མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་འདུའི་ཞོར་དུ་བོད་རྒྱ་སྨྱུག་ཚོཊ་ཤིག་ཀྱང་བཙུཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཐའེ་ཝན་གྱི་རྒྱལ་སར་རྒྱ་རིགས་མཁས་པ་གཡང་ཅན་ལེ་ (Yang Jianli) ལཊ་ཀྱིས་བཙུགས་པའི་སྤྱི་འབངས་ནུས་སྟོབས་ཚོཊ་པའི་གོ་སྒྲིག་འོག སྐབས་དགུ་བའི་མི་རིགས་དང་ཆོས་ལུཊ་མི་འདྲ་བའི་གཞོན་སྐྱེས་ཚོགས་འདུ་ཞེས་པའི་སྟེང་། དྷ་རམ་ས་ལའི་བོད་མིའི་སྒྲིག་འཛུཊ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ཁག་ཅིག་མཉམ་ཞུཊ་གནང་ཡོད་སྟབས། གསར་འགོད་པས་ཚོགས་བཅར་བ་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊདང་གླེང་མོལ་བྱས་ཡོད།

ཐོག་མ་ཁོང་གིས་ཚོཊ་འདུ་དེའི་དམིཊ་ཡུལ་དང་ནང་དོན་སྐོར་ངོ་སྤྲོད་གནང་བར། ད་རེབ་ཚོགས་འདུའི་དམིཊ་ཡུལ་གཙོ་བོ་དེ་རྒྱ་ནག་སྐམ་སའི་ནང་དེང་དུས་ཀྱི་སྤྱི་དམངས་རང་ངོས་ནས་སོ་སོའི་རང་དབང་འཐབ་རྩོད་དང་རྒྱ་ནག་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་མི་མང་པོ་ཞིག་ཚོགས་འདུ་འདིའི་ནང་མཉམ་ཞུཊ་བྱེད་ཐུབ་ཀྱི་ཡོད་སྟབས། དེང་སང་རྒྱ་ནག་དམར་ཤོག་གི་སྟོབས་ཤུཊ་བཙན་འཛུལ་ཆེན་པོ་སླེབ་ཡོང་སྐབས། སོག་པོ་དང་ཤར་ཏུ་ཀི་སི་ཐན། ཞིན་ཅང་། བོད། ཧོང་ཀོང་། ཐའེ་ཝན། མན་ཀོ་བཅས་ཀྱི་མི་རིགས་དང་ཆོས་ལུཊ་འདྲ་མིན་གྱིས་མཉམ་དུ་བགྲོ་གླེང་བྱས་ཏེ། མ་འོངས་བར་རྒྱ་ནག་རང་དབང་དམངས་གཙོའི་གཞུང་ལ་བསྒྱུར་ན་འདྲ། གང་ལྟར་རྒྱ་ནག་དམར་ཤོག་གཅིག་སྡུད་ཀྱིས་དབང་ཆ་བཟུང་བསྡད་པའི་ཐོག་ལ་མཉམ་རུབ་ཀྱིས་ནུས་སྟོབས་ག་རེ་འདོན་ཐུབ་པའི་དམིགས་ཡུལ་ཐོག་ནས་ཚོཊ་པ་ཞིག་རེད། ང་ཚོས་ཚོཊ་འདུའི་ཐོག་བོད་ནང་རང་ལུས་མེར་བསྲེགས་ཡོང་དགོས་པའི་རྒྱུ་རྐྱེན་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་བྱེད་སྟངས་ལ་འགྲེལ་བཤད་རྒྱག་སྐབས་ཁོ་རང་ཚོས་དོ་སྣང་ཆེན་པོ་བྱས་ཏེ། ཚོགས་འདུའི་ཟུར་དུ་ང་ཚོར་དངོས་སུ་ཐུག་འཕྲད་བྱེད་རོགས་ཟེར་ནས། སྐབས་རེར་མཚན་གྱི་ཆུ་ཚོད་གཉིས་པ་གསུམ་པའི་བར་སྐད་ཆ་བཤད་དགོས་པ་དང་། ཁོ་ཚོས་སྔོན་མ་མཐོང་བསྡད་པ་ག་རེ་ཡིན་པ་དང་ད་རེབ་གནས་ཚུལ་གསལ་བོ་ཧ་གོ་བ་ག་རེ་བྱུང་མིན་སོཊ་ལ་ཚོར་བ་ཆེན་པོ་སྟོན་གྱི་འདུག ཅེས་བརྗོད་བྱུང་།

