མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་སང་ཉིན་ནས་མགོ་འཛུཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ལས་རིམ་དང་དཔལ་འབྱོར་འཚོལ་སྒྲུབ་སོཊ་ཀྱི་སྐོར་ནས་གསར་འགོད་གསལ་བསྒྲགས་གནང་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༤༠ སྟེང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ཉེ་འགྲམ་དུས་དབང་གསུང་ཆོས་རྭ་བའི་གསར་འགྱུར་ལས་རིགས་པའི་སྡོད་གནས་སུ། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དོན་འགྲུབ་ཚེ་དབང་ལགས་ཀྱིས་ཐེངས་འདིའི་དུས་དབང་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་། དེར་རྒྱལ་སྤྱིའི་གསར་འགོད་པ་དང་། རྒྱ་གར་དང་ལ་དྭགས་ས་གནས་གསར་འགོད་པ། བོད་རིགས་གསར་འགོད་པ་  ༢༥ ལྷག་འཛོམས་འདུག

གསར་འགོད་གསལ་བསྒྲགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལགས་ཀྱིས། ༢༠༡༢ ལོར་༸གོང་ས་མཆོག་ལ་དྭགས་རྒྱལ་ས་སླེ་རུ་ཆིབས་བསྒྱུར་གནང་སྐབས། ལ་དྭགས་མི་མང་གིས་ལ་དྭགས་ནང་པའི་ལྷན་ཚོགས་དང་ལ་དྭགས་དགོན་ཚོགས་བརྒྱུད། ༢༠༡༣ དང་ ༢༠༡༤ ་ལོ་གང་རུང་ལ་དྭགས་སུ་དུས་འཁོར་དབང་ཆེན་ཞིག་གནང་རྒྱུའི་སྙན་སེང་ཞུས་པ་ལྟར། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་གནང་སྟེ། ད་ལོའི་ཟླ་ ༧ ཚེས་ ༣ ནས་ ༡༣ བར་དུས་དབང་ཐེངས་ ༣༣ པ་ལ་དྭགས་སུ་གནང་གཏན་འཁེལ་ཡོད་པ་དང་། སང་ཉིན་ནས་བཟུང་དུས་དབང་མགོ་འཛུགས་གནང་གི་ཡོད་སྐོར་བརྗོད་སོང་བར་མ་ཟད། གོ་སྒྲིག་ཚོགས་ཆུང་ནང་སྦྱིན་བདག་གཙོ་བོ་ཁག་ལས་གཞན་ལས་རིགས་འདྲ་མིན་གྱི་གནད་ཡོད་མི་སྣ་དང་། མཐོ་རིམ་དཔོན་རིགས་བཅས་མི་  ༢༦ ཡོད་པ་དང་། གཞན།  ལ་དྭགས་ནང་ཡོད་པའི་ཡེ་ཤུ་དང་ཁ་ཆེ། ཧིན་དྷི། སིག་ (Sikh)བཅས་ཀྱི་དབུ་ཁྲིད་ཚོ་མཉམ་ལས་ཚོགས་མི་ཆགས་ཡོད་སྐོར་སོགས་བརྗོད་སོང་།

དཔལ་འབྱོར་དང་འཛུགས་སྐྲུན་རོགས་སྐྱོར་ཐད་ཁོང་གིས། ཉེ་བའི་ཟླ་བཞི་རིང་ཇེམ་ཀ་ཤི་མུར་མངའ་སྡེའི་གྲོང་དང་གྲོང་ཁྱེར་འཛུགས་སྐྲུན་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་ལགས་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་རིག་འཛིན་བཟོད་པ་ལགས་བརྒྱུད་དེ་མངའ་སྡེའི་གཞུང་ནས་རོགས་དངུལ་དང་གཞུང་ལམ་འཛུགས་བསྐྲུན་བཅས་གནང་ཡོད་པ་དང་། དེ་བཞིན། ལ་དྭགས་རྫོང་སྲིད་གཞུང་། ལ་དྭགས་གཞོན་སྐྱེས་ཚོགས་པ། ལ་དྭགས་བུད་མེད་ཚོགས་པ། ལ་དྭགས་བོད་མིའི་གཞིས་ཆགས་ལས་ཁུངས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་དང་བླངས་ཞབས་ཞུ་བ་ ༧༠༠༠ ལྷག་གིས་ཞབས་ཞུ་གནང་གི་ཡོད་སྐོར་དང་། དུས་དབང་ཐོག་མི་འབུམ་གཅིག་དང་ཕྱེད་ཀའི་རྩིས་རྒྱག་གི་ཡོད་པ་ལས། ད་ཆར་ཕྱི་རྒྱལ་མི་རིགས་དང་བོད་པ། ལ་དྭགས་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་ཆོས་ཞུ་བ་འབུམ་གཅིག་ལྷག་གིས་ཐོ་འགོད་བྱས་ཡོད་སྐོར་སོགས་བརྗོད་སོང་།

དེ་བཞིན་ཁོང་གིས། ཐེངས་དུས་འཁོར་དབང་ཆེན་དབྱིན་སྐད་དང་ཧིན་རྡུ། ཝེ་ཐི་ནམ། རྒྱ་སྐད། ཨུ་རུ་སུ། པོ་ཊོ་གྷིལ། ཨི་ཊ་ལི། ཉི་ཧོང་། ཀོ་རི་ཡ། སི་པན། ཧྥ་རན་སི། བོད་སྐད། ལ་དྭགས་སྐད་བཅས་སྐད་རིགས་ ༡༣ ནང་གསུང་བསྒྱུར་གནང་གི་ཡོད་འདུག་ལ། བོད་སྐད་དང་དབྱིན་སྐད། རྒྱ་སྐད། ཧིན་རྡུའི་སྐད་། ཝེ་ཐི་ནམ། ཨུ་སུ་རུ་བཅས་སྐད་ཡིག་ ༦ གི་ཐོག་ཐད་རྒྱང་བསྲིངས་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

སང་ཉིན་ཞོགས་པའི་ཆུ་ཚོད་ ༧ ནས་ ༡༠ བའི་བར་ཞལ་འདོན་གསོག་སྒྲུབ་དང་། དེའི་རྗེས་སློབ་མ་རྗེས་འཛིན་བཅས་དུས་དབང་གི་སྟ་གོན་མགོ་འཛུཊ་གནང་རྒྱུ་ཡིན་པ་དང་། ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༠༠ ནས་སྐར་མ་ ༤༥ རིང་༸གོང་ས་མཆོག་འཁྲུངས་སྐར་སྲུང་གཙི་གནང་རྒྱུ་ཡིན་འདུག

 

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས།

 

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༨ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese