུར་འདིར་བཀོད་འདུག་ལབ་སོང་། རྒྱ་ཡིག་མཁྱེན་མཁན་ཚོས་མཐུན་འགྱུར་གནང་རོགས།

    http://www.xkb.com.au/html/cnc/shetuandongtai/2013/1126/116593.html
    ད་དུང་གོ་ཐོས་ལ་ཨོ་སི་ཁྲི་ལི་ཡའི་བོད་པ་ཚོ་བོད་ནང་བསྐྱོད་ན་ཐོངས་མཆན་ཞུ་སྐབས་ཚོགས་པ་དེ་ནས་རྒྱབ་གཉེར་ལེན་དགོས་ཀྱི་འདུག འདི་འདྲའི་ཚོགས་པ་ཤུགས་ཆེན་ཞིག་ག་བ་ནས་རེག་གི་རེད། ད་བློ་སེང་དང་དཔལ་འབྱོར་གཉིས་ཀྱི་སུས་འཇོན་ན་འཇོན་ནི་མ་རེད་དམ།

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    གནས་ཚང་ལགས། ཉིད་ཀྱིས་ཨོ་སི་ཁྲི་ལི་ཡའི་གྲོང་འཁྱེར་སི་ལྡི་ནིས་ནང་ཡོད་པའི<<བོད་རིགས་སྤུན་ཟླའི་མཐུན་བསྒྲིལ་ལྷན་ཚོགས>>ཟེར་བ་དེ”ཕྱི་ལོགས་སུ་ཡོད་པའི་བོད་མིའི་སྒྲིག་འཛུག་ཁྲོད་ཀྱི་བརྟེན་ཤོས་དེ་དང་བཙན་བྱོལ་བ་ཚོར་མཐུན་རྐྱེན་སྦྱོར་མཁན་དེ་ཆགས་ཡོད”ཅེས་ཚིག་ཐག་ཆོད་པས་གསུང་ཐུབ་པར་བལྟོས་ན། ཁྱེད་རང་ཚོགས་པ་དེ་ལ་རྒྱུས་ཧ་ཅང་ཡག་པོ་ཡོད་པ་སྨྲས་མ་དགོད་པ་རེད། བྱས་ཙང་ཉིད་ཀྱིས་ཚོག་པ་དེ་ཇི་ལྟར་དབུ་བརྙེས་པ། དེའི་ཚོགས་གཙོ་གཞོན་གཉིས་སུ་ཡིན་པ། དེའི་སློབ་སྟོན་རྒྱབ་སྐྱོར་བ་གང་ཡིན་པ་བཅས་ལ་དྲེང་བདེན་ཐོག་ནས་གསལ་བཤད་གནང་བར་རེ་བསྐུལ་ཞུ།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    ཚོགས་པ་འདི་ཨོ་སི་ཁྲི་ལི་ཡའི་ཁྲིམས་ཐོག་ནས་ངོས་ལེན་ཡོད་པས། ཕྱི་ལོགས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཁྲོད་ཀྱི་བརྟན་ཤོས་དེ་དང་བཙན་བྱོལ་བ་ཚོར་མཐུན་རྐྱེན་སྦྱོར་ཐུབ་མཁན་དེ་ཆགས་ཡོད། ཡིན་ནའང་། ཚོགས་པ་འདིས་འབྲེལ་བ་གནང་ས་འཐབ་ཕྱོགས་གཅིག་གྱུར་ཁང་རེད་ལ། གོང་ས་མཆོག་དང་པེ་ཅིང་བར་དུ་མཛའ་འབྲེལ་གྱི་ལམ་ཁ་བཏོད་ཐུབ་ཀྱང་སྲིད།

    Reply
  4. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    ད་རེས་ཚོགས་འདུ་འདི་ཚོགས་ནས་གསལ་བོ་གོ་དགོས་པ་ནི་བོད་མི་ནང་ཁུག་ལ་རྙོག་དྲ་བཟོ་ཕྱིར་རེད་བྱ། བོད་རིགས་སྤུན་ཟླའི་མཐུན་འབྲེལ་ཚོགས་པ་ཟེར་ན་མིང་དེ་བོད་རིགས་སྤྱི་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་དེ་ལ་ཨོ་གླིང་བོད་རིགས་ཁོ་ན་སྡང་དགོས་དོན་མི་འདུག ད་རེས་ཨོ་གླིང་ཚོགས་འདུ་དེའི་རྒྱབ་ལྗོངས་ལ་བརྟག་བྱེད་དགོས་སྙམ། དེ་རྒྱབ་ལོགས་ལ་གདོན་འདྲེ་ཚོགས་པ་ཡོད་ཐག་ཆོད་རེད་་་་གཞན་རྒྱུ་མཚན་གང་ཡང་མེད་པར་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ཚོགས་པ་ངོས་ལེན་མེད་ཟེར་དོན་མི་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese