མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞྭ་དམར་རིན་པོ་ཆེ་མཆོག་སྐུ་གཤེཊ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་འབྱོར་གསལ་ལྟར་ན། ཁ་སང་ཚེས་ ༡༡ ཉིན་གྱི་སྔ་དྲོའི་འཇར་མན་གྱི་ཆུ་ཚོད་ ༡༡ ཙམ་ལ། རྒྱལ་བ་ཀརྨ་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་གློ་བུར་དུ་མགུལ་སྙིང་གི་ཁྲག་རྩ་འགག་པའི་སྙུང་གཞིའི་འོག་དགོངས་པ་རྫོགས་ཡོད་པ་དང་། ཁོང་ད་ལྟ་དགུང་ལོ་ ༦༢ བཞེས་ཡོད་འདུག

ཁོང་དགོངས་པ་རྫོགས་པའི་ཐད་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མྱ་ངན་གྱི་ཞུ་ཚིག་ཕུལ་དོན། ང་ཚོས་ཞྭ་དམར་པ་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་ གནས་ཚུལ་ཐོན་པར་ཧ་ཅང་བློ་ཕམ་བྱུང་། དམ་པ་ཁོང་ལ་ང་ཚོས་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༢ ལོར་ཁམས་སྡེ་དགེར་སྐུ་འཁྲུངས་ཤིང་། བཙན་བྱོལ་དུ་ཀརྨ་པ་བཅུ་དྲུག་པ་མཆོག་གིས་ཞྭ་དམར་སྐུ་ཕྲེང་བཅུ་བཞི་བར་ངོས་འཛིན་མཛད་དེ་ཀརྨ་པ་བཅུ་དྲུག་པ་མཆོག་ ༡༩༨༡ ལོར་ཞིང་དུ་མ་གཤེགས་བར། ཁོང་ད་ལྷན་དུ་བཞུགས་ཏེ་བཀའ་བརྒྱུད་པའི་ཆོས་བཀར་གསན་བཞེས་ཟབ་མོ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུ་འཁྲིད་པའི་ཞུ་གཏུག་ཚོགས་ཆུང་གིས་རྒྱ་གར་གྱི་དབུས་བློན་ཆེན་ཀེ་རིན་རི་ཇི་ཇུ་(Shri. Kiren Rijiju)མཆོག་དང་མཇལ་བ།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

ཆུ་ཚོད་ ༡༩ སྔོན་ལ།
བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
གསར་འགྱུར།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༡༢/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

༢༠༢༥/༡༢/༡༦
འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༥/༡༢/༡༥
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

༢༠༢༥/༡༢/༡༥

མཆན། 9

  1. འཇམ་གཅེས ། says:
    ལོ་ 11 སྔོན།

    ཀུན་གཟིགས་ཞྭ་དམར་པ་ངོ་མ་འདི་ལྟར་ཡིན།

    གཡོ་སྒྱུའི་གཞན་མགོ་བསྐོར་བའི་ལོ་རྒྱུས་མེད། །

    དགྲ་ལ་མགོ་འབུལ་བྱས་པའི་ལོ་རྒྱུས་མེད། །

    ལོ་རྒྱུས་རྫུན་སྒྲིག་བྱས་པའི་ལོ་རྒྱུས་མེད། །

    ཆོས་ལུགས་ཕྱོགས་རིས་བྱས་པའི་ལོ་རྒྱུས་མེད། །

    དགོས་དུས་སྨྲ་ལྕེ་དིབ་པའི་ལོ་རྒྱུས་མེད། །

    མི་དགོས་ངོས་དགའ་བཤད་རབ་ལོ་རྒྱུས་མེད། །

    འདུལ་ཁྲིམས་ནོར་དང་བརྗེས་རབ་ལོ་རྒྱུས་མེད། །

    ཁྲེལ་མེད་གཡོ་སྒྱུར་བྱས་ཚུལ་ལོ་རྒྱུས་མེད། །

    ཆོས་འབག་གྱོན་ནས་ཆབ་སྲིད་འཁྲབ་མྱོང་མེད། །

    ཆབ་སྲིད་འཁྲབ་ནས་ཆོས་ཚོང་རྒྱག་མྱོང་མེད། །

    ཆོས་མིན་ཆོས་དང་བསྲེས་བའི་ནག་ཉེས་མེད། །

    ཆོས་དང་ཆབ་སྲིད་མཉམ་བསྲེ་གོམས་གཤིས་མེད། །

    སྒེར་ལ་དབང་བའི་བླ་བྲང་ཁྱེད་ལ་མེད། །

    བླ་ཆེན་ཡིན་པས་ཁེང་རློམས་ཁྱེད་ལ་མེད། །

    གཉེན་ཉེའི་ཕྱོགས་སུ་ཞེན་པ་ཁྱེད་ལ་མེད། །

    དགྲ་བོ་རེད་ཅེས་འཁོན་འཛིན་ཁྱེད་ལ་མེད། །

    མི་བུ་ཞིག་གི་ཚུགས་ཀ་ཤོར་མྱོང་མེད། །

    སྣོད་ལྡན་སྐྱེས་བུར་ཆོས་སྐལ་བཅད་མྱོང་མེད། །

    སྣོད་མིན་ཅན་ལ་གསང་སྒྲོགས་གནང་མྱོང་མེད། །

    དགེ་སློང་ཞིག་གི་ཚུལ་འཆོས་འཁྲབ་མྱོང་མེད། །

    འདི་དག་ཁྱེད་ལ་མེད་པའི་ལོ་རྒྱུས་ཡིན། །

    མདོར་ན་གཞན་གྱིས་ལེགས་ཉེས་གང་བྱས་ཀྱང་། །

    འགྱུར་མེད་རང་གཤིས་རྡོ་རྗེ་བྲག་རྫོང་ནི། །

    དམ་པ་ཁྱེད་ཀྱི་རང་གཤིས་ངོ་མ་ཡིན། །

    ཁྱེད་ལ་ཡོད་པ་དྲང་བདེན་སྤོབས་པ་དང་། །

    རིན་ཆེན་འཕགས་ནོར་བདུན་དང་གཞན་དོན་ཕྱིར། །

    ནམ་ཡང་དཀའ་བ་དྭང་དུ་ལེན་ནུས་པའི། །

    ཞིམ་མེད་སྙིང་སྟོབས་བཙན་པོའི་གོ་ཆ་རེད། །

    མགོན་ཁྱེད་རེ་ཞིག་གཟུགས་སྐུ་བསྡུས་ན་ཡང་། །

    བསླུར་མེད་རིན་ཆེན་གསུམ་པོའི་བྱིན་མཐུ་དང་། །

    སྐལ་ལྡན་གདུལ་བྱ་གོ་འཕོང་འགོད་ཕྱིར་དུ། །

    ཡང་སྤྲུལ་རྟ་བདུན་དབང་པོ་མྱུར་འཆར་ཤོག །

    Reply
  2. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ངས་ཧོབ་རྒྱུག་བྱས་པ་དགོང་དག་ཞུ་ཞུ་

    Reply
  3. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ༈ཞྭ་དམར་རིན་པོ་ཆེའི་ཁྲུངས་ལོ་དེ་ནོར་མེད་དམ་།བཞི་བཅུ་ཞེ་གཉིས་དང་ལྔ་བཅུ་ང་གཉིས་ནོར་ཡོད་པ་འདྲ་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཞྭ་དམར་རིན་པོ་ཆེ་མཆོག སྐུ་མྱ་ངན་འདས་པར། མྱ་ངན་གུས་འདུད་ཞུ།

    Reply
  5. ལྷག་དཀར། says:
    ལོ་ 11 སྔོན།

    དམ་པ་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཁོང་ལ་དད་གུས་བྱེད་མཁན་མེད། དེང་སྐབས་དགོངས་པ་གཞན་དོན་དུ་གཤེགས་ཚར་རྒྱབ་དད་པ་དམ་ཚིག་ཡོད་མདོག་མདོག་བཤད་མཁན་མང་པོ་འདུག ཡིན་ནའང་ད་ནི་ཕྱི་དྲགས་སོང་བ་རེད།

    Reply
  6. བློ་བཟང་ཡོན་ཏན། says:
    ལོ་ 11 སྔོན།

    སྤྱི་ལོ་ ༡༩༩༢ ཟླ་བ་ ༣ ཚེས་ ༩ ཉིན་ངོས་རང་དང་། འཇམ་དགོན་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་བཅས་ལྷན་འཛོམས་ཐོག སི་ཏུ་རིན་པོ་ཆེ་ནས་༧རྒྱལ་བ་ཀརྨ་པ་ཆེན་པོའི་ཕྱག་བྲིས་ཞལ་ཆེམས་སྲུང་འཁོར་ནང་བཞུགས་པ་སྐབས་འདིར་གནང་བྱུང་བར་ཁོ་བོ་ཐེ་ཚོམ་ཕྲན་བུ་བྱུང་ཡང་ད་ཆར་སི་ཏུ་རིན་པོ་ཆེ་ལ་ཡིད་ཆེས་དང་། ནང་དོན་བཞིན་ཡང་སྲིད་ངེས་རྙེད་ཟིན་པ་ལ་༧གོང་ས་སྐྱབས་མགོན་ཆེན་པོས་རྒྱལ་བ་ཀརྨ་པ་ཆེན་པོས་ཡང་སྲིད་དུ་ཐག་ཆོད་གནང་འདུག་པར་བརྟེན་དེར་ཁོ་བོས་ཡིད་ཆེས་དང་མོས་མཐུན་ཞུས་ཡོད། དེ་བཞིན་ཞལ་ཆེམས་འདི་ཉིད་ལ་བརྟགས་དཔྱད་བྱ་རྒྱུ་དགོས་ཀྱང་ད་ནས་མཚམས་འཇོག་བྱས་ཡོད།
    ཞྭ་དམར་པས་ ༡༩༩༢ ཟླ་ ༦ ཚེས་ ༡༦ ཉིན།

    Reply
  7. རྫ་ཐིགས། says:
    ལོ་ 11 སྔོན།

    ངས་ཞཱ་དམར་པ་ཚང་གི་སྐོར་ནས་འདིའི་འོག་ཏུ་ངོ་དེབ་དང་སྐད་འཕྲིན་ཁ་བརྡ་སོགས་དྲ་ཚིགས་གཞན་དག་ནང་གི་མཆན་མང་པོ་ཞིག་འདིར་འགོད་ཆོག་པ་བགྱིས།
    (1) བོད་བརྒྱུད་ནང་བསྟན་པའི་ཁྲོད་དུ་གླེང་གཞི་ཆེ་ཤོས་གྲས་ཤིག་སྙིང་ནད་དབང་གིས་ གྲོངས་པར་མྱ་ངན་ཞུ་རྒྱུ་ཡིན། ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡུ་རོབ་གླིང་དུ་ཆོས་འབྲེལ་གནང་བཞིན་པ་ དེ་དང་འབྲེལ་བ་ཨེ་ཡོད། ཨ་ཁ་ཁ་ཁ། དེང་སང་རྟོགས་ལྡན་བླ་མར་རང་དབང་མེད་པར་འཇིག་རྟེན་འདི་ནས་དགོངས་པ་ཞུ་ཚུལ་ བསམས་ན། ས་འོག་གི་འབུ་སྲིན་ང་ཚོར་ཁག་ཅི་ཡོད།
    (2) དེང་སྐབས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་ཚང་ལ་ཡང་སྲིད་གཉིས་བྱུང་དོན་དེ། ཞཱ་དམར་པ་ཚང་གིས་ཀརྨ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་ངོས་འཛིན་ཐུགས་ཐག་བཅད་པ་རེད། དེ་ནས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གཅིག་བྱུང་བ་རེད། བཀའ་བརྒྱུད་ནང་ཁུལ་མཐུན་ལམ་ཡོང་དགོས་ན་ཀརྨ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་དང་འཕྲིན་ལས་རྡོ་རྗེ་རྣམ་གཉིས་ཀྱིས་ནང་མོལ་བྱེད་དགོས་པ་རེད། རབ་བྱུང་ན་ཐེངས་འདིར་ཞཱ་དམར་པ་ཚང་གི་གདུང་མཆོད་འབུལ་དང་བསྟུན་ཏེ་འགྲིག་འཇགས་ཡོང་ཐབས་ཀྱི་ལམ་ཁ་ཞིག་འཚོལ་གལ་ཆེན་པོ་རེད།
    (3) དམ་པ་དེ་བདེ་བ་ཅན་དུ་འཁྲུངས་པར་ཤོག ཨོ་མ་ནི་པད་མེ་ཧུམ། ང་རང་གི་བླ་མའི་ནང་ནས་མི་དྲང་ཤོས་དེ་ཞྭ་དམར། རྟོགས་པ་མཐོ་ཤོས་དེ་རྒྱལ་བ་རིན་པོ་ཆེ། རེ་བ་ཆེ་ཤོས་དེ་ཀརྨ་པ་ཨུ་རྒྱན་འཕྲིན་ལས། སྙོམས་ཆུང་ཤོས་དང་སློབ་མར་རྩི་ཤོས་དེ་ཀརྨ་པ་མཐའ་ཡས་རྡོ་རྗེ། ཡོན་ཏན་ལེགས་ཤོས་དེ་དགའ་ལྡན་ཁྲི་པ། དབང་ལུང་མན་ངག་མང་ཤོས་དེ་ས་སྐྱ་ཁྲི་འཛིན། སློབ་མ་མང་ཤོས་དེ་མཁན་པོ་ཚུལ་ཁྲིམས།
    (4) ཞྭ་ དམར་པ་དང་རང་གཞུང་གཉིས་ཀའི་བར་ན་ཡོད་པའི་དོན་རྐྱེན་དེ་ཚང་མས་ཤེས་གསལ་རེད། ལྷག་པར་གཞུང་ཕྱོགས་ནས་གསོན་དུས་རྣམ་འགྱུར་མ་འདྲ་བ་ཞིག་བསྟན་ནས་ཤི་ཚར་དུས་ མྱ་ངན་འོ་དོད་འདྲ་བསྟན་པ་འདི་དོན་ངོ་མ་རང་གཞུང་ནི་ཁ་སེམས་མི་གཅིག་པའི་ཆབ་ སྲིད་ཀྱི་གར་མཁན་ཞིག་ཡིན་པའི་ངོ་གདོང་དེ་གསལ་བོ་མངོན་པ་ལས་བརྟན་པོ་འགྱུར་ མེད་ཀྱི་ལང་ཕྱོགས་ཤིག་མེད་པ་གསལ་བོ་རེད། དེར་བརྟེན་རྒྱ་གཞུང་ལ་ཕར་ཡིད་ཆེས་དང་བློ་གཏད་བྲལ་བར་རློམ་པའི་བསམ་ཕྱོགས་དེ་ ལའང་བསམ་བློ་མི་གཏོང་རང་གཏོང་རེད། གཞུང་ཞིག་ཡིན་ན་གཞུང་གི་ལང་ཕྱོགས་དེ་མངོན་ལྐོག་མེད་པ་དང་གང་ལའང་ཡོ་ཆོག་ཆོག་ གྱང་ཁའི་རྩྭ་ལྟ་བུ་ཞིག་མ་ཡིན་པར་བརྟན་པོ་དང་ཡིད་རྟོན་འཕེར་བའི་གཏན་ཚིགས་ དགོས་པ་མ་ཟད་ང་ཚོ་བྱེས་འབྱོར་ཚང་གི་སྒྲིག་འཛུགས་ནི་ཕྱི་གསལ་ནང་གསལ་ཡིན་པའི་ ལང་ཕྱོགས་བཟང་ཞིང་བརྟན་པོའི་སྒྲིག་འཛུགས་ཤིག་ཡིན་སྟབས་མ་མཐའ་ཡང་རང་གི་ལང་ ཕྱོགས་དེ་ཤི་ཡང་འདོར་མི་ཉན་པ་ནི་བཤད་ག་ལ་དགོས། དེར་བརྟེན་སྐབས་བབས་ཀྱི་མྱ་ངན་འོ་དོད་འདོན་པའི་གུས་འདུད་ཀྱི་རྣམ་པ་སྟོན་པ་ འདི་ནི་རང་རེའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་དང་འགལ་ཡོད་པ་མ་ཟད་ཡིད་རྟོན་འཕེར་ བའི་ལང་ཕྱོགས་བརྟན་པོ་ཞིག་མེད་ཅེས་མི་གཞན་ལ་གསལ་སྟོན་གནང་བའི་གཡོ་འཕྲུལ་ རྫོབ་པོ་ཞིག་རེད། ཡིན་ ན་ཡང་མི་དམངས་དང་གཞུང་གཉིས་ཀྱི་ལང་ཕྱོགས་འཛིན་སྟངས་དང་མཐོང་ཕྱོགས་མངོན་པའི་ དགོས་པ་དང་ནུས་པ་མི་འདྲ་བ་ཡིན་པས་མི་དམངས་དུ་དང་སུ་ཡིན་ནའང་མྱ་ངན་གུས་འདུད་ ཞུ་ན་མ་འགྲིག་པ་ཅི་ཡང་མེད། ལྷག་པར་བླ་མའི་མཚན་གནས་འཛིན་ཞིང་ཤ་ཁྲག་བོད་རིགས་གཙང་མ་གཙང་རྐྱང་ཞིག་ཡིན་ པའི་འབྲེལ་བ་དེའི་ཆ་ནས་ཀྱང་མྱ་ངན་གུས་འདུད་ཞུ་དགོས་ངེས་རེད་ལ། གལ་ཏེ་ཞུ་བ་ཡིན་ནའང་ལྟ་ཕྱོགས་དང་མཐོང་ཕྱོགས་ངན་པའི་བག་ཆགས་ཅི་ཡང་མངོན་མི་ སྲིད་མོད། ཡིན་ན་ཡང་ང་ཚོས་མྱ་ངན་གུས་འདུད་ཞུ་དུས་ཞུ་ཡུལ་གྱི་གང་ཟག་དེ་ལ་རྒྱུས་ལོན་ཟབ་ མོ་རེ་གནང་སྟེ་ངན་པ་ཡིན་ན་ངན་པ་དང་། བཟང་པོ་ཡིན་ན་བཟང་ངོ་སྟོན་པའི་རྣམ་འགྱུར་གྱི་ས་མཚམས་ཤིག་ངེས་པར་དུ་དགོས་བར་ འདོད་དོ།།
    (5) ནང་མ་ཕྱི་བྱས་ཏེ་གོར་ཁའི་དམག་དཔུང་བོད་དུ་ཁྲིད་ཡོང་བའི་རྐྱེན་གྱིས་ཞྭ་དམར་ པའི་ཡང་སྲིད་ངོས་འཛིན་མི་ཆོག་པར་བཟོས་པ་ཡོངས་གྲགས་ཡིན་ཀྱང་། འདི་ལ་༸རྒྱལ་བ་རིན་པོ་ཆེས་ཀྱང་ཞྭ་དམར་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཚུལ་ བཀོད་འདུག་པ་བདེན་པ་ཨེ་ཡིན་སྙམ། རྒྱུས་ཡོད་ཚོས་གསལ་བཤད་ཅིག་གནང་རོགས་ཞུ། གང་ལྟར་ཡང་ཞྭ་དམར་པའི་སྐུ་སྐྱེར་གཏོགས་པ་འདིས་ཀྱང་རྙོག་དྲ་བཟོས་ཡོད་པས། ཚེ་འདས་འདིའི་ཆེད་དུ་མ་ཎི་ཙམ་ཡང་འདོན་འདོད་མ་བྱུང་།
    (6) ཟ་ཁང་ཞིག་ཏུ་བཀའ་བརྒྱུད་ཚང་གི་གྲྭ་པ་གྲོགས་པོ་ཞིག་དང་ཐུག་པར་ཁོང་གིས། ཞྭ་དམར་ཁ་སང་དགོངས་པ་རྫོགས་འདུག་ཟེར། སྔར་ཡིན་ན་རྒྱལ་བ་ཞྭ་དམར་ནག་གཉིས་ཞེས་པ་བོད་གངས་ཅན་ཀྱི་ལྗོངས་སུ་ཉི་ཟླ་ལྟར་ གྲགས་པ་ཞིག་རེད། ཕྱིས་སུ་ཞྭ་དམར་དང་སི་ཏུ་གཉིས་ཀྱིས་གོ་ཐོབ་ལ་འགྲན་རྩོད་བྱས་ཏེ་ཀམ་ཚང་ནང་དུ་ འཁྲུག་པ་ཤོར་ཏེ་ཚོགས་པ་མང་དུ་བཟོས། ཀརྨ་པ་ཡང་གཉིས་སུ་ཆགས་ཏེ་མི་འབོར་མང་པོའི་མགོ་བོ་རྨོངས་སུ་བཅུག ཞྭ་དམར་དགོངས་པ་རྫོགས་ཏེ། སི་ཏུ་པའི་རེ་བ་བཞིན་དང་། ཁེ་ཕན་གཅིག་ཁོ་ན་ཐོབ་པ་ནི། ཞྭ་དམར་གྱི་གོ་ཐོབ་ཁོང་ལ་རགས་རྒྱུ་དེ་རེད། རྒྱལ་ཚབས་པ་ནི་ཁོང་གི་འོག་ཏུ་མར་འཐེན་ནས་ལོ་མང་པོ་སོང་ཟིན། ད་ནི་ཁོང་གི་གོང་ལ་བླ་མ་མེད་པས་ཞྭ་དམར་གྱི་གོ་མིང་དེ་ཁོང་ལ་ཐོབ་རྒྱུ་ཉག་ གཅིག་རེད་ཟེར། ད་དུང་གཞི་ནས་རྙོག་གཞི་ཡོང་རྒྱུ་ནི། ཡང་སྲིད་ངོས་འཛིན་སྐོར་རེད་ཟེར་ཏེ་སེམས་ཕམ་པའི་སྐད་ཆ་མང་པོ་ཞིག་བཤད་ཀྱིན་ འདུག ཀམ་ཚང་བཀའ་བརྒྱུད་ནི་ད་དུང་རྙོག་གཞི་མང་པོ་ཡོད་ཚོད་འདུག
    (7) ཞྭ་དམར་པ་གཉིས་ཀྱིས་མི་ཚད། རྡ་ས་ལ་གཅིག། ལྡི་ལི་ལ་གཅིག། བལ་ཡུལ་ལ་གཅིག་བཅས་གསུམ་ཡོད།
    (8) ཞྭ་དམར་རིན་པོ་ཆེ་ཞིང་ལ་ཕེབས་པ་དེར་བློ་ཕམ་ཆེན་པོ་བྱུང་། ངའི་རེ་བར་དམ་པ་དེ་བཞུགས་དུས་ཀརྨ་པའི་ཡང་སྲིད་སྐོར་ལ་ནང་གྲོས་ཅིག་བྱུང་ན་ བསམ་བྱུང་། དེར་བརྟེན། ཉིན་ལྟར། བསྟན་པའི་དཔལ་འགྱུར་བླ་མའི་སྐུ་ཚེ་བརྟན། བསྟན་འཛིན་སྐྱེ་བུས་ས་སྟེང་ཡོང་ལ་ཁྱབས་ཅེས་ཁ་འདོན་བྱེད་དུས་ཞྭ་དམར་རིན་པོ་ ཆེ་ཡིད་ལ་བསམ་པ་ཉུང་ཉུང་མིན། ད་འགྲིགས་མ་སོང་། ཞྭ་དམར་རིན་པོ་ཆེ་གཉིས་ཡོང་རྒྱུ་གཏན་འཁེལ་རེད། ཀརྨ་པ་རེ་རེས་ཡང་སྲིད་རེ་རེ་ཁྲི་འདོན་གནང་གི་རེད། ད་གང་བྱེད་དགོས་སམ།

    Reply
  8. བསོད་ནམས། says:
    ལོ་ 11 སྔོན།

    དཔལ་རྒྱལ་བ་ཀརྨ་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་རྫོགས་པར་སྐྱོ་གདུང་དྲག་པོ་བྱུང་སོང་།
    ཞྭ་དམར་རིན་པོ་ཆེ་མཆོག་གིས་ཀརྨ་པ་མཐའ་ཡས་རྡོ་རྗེ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་མཛད་དེ། ད་བར་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་རྣམ་ཐར་གྱིས་གཙོས་དབྱིན་བོད་གཉིས་ཐོག་ཕྱག་དེབ་འགའ་བརྩམས་གནང་བ་དང་། དེ་བཞིན་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེའི་དབུ་ཁྲིད་འོག་ཡོད་པའི་ཀརྨ་བཀའ་བརྒྱུད་པའི་ཆོས་ཚོགས་༩༠༠་ལྷག་ཆོས་ཀྱི་སློབ་དཔོན་མཛད་གནང་ཡོད་པ་རེད།

    Reply
  9. བསྟན་དར། says:
    ལོ་ 11 སྔོན།

    བསྙན་དགུ་བཤད་ནས་བསླུ་མ་ཐུབ། བཙན་དགུ་བཤད་ནས་བཅོམ་མ་ཐུབ། རྒྱ་ནག་དམར་ཤོག་ཚོགས་པ་དང་མཇིང་བ་མ་བསྣོལ། དོལ་རྒྱལ་ཚོགས་པ་དང་ལག་གདང་མ་སྦྲེལ་བར་དྲང་བདེན་དང་རང་ཚུགས་ཀྱི་ལམ་ནས་རང་གི་ཆོས་བརྒྱུད་རང་གིས་བསྐྱངས་ཤིང་། ཕྱི་རྒྱལ་ཁག་ཏུ་གསང་སྤྱོད་འཁྲུད་སར་འགྲོ་བཞིན་པའི་བུ་དང་བུ་མོ་ཚོ་ལ་ཡང་རྒྱལ་ཁབ་གཞན་ཀྱི་མི་སེར་ལག་འཁྱེར་བདེན་རྫུན་གཉིས་གསུམ་རེ་སྟོན་རྒྱུ་ཡོད་དུས་འདིར་རྒྱ་གར་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཁག་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཚུན་ཆད་དངུལ་གྱིས་བསླུས་སོང་བར་བསྙོན་འཛུག་ཞུ་ཡུལ་ཁོང་གིས་རྒྱ་གར་གྱི་ཡུལ་མིའི་ལག་འཁྱེར་ཞིག་ཀྱང་མ་བཟོས་པར་སྐྱབས་བཅོལ་ལག་དེབ་ཀྱི་འོག་ན་ལྟོས་བཅས་འཚོ་ཞིང་བོད་ཡུལ་གངས་ཅན་པ་གཞིས་བྱེས་མཉམ་འཛོམ་ཞིག་ལ་ཐུགས་རེ་ཤིན་ཏུ་ཆེ་བའི་སྐྱེས་བུ་ཁོང་གཤེགས་པ་ལ་སྙིང་ནས་མྱ་ངན་དང་གུས་འདུད་ཞུ།

    ངོ་དེབ་ལས་བཤུས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese