ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སྲིད་སྐྱོང་སློབ་ཡོན་རག་མཁན་གཅིག་ཀྱང་བྱུང་མེད་ནའང་དགའ་ལྡན་ཕོ་བྲང་གི་བྱ་དགའ་རག་མཁན་སྔར་ལོ་ལས་མང་དུ་ཕྱིན་ཡོད་ཟེར།
ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༢༩ བར། ཕྱི་ལོ་ ༢༠༡༤ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་འདུག འདི་ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༦ ནས་ཁྱོན་སློབ་ཕྲུག་ ༡༥༣༥ མཉམ་ཞུགས་གནང་ཡོད་པ་དང་། ཡིག་རྒྱུགས་འཕྲོད་ཟིན་པའི་སློབ་མ་ ༡༣༣༡ ཡོད་འདུག ཡིག་རྒྱུགས་ཁྲོད་བུ་ ༧༠༤ འཛུལ་ཞུགས་བྱས་པས་ལས་ ༥༩༤ རྒྱུགས་འཕྲོད་ཡོད་པ་དང་། མ་འཕྲོད་མཁན་ ༡༡༠ བྱུང་འདུག བུ་མོ་ ༧༣༨ འཛུལ་ཞུགས་བྱས་ཡོད་པ་ལས་ ༦༦༥ རྒྱུགས་འཕྲོད་ཡོད་པ་དང་། མ་འཕྲོད་མཁན་ ༧༣ བྱུང་འདུག
འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆའི་ ༨༤།༣༨ དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆའི་ ༩༠།༡༡ ཡིན་པ་དང་། བུ་ལས་བུ་མོ་བརྒྱ་ ༥ ལྷག་གི་མཐོ་བ་ཆགས་ཡོད་འདུག ཡིག་རྒྱུགས་ཁྲོད་བསྐྱར་རྒྱུགས་གཏོང་དགོས་མཁན་གྱི་སློབ་མ་ ༡༦༢ དང་། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་ ༤༠ བྱུང་ཡོད་པ་དང་། སྤྱི་ཡོངས་ཀྱི་བརྒྱ་ཆ་ ༨༦།༧༡ ཡིན་འདུག་ལ། སྔར་ལོའི་བརྒྱ་ཆ་ ༨༧།༣༡ ལས་བརྒྱ་ཆ་ཕྲན་བུ་མར་ཆགས་ཡོད་འདུག
འདི་ལོའི་ཡིག་རྒྱུགས་ཁྲོད་སློབ་གྲྭ་ཁག་ ༡༦ འཛུལ་ཞུགས་བྱས་པ་ལས་ཡིག་རྒྱུགས་བརྒྱ་ཆའི་བརྒྱ་འཕྲོད་པའི་སློབ་གྲྭ་བོད་ཁྱིམ་སེ་ལ་ཀོལ་དང་སྦེལ་ཀོབ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་གཉིས་ཡིན་འདུག
སྡེ་ཚན་ཁག་བཞི་ལས་ཚན་རིག་ཡིག་རྒྱུགས་ཁྲོད་སློབ་ཕྲུག་ ༣༩༣ མཉམ་ཞུགས་བྱས་ཡོད་པ་ལས། ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆའི་ ༨༩ དང་། ཆ་སྙོམས་སྤུས་ཚད་ ༦༧།༢ བྱུང་འདུག དེ་དག་ལས་བརྒྱ་ཆའི་ ༩༠ ཡན་ལེན་མཁན་སློབ་ཕྲུག་བཞི་བྱུང་བ་དག་ནི། བརྒྱ་ཆ་ ༩༤།༦ ལེན་མཁན་མོན་གྷོ་གཏན་སློབ་ཀྱི་སློབ་མ་ཤི་ཏི་རེ་དང་། བརྒྱ་ཆ་ ༩༣།༢ ལེན་མཁན་སེ་ལ་ཀོལ་བོད་ཁྱིམ་གྱི་བསོད་ནམས་བཟང་མོ། བརྒྱ་ཆ་ ༩༠།༨ ལེན་མཁན་སེ་ལ་ཀོལ་གྱི་སློབ་མ་འཆི་མེད་རྡོ་རྗེ། བརྒྱ་ཆ་ ༩༠།༦ ལེན་སེ་ལ་ཀོལ་གྱི་སློབ་མ་བསྟན་འཛིན་ཟླ་སྒྲོན་བཅས་ཡིན་འདུག
ཚོང་རིག་སྡེ་ཚན་ནང་སློབ་མ་ ༣༦༢ འཛུལ་ཞུགས་གནང་ཡོད་པ་ལས། ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆའི་ ༨༠ དང་། ཆ་སྙོམས་སྤུས་ཚད་ ༥༩།༣༢ ཡིན་འདུག དེ་དག་ལས་བརྒྱ་ཆ་ ༩༠ ཡན་ལེན་མཁན་གསུམ་བྱུང་བ་དག་ནི། བརྒྱ་ཆ་ ༩༣།༢ ལེན་མཁན་སྦེལ་ཀོབ་བོད་ཁྱིམ་གྱི་ཚེ་རིང་སྒྲོལ་མ། བརྒྱ་ཆ་ ༩༣ ལེན་མཁན་སྦེལ་ཀོབ་བོད་ཁྱིམ་གྱི་ལྷ་མོ་ཆོས་སྒྲོན། བརྒྱ་ཆ་ ༩༡།༨ རྟ་མགྲིན་སྒྲོལ་མ་བཅས་ཡིན་འདུག
སྒྱུ་རྩལ་སྡེ་ཚན་ནང་སློབ་མ་ ༦༧༩ འཛུལ་ཞུགས་གནང་བ་ལས། ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆའི་ ༨༨ དང་། ཆ་སྙོམས་སྤུས་ཚད་བརྒྱ་ཆ་ ༦༥།༢༤ ཡིན་འདུག བརྒྱ་ཆ་ ༩༠ ཡན་ལེན་མཁན་གསུམ་བྱུང་བ་དག་ནི། བརྒྱ་ ༩༣ ལེན་མཁན་མ་སུ་རི་བོད་ཁྱིམ་གྱི་སྐལ་བཟང་སྒྲོལ་མ་དང་། བརྒྱ་ཆའི་ ༩༠།༦ ལེན་མཁན་མ་སུ་རི་བོད་ཁྱིམ་གྱི་ལྷ་ལུང་། བརྒྱ་ཆའི་ ༩༠།༤ ལེན་མཁན་སྦེལ་ཀོབ་བོད་སློབ་འཛིན་ཚོགས་ཀྱི་སློབ་མ་བསྟན་འཛིན་ཚེ་དབྱངས་བཅས་ཡིན་འདུག
ལས་རིགས་སྡེ་ཚན་ནང་སློབ་མ་ ༡༠༡ འཛུལ་ཞུགས་གནང་བ་ལས། ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༡ དང་། ཆ་སྙོམས་སྤུས་ཚད་ ༥༩།༤༢ ཡིན་འདུག སྡེ་ཚན་དེར་བརྒྱ་ཆ་དགུ་བཅུ་ཡན་ལོན་མཁན་སློབ་མ་གཅིག་ཀྱང་བྱུང་མེད་པ་རེད།
གསར་འགོད་པས་བོད་མི་སྒྲིག་འཛུཊ་ཤེས་རིག་ལས་ཁུངས་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་ཚེ་རིང་ཕུན་ཚོགས་ལགས་སུ། འདི་ལོའི་ཡིག་རྒྱུགས་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ སྔར་ལོའི་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༠ ཡན་བླངས་ཏེ་དགའ་ལྡན་ཕོ་བྲང་བྱ་དགའ་རག་མཁན་ ༥ ལས་བྱུང་མེད་ཀྱང་། འདི་ལོ་ཚན་རིག་དང་སྒྱུ་རྩལ། ཚོང་ལས་བཅས་སྡེ་ཚན་ཁག་གསུམ་ནང་དགའ་ལྡན་ཕོ་བྲང་སློབ་ཡོན་རག་མཁན་སློབ་མ་ ༩ བྱུང་འདུག ༢༠༡༣ ལོར་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་སྤར་ཆ་གནང་བ་དང་། ཡིག་རྒྱུགས་གྲུ་འབྲས་བརྒྱ་ཆ་ ༧༥ ཡན་ལོན་མཁན་ལ་དམིགས་བསལ་སློབ་ཡོན་འབུལ་རྒྱུའི་གསལ་བསྒྲགས་གནང་བར་བརྟེན་ཏེ། ༢༠༡༡ ལོར་སློབ་མ་ ༢༡༨ དང་། ༢༠༡༢ ལོར་སློབ་མ་ ༡༩༩། ༢༠༡༣ ལོར་སློབ་མ་ ༢༨༣། ༢༠༡༤ ལོར་སློབ་མ་ ༣༢༡ བཅས་གྲངས་འབོར་མང་དུ་ཕྱིན་སོང་། འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཆ་ནས་སྔར་ལོ་དང་འདྲ་བོ་རེད། རྒྱུགས་ཡོངས་སུ་འཕྲོད་མཁན་དང་བརྒྱ་ཆའི་བརྒྱ་ལེན་མཁན་གྱི་སློབ་གྲྭ དགའ་ལྡན་ཕོ་བྲང་གི་སློབ་ཡོན་བྱ་དགའ་ཐོབ་མཁན། བརྒྱ་ཆ་ ༧༥ ཡན་ལོན་མཁན་བཅས་སྤྱི་ཡོངས་ཀྱི་ཆ་ནས་གྲངས་ཚད་གཅིག་པུ་མིན་པར་སྤུས་ཚད་ཡག་ཏུ་ཕྱིན་འདུག ” ཅེས་བརྗོད་བྱུང་།
ཁོང་ལ་འདི་ལོར་སྲིད་སྐྱོང་སློབ་ཡོན་རག་མཁན་གྱི་སློབ་མ་བྱུང་ཡོད་མེད་དྲིས་པར། སྔར་ལོ་མ་སུ་རི་བོད་ཁྱིམ་ནས་སློབ་མ་གཅིག་བྱུང་ཡོད་པ་རེད། ད་ལོའི་ཡིག་རྒྱུགས་གྲུབ་འབྲས་ནང་བརྒྱ་ཆ་ ༩༥ ལོན་མཁན་བྱུང་མི་འདུག ད་ལྟ་མོན་གྷོའི་སློབ་མ་ཞིག་གིས་བརྒྱ་ཆ་ ༩༤།༦ བླངས་འདུག ཡིན་ནའང་ཁོ་ཡུལ་མིའི་སློབ་ཕྲུག་རེད་འདུག་ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
ཤར་ཁུག་རང་ནོར་ཤག ཁྱོད་ཀྱིས་སྐུ་སྒེར་ཡིག་ཚང་ལ་དགེ་ཆོས་ཀྱི་སྤྲུལ་སྐུ་ཡིན་ཞེས་སྙན་ཞུ་ཕུལ་སྐབས། ངས་ཁྱོད་ངོ་ཤེས་ཀྱི་ཡོད།
གཅིག
ཤར་ཕྱོགས་ཁུག་རྟ་འདིར་ཚངས་ནས་འཛིན་རིམ་བཅིུས་དང་འབྲེལ་བའི་གནས་ཚུལ་ལ་སྣང་མེད་བཏང་བར་དང་ཐོག་ཉོབས་ཀྱང་གནས་ཚུལ་དོན་ཡོད་ཅིག་ཡིན་འདུག
གཉིས།
ཤར་ཁུག་གི་དར་དམར་འཁྱེར་ནས་ལས་འགུལ་སྤེལ་བར་མི་མང་མང་པོ་ཞིག་གིས་དེ་ལ་མི་དགའ་བ་ཆེན་པོ་བྱས་པ་དང་། ཕལ་ཆེར་ཡོང་རྒྱུའི་མདོ་སྨད་སྤྱི་འཐུར་སླེབས་མ་ཐུབ་པའི་གནད་ཀྱང་དེ་ལ་ཐུག་ཡོད་སྐོར་རྒྱབ་བཤད་རྒྱག་གིན་རེད།
དོན་དུ་ཤར་ཕྱོགས་ཁུག་རྟས་དབུས་མའི་ལམ་གྱི་ཁུག་སྦུག་ངོ་མ་དེ་མི་མང་ལ་ངོ་སྤྲོད་བྱས་པར་འདོད།
དབུས་མའི་ལམ་གྱི་ཁས་ལེན་ངོ་མ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་གནས་རྒྱུ་དེ་ཡིན་པས་དར་དམར་འོག་མ་འགྲོ་ཀ་མེད་རེད། འགྲོ་དགོས་ཀྱང་གནད་ཅིག་མེད་པ་རེད། རྒྱུ་མཚན་ནི་ང་ཚོ་རང་གི་ངོ་བོ་སྲུང་ནས་མི་རབས་ཚ་རབས་ནས་སྤང་མགོ་མི་ཆགས་རྒྱུ་དེ་ཡིན་པ་རེད་པཱ།
གནད་འགག་འདི་དབུས་མའི་ལམ་གྱི་གནད་ཡོད་མི་སྣ་དག་གིས་ཀྱང་ད་ལྟ་བར་མི་མང་གི་སེམས་ཁམས་དང་དབུས་མའི་གོ་རྟོགས་ལ་བལྟས་ནས་ཁོར་ཡུག་མ་སྨིན་པ་ལྟ་་བུར་གཟིགས་ནས་འགྲེལ་བཤད་བརྒྱབ་མ་ཐུབ་པར་ལྷགས་ནས་ཡོད་པ་དེ་ཤར་ཁུག་གིས་འགྲེལ་བཤད་ངོ་སྤྲོད་བྱས་པ་དེ་དོན་དམ་དུ་འགྲིགས་པ་ཞིག་རེད་ཀྱི་ཡོད།
ཤར་ཁུག་འདིར་ག་རེ་བྱུང་བ་རེད། དར་དམར་འཁུར་བ་དང་ནང་རྙོག་སློང་བ་ནི་མི་འདིའི་རིགས་ཀྱི་ཆེད་ལས་ཡིན་ས་རེད། སྙིང་རྗེ། ད་དུང་གོང་ས་མཆོག་སྲུང་གི་ཡོད་པའི་གཏམ་རེད། ལྐུགས་པ་ཚོས་ཀྱང་ཧ་གོ་གི་རེད་ད།
གནས་ཚང་གནམ་ལོ་ཡག ད་ཁྱོད་སུན་གི ད་མང་སོང། ངོ་ནས་ཉོབ་གི བུ་ཧྲ་ན་ངོ་སྟོན་མི་ཐུབ་པ་ཅི་རེད། ཁྱོད་མི་ཤེས་མཁན་སུ་ཡོད་ན། ཧཧཧ ང་གད་མོ་རྐུབ་ནས་ཤོར་གི
་་་་་་་་ གལ་སྲིད་སྐུ་ངོ་དོན་གཅོད་དང་དོན་གཅོད་འདྲ་བ་དག་གིས་བོད་མི་རིགས་ཀྱི་ཕ་ཡིག་ཀློག་རྒྱུར་དཀའ་ངལ་བྱུང་བ་ཡིན་༼ཡོད་༽ན། འབྲེལ་ཡོད་དོན་གཅོད་ལས་བྱེད་ལྷན་རྒྱས་ནས་གསལ་བོ་དག་པོ་ཞིག་གསེར་སྙན་སྒྲོན་འབུལ་ཡོང་བ་ཞུ། ་་་་་་་
ཨ་རིའི་དོན་གཅོད་འདི་ཞེད་སྣང་ཚ་བོ་རེད།
ཤར་ཕྱོགས་ཁུག་རྟ།
གནས་ཚུལ་འདི་རིགས་རང་ཤི་རྒྱག་ཏུ་བཅུགས་ན་བོད་ཀྱི་རྩ་དོན་ལའང་ཕན་ལས་གནོད་ཆེ། ད་བར་གནས་ཚུལ་འདི་རིགས་ནང་ཁུལ་ནས་མེད་པ་བཟོས་ཏེ། བོད་རྒྱ་ཆེའི་མི་མང་གི་སྤྱན་སྔར་གཙང་མདོག་མདོག ཡིན་མདོག་མདོག་བྱེད་ཀྱི་ཡོད། རྒྱ་གར་དང་ཨ་རིའི་གཞུང་གཉིས་ཀྱིས་མཚོན། དབུས་བོད་མིའི་སྒྲིག་འཛུགས་དང་མི་མང། གཞན་ཡང་གྲངས་ཀྱིས་མི་ཟིན་པའི་འཛམ་གླིང་མི་མང་དུང་ཕྱུར་མང་པོས། གདོན་འདྲེ་དོལ་རྒྱལ་རྗེས་འབྲངས་པ་ཚོས་༧གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཆར་ཡོད་པར་གཟབ་གཟབ་བྱེད་བཞིན་པའི་སྐབས་འདིར། ཁ་སྔོན་བཀའ་ཤག་གི་ཐག་གཅོད་ལྟར། དོལ་རྒྱལ་རྗེས་འབྲངས་པ་བྱེད་གཏེ་ཁག་ཅིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱར་ཕྱི་དྲིལ་ལས་ཁུངས་གསར་འགྱུར་ཚན་པས་ཨིན་བོད་གཉིས་སུ་ཡོངས་བསྒྲགས་གནང་བ་རེད།
ཡིན་ནའང། ཨ་རིའི་དོན་གཅོད་གསར་པས་ཐད་ཀར་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ལ་ཁ་པར་བཏང་སྟེ། ག་རེ་བྱས་ནས་ཨིན་ཡིག་དྲྭ་བའི་སྟེང་གནས་ཚུལ་དེ་འདྲ་བཀོད་པ་ཡིན་ནམ། ཁྱེད་ཚོས་འགན་ཁུར་ཐུབ་ཀྱི་ཡོད་དམ། ད་ལྟ་རང་གནས་ཚུལ་དེ་བསུབ་དགོས་ཞེས་བཀའ་བཀྱོན་དྲག་པོ་གནང་མཐར། གསར་འགྱུར་ཚན་པའི་འབྲེལ་ཡོད་ལས་བྱེད་ཚོ་གནས་རིམ་དམའ་བ་དང། ཆེན་པོ་རྣམས་ལ་འབྲེལ་འདྲིས་མེད་སྟབས་ཅི་བྱེད་འདི་བྱེད་མེད་པར་དེ་མ་ཐག་ཨིན་ཡིག་ཐོག་གི་གནས་ཚུལ་དེ་བསུབ་འདུག ཡིན་ནའང། དཔལ་ལྡན་བཀའ་ཤག་ནང་གི་༧གོང་ས་མཆོག་ལ་ཡིད་ཆེས་རྩེ་གཅིག་ཏུ་ཡོད་པའི་བཀའ་བློན་བྱེ་བྲག་པ་རེ་ཟུང་གིས་བཀའ་ཤག་གི་ཐག་གཅོད་ཟིན་པ་དེ། ཨ་རིའི་དོན་གཅོད་ཀྱིས་རྩིས་མེད་བཏང་བ་ཚུལ་མཐུན་མིན་པ་ངོས་འཛིན་དང་འབྲེལ། བསུབ་ཟིན་པའི་གནས་ཚུལ་དེ་བསྐྱར་དུ་དྲྭ་ངོས་སུ་བཀོད་འདུག
གནས་ཚུལ་འདི་ནི་རྒྱ་ཆེ་ཆུང་གང་ས་ནས་བསམ་བློ་ཞིབ་ཚགས་ཤིག་བཏང་ན་ཧ་ཅང་ཞེད་སྣང་བྱེད་དགོས་པ་ཞིག་ཡིན་པ་བློ་ལྡན་ཀུན་གྱིས་མཁྱེན་གསལ་རེད། དབུས་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་གྱིས་དབང་བསྒྱུར་ཡིན་པ་ལས། གང་ཟག་གིས་དབང་བསྒྱུར་མིན་པ་གསལ་བོ་ཡིན་ནའང། ཨ་རིའི་དོན་གཅོད་མཆོག་ལ་བཀའ་ཤག་གི་ཐག་གཅོད་ཐད་ཀར་ནག་བསུབ་བཏང་ཆོག་པའི་དབང་ཚད་དང་ཐུགས་སྤོབས་སུས་གནང་བ་རེད་དམ། འཛིན་སྐྱོང་གི་འགྲོ་སྟངས་བྱས་ནའང་ཐད་ཀར་ལས་བྱེད་ལ་དེ་ལྟར་ཁ་པར་བཏང་སྟེ་བཀའ་བཀྱོན་གནང་ཆོག་པའི་ལམ་སྲོལ་ཞིག་གང་ན་ཡོད། འདིའི་ཅི་ཞིག་མཚོན་གྱི་རེད་དམ།
གཉིས་ནས། དོལ་རྒྱལ་གྱི་གནས་ཚུལ་འདི་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་ཕན་གནོད་ཀྱི་འབྲེལ་བ་གང་ཡང་ཡོད་པ་མ་རེད། ༧གོང་ས་མཆོག་གི་སྤྱན་མདུན་ནས་དོལ་རྒྱལ་ཐད་རྣམ་འགྱུར་གཅིག་དང། ཕྱོགས་གཞན་ཞིག་ནས་རྣམ་འགྱུར་གཅིག་འཛིན་གྱི་ཡོད་པ་འདི་ཧ་ལས་པའི་ཞེད་སྣང་ཚ་པོ་རེད། གནང་སྟངས་འདིས་བོད་ཀྱི་རྩ་དོན་ལ་གནོད་ཚབས་ཆེན་པོ་ཐེབས་རྒྱུ་ཡིན་པ་ཚང་མས་ཤེས་གསལ་རེད། ཡང་ན་སྐུ་ངོ་དོན་གཅོད་མཆོག་གིས་དོལ་རྒྱལ་སྐོར་འགན་འཁུར་འདོད་མེད་ན་བཀའ་ཤག་ལྷན་རྒྱས་ལ་གསལ་བོ་ཞུ་དགོས་པ་རེད། ང་ལ་མཚམས་འདིར་སྐད་ཆ་གསལ་བོ་ཞིག་བཤད་རྒྱུ་ཡོད་པ་དེ། བོད་མཐོང་མ་མྱོང་ཞིང་བོད་ཀྱི་ཆོས་རིག་ལ་ཞེ་འདྲིས་ཁྱོན་ནས་མེད་མཁན་ཁག་ཅིག་གིས། ཕྱི་རྒྱལ་ལུང་པའི་ནང་མགོ་སེར་ཚོའི་མདུན་ནས། བོད་དང་བོད་ཀྱི་ཚབ་མཚོན་མདོག་དང། རང་ཉིད་བོད་ཀྱི་མགྲིན་ཚབ་པ་ཡིན་ཚུལ་བྱེད་འདོད་ཡོད་ན། ངེས་པར་དུ་གཞིས་ལུས་མི་མང་དང་༧གོང་ས་མཆོག་གི་དམ་ཚིག་དང་གནས་ལུགས། ལོ་རྒྱུས་བཅས་ཀྱི་འབྲེལ་བར་དགོངས་བཞེས་ཡག་པོ་གནང་ན་མ་གཏོགས། བོད་མི་རང་ངོས་སམ། ལྷག་པར་གཞིས་ལུས་བོད་མིའི་ཁྲོད་ནས། སྐུ་ངོ་དོན་གཅོད་འདྲ་བ་དག་གིས་གཞིས་ལུས་རྒྱ་ཆེ་མི་མང་གི་དོན་དག་བཤད་མི་དགོས། བཤད་ཤེས་ཀྱི་མི་འདུག དགོས་དོན་མི་འདུག་ཅེས་གསུངས་པ་ཡིན་ན། དེ་དུས་ལྟ་སོ་བརྟན་ས་མེད་པ་ཞིག་ཆགས་ངེས་སྟབས། ད་ལྟ་ནས་གནད་དོན་ཆེ་ས་འདི་རིགས་གཟབ་གཟབ་གནང་དགོས་པ་རེད་ཅེས་ཚིག་ཉུང་ལ་དོན་འདུས་པའི་ལམ་ནས་ཞུ་ཡི་ཡོད། གལ་སྲིད་སྐུ་ངོ་དོན་གཅོད་དང་དོན་གཅོད་འདྲ་བ་དག་གིས་བོད་མི་རིགས་ཀྱི་ཕ་ཡིག་ཀློག་རྒྱུར་དཀའ་ངལ་བྱུང་བ་ཡིན་ན། འབྲེལ་ཡོད་དོན་གཅོད་ལས་བྱེད་ལྷན་རྒྱས་ནས་གསལ་བོ་དག་པོ་ཞིག་གསེར་སྙན་སྒྲོན་འབུལ་ཡོང་བ་ཞུ།
༢༠༡༤། ༥། ༣༠། ཉིན།།
གྲུབ་འབྲས་རྒྱ་ཆ་དགུ་ཅུ་ནང་ཡོད་མཁན་སློབ་མ་ཚོ་ལ་བཀྲ་ཤིས་བདེ་ལེགས་་དང་
གོ་མཐོ་ལ་བུ་མོ་བསོད་ནམ་བཟང་པོའི་སྐྱེ་ཁམས་རིག་པ་(biology)ལ་རྒྱ་ཆ་༩༩་༥ ལེན་ཡོད་པ་འདྲ། གུས་པས་ཁོ་མོ་གཙོ་དང་ཕ་མ་དགེ་ལས་ཡོངས་ལ་དམིག་གལས་བཀྲ་ཤིས་བདེ་ལེགས་ཡོད་དོ།།
སྲིད་སྐྱོང་བྱ་དགའི་འབེན་ཚད་ཅུང་མཐོ་པོ་རེད།། སློབ་གྲྭའི་གྲུབ་འབྲས་ཡར་མར་ཏོག་ཙམ་ཡོང་བ་ནི། སྐབས་དེའི་སློབ་གྲངས་དང་སྤུས་ཀ་སོགས་ཀྱིས་འགྲོ་བ་ཆོས་ཉིད་རེད།
གཙོ་ཆེ་ཤོས་འདས་པའི་ལོ་གཉིས་གསུམ་སྔོན་ང་ཚོའི་སློབ་ཕྲུག་གི་གྲུབ་འབྲས་བརྒྱ་ཆ་བརྒྱད་བཅུའི་ནང་སླེབས་ན་ཧ་ཅང་ལེགས་པོར་བརྩིས་པ་རེད། འོན་ཀྱང་གནས་ཡུལ་རྒྱ་གར་སློབ་ཕྲུག་རྩེ་ཕུད་ཀྱི་གྲུབ་འབྲས་ལ་བསྡུར་ན་ཅུང་དམའ་བས་འགྲན་ཚད་ཀྱི་རྗེས་མི་ཟིན་པ་རེད།
འོན་ཀྱང་སྔ་ལོ་ནས་བཙན་བྱོལ་བོད་མིའི་སློབ་ཕྲུག་གི་གྲུབ་འབྲས་བརྒྱ་ཆ་གོ་བཅུའི་ནང་སླེབས་པ་འདི་ནི། ཧ་ཅང་གི་དགའ་སྤོབས་དང་སེམས་ཤུགས་སྤར་དགོས་པ་ཞིག་རེད་སྙམ།
སློབ་ཕྲུག་གྲུབ་འབྲས་ལེགས་པོ་སོན་པ་རྣམས་ལ་དམིགས་བསལ་གྱི་དགའ་སྤྲོའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།
ད་དུང་ཤུགས་བརྒྱབ་དགོས་པ་ནི། རྒྱལ་སྤྱིའི་མཐོ་སློབ་ཀྱི་སློབ་མའི་རྗེས་ཟིན་ཏེ། དབུས་བོད་མིའི་སྒྲིག་འཛུག་གིས་གོ་སྐབས་གསར་པ་བསྐྲུན་པའི་ཞབས་སྟེགས་གསར་པ་དེ་དག་བླངས་ཐུབ་པའི་ཆ་རྐྱེན་རང་ཉིད་ནས་བསྒྲུབས་དགོས་པ་དེ་ཡིན་པས། འབྲི་འཛིན་གཅིག་པུ་མིན་པར་ཤེས་ཡོན་གྱི་སྒོ་རྒྱ་ཅུང་ཆེ་སར་བསྐྱེད་ནས་ཧུར་བརྩོན་གནང་རོགས་ཟེར་འདོད།
ཁྱེད་ཚོའི་གྲུབ་འབྲས་ནི་བོད་མིའི་གྲུབ་འབྲས་དང་ལ་རྒྱ་དང་རེ་བ་བཅས་ཡིན་པས་མདུན་ནས་མདུན་དུ་སྐྱོད་དང་རྒྱལ་ཁ་ང་ཚོར་རེད།
ད་ལོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྫིག་པོ་བཤད་རྒྱུ་རེག་མི་འདུག་ག སྲིད་སྐྱོང་སློབ་ཡོན་འཐོབ་མཁན་བྱུང་མེད་པ་དང་། ཁྱོན་ཡོངས་ཀྱི་བརྒྱ་ཆ་སྔ་ལོ་ལས་དམའ་བོ་ཆགས་འདུག