འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོ་འགྲན་བསྡུར་འཆར་ཟླའི་ཚེས་ ༤ ནས་ ༡༥ བར་ལྡེ་ར་རྡུན་དོན་འགྲུབ་གླིང་བོད་མིའི་གཞིས་ཆཊ་སུ་ཚོཊ་རྒྱུ་ཡིན་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ལོ་ལྟར་རྒྱ་གར་ནང་གི་བཙན་བྱོལ་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་འདྲ་མིན་དུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཞིག་གོ་སྒྲིག་གནང་བཞིན་པ་ལྟར། ༢༠༡༤ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོ་འགྲན་བསྡུར་ཕྱི་ཟླ་ ༦ ཚེས་ ༤ ནས་ ༡༥ བར་རྒྱ་གར་བྱང་ཕྱོཊ་ལྡེ་ར་རྡུན་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཚོགས་གཏན་ཁེལ་ཡོད་པར་མ་ཟད། རྒྱ་བལ་གཉིས་ཀྱི་རུ་ཁག་ ༢༧ མཉམ་ཞུགས་དེབ་སྐྱེལ་གནང་ཡོད་པ་ལས་རུ་ཁག་ ༢༡ དངོས་སུ་འགྲན་བསྡུར་ནང་ཞུགས་གཏན་ཁེལ་ཡོད་འདུག
སྐབས་ ༢༠ པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་པའི་རྐང་སྤོ་འགྲན་བསྡུར་ནང་ཞུགས་པའི་རུ་ཁག་དག་ནི། དོན་འགྲུབ་གླིང་རུ་ཁག་དང་། གྷོ་ལ་དྷ་ལ་གཞོན་ནུའི་རུ་ཁག གྷོ་ཝ་རུ་ཁག རབ་རྒྱས་གླིང་རུ་ཁག སྦོན་ཊ་ཆོལ་གསུམ་རུ་ཁག བོད་ཁྱིམ་མཉམ་འབྲེལ་རུ་ཁག སྤོག་ར་བཀྲ་ཤིས་གླིང་རུ་ཁག གླིང་ཚང་རུ་ཁག དྷ་རམ་ས་ལའི་རུ་ཁག དོན་ལྡན་གླིང་རུ་ཁག དོན་འགྲུབ་གླིང་རུ་ཁག མཚམས་རུ་ཁག འཕགས་ཤིང་མཉམ་འབྲེལ་རུ་ཁག མོན་གྷོ་རུ་ཁག ཝར་ན་རུ་ཁག ནོར་རྒྱས་གླིང་རུ་ཁག སིམ་ལ་རུ་ཁག ཁྲེ་ཌེ་ཨེལ་ལུས་རྩལ་རུ་ཁག(སྦེལ་ཀོབ)། ཕུན་ཚོགས་གླིང་མཉམ་འབྲེལ་རུ་ཁག(ཌལ་ཧོར)། ཅོན་ཏ་ར་མཉམ་འབྲེལ་རུ་ཁག ལྡི་ལིའི་རུ་ཁག་བཅས་ཡིན་འདུག
འགྲན་བསྡུར་སྐབས་རུ་ཁག་རྣམས་སྡེ་ཚན་ཁག་བདུན་དུ་དབྱེ་ཡོད་པ་དང་། སོ་སོའི་སྡེ་ཚན་ནང་ཁུལ་གྱི་འགྲན་བསྡུར་གནང་རྗེས་སྡེ་ཚན་ཁག་གི་རྩེ་གྲས་དང་ཨང་གཉིས་པ་བཅས་སོ་སོར་འགྲན་བསྡུར་གནང་རྒྱུ་དང་། དེའི་རྗེས་རུ་ཁག་རེར་རྩེད་འགྲན་ཐེངས་གཉིས་ཀྱི་གོ་སྐབས་སྤྲོད་རྒྱུ་ཡིན་འདུག དེའི་རྗེས་རྟིང་རྩོད་འགྲན་བསྡུར་དང་མཐའ་མའི་འགྲན་བསྡུར་བཅས་གནང་རྒྱུ་ཡིན་འདུག
རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོ་འགྲན་བསྡུར་ཕྱི་ལོ་ ༡༩༨༡ ལོ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་མགོ་འཛུཊ་གནང་ཡོད་པ་དང་། དམིགས་ཡུལ་གཙོ་བོ་རྒྱལ་ཡུམ་ཆེན་མོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་དྲན་གསོ་ཞུ་ཆེད་ཡིན་འདུག
སྔར་ལོའི་སྐབས་ ༡༩ པའི་རྐང་སྤོ་འགྲན་བསྡུར་རྒྱ་གར་ལྷོ་ཕྱོཊ་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཚོགས་ཡོད་པ་དང་། འགྲན་བསྡུར་ཁྲོད་དོན་འགྲུབ་གླིང་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐོབ་ཡོད།
གསར་འགོད་པ། དོན་གོ
ངས་བྱས་ན་དག་ཆོས་ནི།
རྐང་པོལ་འགྲན་སྡུར།
འདི་རེད།
རྐང་རྩལ་སྤོ་ལོ་ཞེས་ན་ཡག་པར་མཐོང་།
མིང་ཚིག་ལ་བསྡུ་རུང་བ་དང་བསྡུ་མི་རུང་བ་གཉིས་ཡོད། བསྡུ་མི་རུང་བ་བསྡུས་ན་འདི་འདྲ་རེད།
རྐང་སྤོ་འགྲན་བསྡུར།
རྐང་སྤོལ་འགྲན་བསྡུར།
རྐང་པོལ་འགྲན་སྡུར།
གསུམ་ཆ་ཡིག་ནོར་རེད།
༡༽རྐང་སྤོ་འགྲན་བསྡུར།
༢༽རྐང་སྤོལ་འགྲན་བསྡུར།
༣༽རྐང་པོལ་འགྲན་སྡུར།
འདི་གསུམ་ལས། དག་ཤོས་གང་དེ་རེད། ལགས།