           གསར་འགོད་པས་ཐེངས་འདིའི་ཚོགས་འདུ་དེ་དང་འབྲེལ་ནས་ལས་དོན་གཞན་གང་དག་བྱས་ཡོད་མེད་དྲིས་པར་ཁོང་གིས། རྩ་བའི་ཆ་ནས་ང་ཚོ་བོད་པ་མི་བདུན་ཕར་ཚོགས་འདུར་མཉམ་ཞུགས་བྱས་པའི་ཞོར་དུ། ང་ཚོས་སྔོན་མ་ནས་བོད་རྒྱ་སྨྱུག་ཚོགས་ཟེར་བ་ཞིག་འཛུགས་རྒྱུའི་འཆར་གཞི་སྒྲིག་བསྡད་ཡོད་སྟབས། ཐེངས་འདིའི་ཚོགས་འདུ་བརྒྱུད་ནས་ཨ་རི་དང་ཡུ་རོབ། ཨོ་སི་ཊོ་ལི་ཡ། རྒྱ་ནག་སྐམ་ས། ཐའེ་ཝན། བོད། ཧོང་ཀོང་། མན་ཀོ་བཅས་ཀྱི་ཚོགས་མི་ ༣༠ ཙམ་འཛོམས་ཏེ་བོད་རྒྱ་སྨྱུག་ཚོགས་ཟེར་བ་དེ་གསར་འཛུགས་དང་། རྒྱུན་ལས་མི་ ༧ ཙམ་བདམས་ནས་སྒྲིག་གཞི་གཏན་འབེབས་གནང་ཡོད། གཉིས་པ། ང་ཚོ་བོད་རྒྱ་སྨྱུག་ཚོགས་བཙུགས་ནས་མཉམ་འབྲེལ་ཐོག་ཐའེ་ཝན་གྱི་མཁས་པ་མང་པོ་ལྷན་འཛོམས་ཀྱི་དགོང་ཚོགས་ཤིག་གི་སྟེང་། བོད་སྤྱི་ཡོངས་དང་ལྷག་པར་དུ་དེང་སང་བོད་ཀྱི་གནས་སྟངས་ངོ་སྤྲོད་དང་དྲི་བ་དྲིས་ལན་ཡག་པོ་བྱུང་སོང་། དེ་བཞིན་ཐའེ་ཝན་མཐོ་སློབ་དང་ཏུང་དཔའ་མཐོ་སློབ་གཉིས་ཀྱིས་གདན་ཞུ་གོ་སྒྲིག་བྱས་པའི་འོག སློབ་ཕྲུག་མང་པོ་ཞིག་དང་མཉམ་དུ་ཐའེ་ཝན་དང་བོད་ཀྱི་གནས་སྟངས། མ་འོངས་བོད་ཀྱི་འཕེལ་ཕྱོགས་ཐོག་བགྲོ་གླེང་གནང་བ་རེད། ཏུང་དཔའ་མཐོ་སློབ་ནང་དུའང་བོད་ཀྱི་སྒྱུ་རྩལ་མཚན་མོ་ཞེས་པའི་ཐོག་ཕྱིན་ཏེ། བོད་སྤྱི་ཡོངས་ངོ་སྤྲོད་དང་བོད་ཡིག་གི་སྙན་ངག་གྱེར་འདོན་སོགས་བྱེད་ཐུབ་སོང་། མཐའ་མར་ཐའེ་ཝན་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། ཐའེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ཁུང་མིན་ (Kunming)དོན་རྐྱེན་དང་བོད་མིའི་རང་ལུས་མེར་བསྲེགས་གཉིས་བརྒྱུད་དེ་མ་འོངས་བར་རྒྱ་ནག་གི་གྲངས་ཉུང་མི་རིགས་སྲིད་བྱུས་ལ་ལྟ་བ་ཞེས་བའི་བགྲོ་གླེང་ཞིག་ལ་མཉམ་ཞུགས་བྱས་ཏེ་གཏམ་བཤད་སྤེལ་བའི་གོ་སྐབས་བྱུང་སོང་། ཞེས་བརྗོད་བྱུང་།

        སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐེངས་འདིར་ཐའེ་ཝན་གྱི་སྲིད་འཛིན་ཟུར་བ་ལི་ཏིན་དཔེ་(Li Denghui)དང་ཐུག་འཕྲད་བྱས་པའི་སྐོར་བརྗོད་དོན། ང་ཚོ་བོད་པ་ཡིན་ལབ་དུས་ལི་ཏིན་པེ་ཁོ་རང་ཡར་བཞེངས་ནས་ཞེ་དྲག་དགའ་བོ་བྱས་སོང་། ཁོང་གི་ཉམས་མྱོང་གཙོས་ཐའེ་ཝན་གྱི་གནས་སྟངས་དང་ད་ལྟའི་རྒྱ་ནག་གི་གནས་སྟངས་སྐོར་མང་པོ་གསུངས་སོང་། ང་ཚོས་རྒྱ་ནག་གི་གྲངས་ཉུང་མི་རིགས་སྲིད་བྱུས་སྐོར་བཤད་སྐབས། ཁོ་རང་གིས་ད་ལྟའི་རྒྱ་ནག་གི་གྲངས་ཉུང་མི་རིགས་སྲིད་བྱུས་ཀྱི་བྱེད་སྟངས་དང་། ཀྲུང་ཧྭ་མི་རིགས་ཟེར་བའི་ཐ་སྙད་འདོགས་སྟངས་དེ་ཚོ་ཞེ་དྲག་སྡུག་ཅག་ཡིན་པའི་སྐོར་ལ་སྐྱོན་བརྗོད་ཆེན་པོ་བྱེད་ཀྱིན་འདུག ངས་བོད་པའི་ཚབ་བྱས་ཏེ་ཁོ་རང་ལ་མཇལ་དར་ཞིག་ཕུལ་བ་ཡིན། གང་ཡིན་ཟེར་ན། ལེ་ཏིན་དཔེ་སྐབས་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཐའེ་ཝན་དུ་བཙུགས་པ་དང་། ༧གོང་ས་མཆོག་ཐའེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུའི་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་རེད། ཁོང་ལ་ཐའེ་ཝན་གྱི་དམངས་གཙོའི་ཡབ་ཆེན་ཟེར་སྲོལ་ཡོད་པ་རེད། ཡིན་ནའང་རྒྱ་ནག་དམར་ཤོག་གཞུང་དང་ཁོ་རང་ལ་མ་དགའ་མཁན་ཚོས་ཁོང་ལ་སྐྱོན་བརྗོད་བྱས་བསྡད་ཡོད་པ་རེད། ཁོ་རང་དགུང་ལོ་ ༩༢ ལ་ཕེབས་ཀྱང་རིག་པ་དྭངས་གསལ་ཐོག་ནས་གསུང་བཤད་གསལ་པོ་གནང་གི་འདུག ཅེས་བརྗོད་བྱུང་།

        རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་རིཊ་ཚོའི་རྣམ་འགྱུར་གང་འདྲ་ཡིན་མིན་སྐོར་ལ་གླེང་མོལ་བྱེད་སྐབས། ཁོང་གིས། སྤྱིར་བཏང་ཁོ་ཚོར་རྒྱ་ནག་གཞུང་གིས་བཤད་པ་མ་གཏོཊ་ཕྱིའི་གནས་ཚུལ་མང་པོ་ཞིག་གོ་ཐོས་མེད་པ་དེ་གསལ་བོ་རེད། ཚོཊ་འདུའི་ཐོག་རྒྱ་ནག་གི་ཁྲིམས་རྩོད་པ་ཞིག་གིས་གལ་སྲིད་བོད་མི་ཞིག་གིས་ཁྱེད་ཀྱི་མདུན་དུ་རང་ལུས་མེར་བསྲེཊ་གནང་བ་ཡིན་ན་ཁྱེད་ཀྱིས་བཀག་འགོག་བྱེད་ཀྱི་ཡིན་མིན་དང་། གཞན་རྒྱ་ནག་ནང་གི་ཡེ་ཤུས་ཆོས་ལུཊ་སྤེལ་མཁན་ཞིག་གིས་ཡེ་ཤུའི་ཆོས་ལུཊ་ནང་རང་ལུས་མེར་བསྲེཊ་ལ་དགག་པ་རྒྱག་གི་ཡོད་སྟབས་ཏཱ་ལའི་བླ་མས་རང་ལུས་མེར་བསྲེཊ་མི་གནང་རྒྱུར་འབོད་སྐུལ་ཞུས་ཡོད་མེད་དྲི་བ་བཏང་སོང་། ངས་ཁོ་ལ། ཁྱེད་རང་རྒྱ་ནག་ནང་གི་ཁྲིམས་རྩོད་པ་ཞིག་ཡིན་པར་ལབ་ཀྱི་ཡོད་པ་རེད། གལ་སྲིད་ངའི་མདུན་དུ་བོད་མི་ཞིག་གིས་མེར་བསྲེགས་གཏོང་གི་ཡོད་ན། ངས་མི་དེ་ཉེན་རྟོག་པར་རྩིས་སྤྲད་ན་ང་ལ་སྒོར་འབུམ་ལྔ་རག་གི་ཡོད་པ་ཤེས་ཀྱི་ཡོད་དམ་ཞེས་དྲིས་པར་ཁོས་ཤེས་ཀྱི་མེད་ལབ་སོང་། དེ་བཞིན། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་ལུས་མེར་བསྲེགས་སོགས་ཛ་དྲག་གི་ལས་འགུལ་རིགས་མི་སྤེལ་རྒྱུར་འབོད་སྐུལ་ཡང་ཡང་ཞུ་བཞིན་ཡོད་པ་སོགས་བཤད་ཡོང་སྐབས་ཁོ་ཚོས་ཧང་སང་སང་བྱེད་ཀྱིན་འདུག བོད་དང་སོག་པོ། ཡུར་གུར་སོགས་ཀྱི་ཐོག་ལ་གནས་ཚུལ་གང་བྱུང་བའི་ཐོག ཁྱེད་རང་ཚོས་རྒྱ་ནག་གཞུང་གིས་གང་བཤད་པར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་ཁྲིམས་མེད་ལུགས་མེད་བྱས་ནས་སྡོད་ཐུབ་པ་བྱུང་བ་རེད། བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་གཅིག་གི་འོག་ཏུ། ཁྱེད་ཅག་རྒྱ་མི་ས་ཡ་མང་པོ་ལངས་ཐུབ་པ་ཡིན་ན། རྒྱ་ནག་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་དེ་དག་རྩ་མེད་བཟོ་ཐུབ་པ་ཞིག་རེད། དེ་བཞིན། རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་སྤེལ་བར་དཀའ་ངལ་འཕྲད་པ་ང་ཚོས་ཧ་གོ་ཡོད་པ་མ་ཟད་། ༧གོང་ས་མཆོག་གིས་དེའི་སྐོར་ལ་བཀའ་སློབ་ཕེབས་པ་སོགས་བཤད་ཡིན། ཞེས་ངོ་སྤྲོད་གནང་སོང་།

         མཇུག་ཏུ་ཁོ་ལ་ཐེངས་འདིའི་ཚོགས་འདུའི་སྟེང་གྲོས་ཆོད་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་ཚོགས་འདུའི་ཉིན་མཐའ་མར་རྒྱ་ནག་སྐམ་ས་དང་ཧོང་ཀོང་། སོག་པོ། བོད་སོགས་དང་འབྲེལ་བའི་གྲོས་ཆོད་མང་པོ་བཞག་ཡོད་པའི་ཁྲོད་ང་ཚོ་བོད་དོན་དང་འབྲེལ་བའི་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད། གཅིག ད་ལྟའི་བར་བོད་མི་བརྒྱ་དང་སུམ་ཅུ་ལྷག་གིས་རང་ལུས་མེར་བསྲེགས་གནང་དགོས་པའི་དངོས་ཡོད་གནས་ཚུལ་རྟོགས་ཆེད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པ་ཞིག་བོད་ནང་གཏོང་ཐབས་བྱ་རྒྱུ་དང་། གཉིས་པ། ༧གོང་ས་མཆོག་གཙོས་བོད་མི་ཆིག་འབུམ་ལྷག་རང་ཡུལ་དང་བྲལ་ནས་མི་ལོ་ལྔ་བཅུ་ལྷག་འགྲོ་ཡི་ཡོད་པ་དང་བོད་མིའི་རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་ཀྱི་འབོད་སྒྲ་༧གོང་ས་མཆོག་བོད་ནང་ཕེབས་འཇུག་དགོས་པ་དེ་ཡིན་སྟབས། ༧གོང་ས་མཆོག་བོད་ནང་ཕྱིར་ཕེབས་པར་ནུས་པ་སྒྲིལ་ཐབས། གསུམ་པ། བོད་ནང་སྨྲ་བརྗོད་དང་ཆོས་དད་རང་དབང་། བོད་ཀྱི་ཁོར་ཡུག་བཅས་ཀྱི་ཐོག་རྟོག་ཞིབ་ཚོཊ་པ་གསར་འཛུཊ་དགོས་རྒྱུ་བཅས་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese