མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ལས་རིམ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། སྐབས་བཅུ་དྲུག་པའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཕྱི་ཟླ་ ༤ པའི་ཚེས་ ༧ ཉིན་མགོ་ཚུགས་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་སཱམ་པཱ་ཐཱ་ (V S Sampath)ལགས་ཀྱི་གཙོས་འོས་བསྡུའི་འགན་འཛིན་ལས་རོགས་གཞན་གཉིས་དང་ལྷན་དུ་གསར་འགོད་གསལ་བསྒྲགས་སྤེལ་ཏེ། སྐབས་ ༡༦ པའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཕྱི་ཟླ་ ༤ པའི་ཚེས་ ༧ ནས་ཟླ་ ༥ པའི་ཚེས་ ༡༢ བར། སྡེ་ཚན་ ༩ ལ་ཆ་བགོས་ཀྱིས་འོས་བསྡུ་བྱ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་གནང་འདུག

འོས་བསྡུའི་འགན་འཛིན་སཱམ་པཱ་ཐཱ་ལགས་ཀྱིས། “རྒྱ་གར་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ཁག་གིས་སོ་སོའི་འོས་མི་ཁྱབ་བསྒྲགས་གནང་སྐབས་ཚུལ་མཐུན་བག་ཡོད་ཀྱི་འབོད་ཚིག་སྒྲོག་པ་ལས་མི་གཞན་དང་ཚོགས་པ་གཞན། སྤྱི་ཚོགས་བཅས་ལ་གནོད་གཞིའི་ཚིག་ངན་རིགས་དང་། གཞན་སྡེ་ཕམ་རྒྱུའི་ངན་བྱུས་རིགས་མི་བཤམ་པར། ཚུལ་མཐུན་དང་དྲང་བདེན་ཐོག་ནས་རྒྱལ་ཕམ་རྩོད་དགོས་”ཞེས་བརྗོད་འདུག ཐེངས་འདིར་རྒྱ་གར་རྒྱལ་ཡོངས་སུ་འོས་ཆོས་ཚང་བའི་མི་གྲངས་ས་ཡ་ ༨༡༤  ལྷག་གིས་དེབ་སྐྱེལ་བྱས་ཡོད་འདུག་ཅིང་། འདི་ནི་རྒྱ་གར་རང་བཙན་ཐོབ་པའི་རྗེས་ཀྱི་དེབ་སྐྱེལ་བྱེད་མཁན་མང་ཤོས་དེ་ཆགས་ཡོད་པ་མ་ཟད།  ༢༠༠༩ ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་བསྡུར་ན་དེབ་སྐྱེལ་བྱེད་མཁན་ས་ཡ་ ༡༠༠ ལྷག་མང་དུ་ཕྱིན་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། འགྲན་རྩོད་ཤུགས་ཆེན་བྱེད་ཀྱིན་པའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད། རྒྱ་གར་རྒྱལ་ཡོངས་སུ་ཆབ་སྲིད་ཚོགས་པ་མང་པོ་ཞིག་ཡོད་པ་ལས་ཀོང་རེ་སེ་ཆབ་སྲིད་ཚོགས་པ་དང་། བྷེ་ཇཱའི་པི་ཆབ་སྲིད་ཚོགས་པ། མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པ། འཐབ་ཕྱོགས་གསུམ་པའི་ཆབ་སྲིད་ཚོགས་པ་བཞི་ལ་རེ་བ་ཆེན་པོ་ཡོད་པ་དང་། ཀོང་རེ་སེ་ཚོགས་པའི་སྲིད་བློན་འོས་མི་ར་ཧུལ་གྷན་དྷི་ལགས་སུ་མང་ཚོགས་ཀྱི་བློ་བཀུག་ཐུབ་པའི་ཉམས་མྱོང་དང་ནུས་པ་ཞན་པ། མི་སེར་དཀྱུས་མའི་ཚོགས་པའི་སྲིད་བློན་འོས་མི་ཨར་ཝུན་ཁེ་ཅེ་རེ་ཝལ་ལགས་ཀྱིས་ཉེ་ལམ་ལྡི་ལི་ས་གནས་གཞུང་ཉིན་གྲངས་ཉུང་ངུ་ལས་འཛིན་སྐྱོང་བྱེད་ཐུབ་མེད་པ་དང་འོས་བསྡུའི་ཁྱབ་བསྒྲགས་ཐད་དཔལ་འབྱོར་འདང་ངེས་མེད་པ། འཐབ་ཕྱོགས་གསུམ་པའི་ཚོགས་པའི་མགོ་ཁྲིད་དག་གི་ལྟ་བ་ལངས་ཕྱོགས་མཐུན་པོ་མེད་པ་སོགས་ལ་བརྟེན་ཏེ། ཐེངས་འདིར་བྷེ་ཇཱའི་པི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

རྒྱ་གར་གྱི་ཐབས་ཇུས་མཁས་པ་མོ་ཧན་(Mohan Guruswamy) ལགས་ཀྱིས། “ངའི་བསམ་པར་སྤྱི་འབངས་ཚོས་རྒྱལ་ཁབ་ཀྱི་མགོ་ཁྲིད་དེ་བློ་སྟོབས་ལྡན་པ་ཞིག་བསླེབ་རྒྱུར་རེ་བ་འཆང་གི་ཡོད་སྟབས། སྐུ་ཞབས་ཎ་རིན་ཌ་མུ་དྷི་ལགས་ནི་མང་ཚོགས་ཀྱིས་རེ་སྒུག་བྱ་ཡུལ་གྱི་མགོ་ཁྲིད་གཅིག་པུ་དེ་ཆགས་ཡོད། ” ཅེས་བརྗོད་འདུག

རྒྱ་གར་གྱི་སྐབས་ ༡༦ པའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་གྲོས་ཚོགས་འཐུས་མི་ ༥༤༣ འདེམ་དགོས་ཤིང་། དེ་དག་མངའ་སྡེ་ཁག་ལ་ཆ་བགོས་བྱས་ན་ཨན་དྷ་ར་པར་དྷི་ཤིར་གྲོས་ཚོགས་འཐུས་མི་ ༤༢ དང་ཨ་རུ་ན་ཅལ་ལ་འཐུས་མི་ ༢། ཨ་སམ་ལ་འཐུས་མི་ ༡༤། བྷེ་ཧར་ལ་ ༤༠ ། ཆཱ་དྷིསེ་གྷར་ལ་ ༡༡། གྷོ་ཝ་ལ་ ༢།  གྷོ་ཅུ་ར་ཌེ་ལ་ ༢༦། ཧར་ཡཱཎ་ལ་ ༡༠། ཧེ་མ་ཅལ་ལ་ ༤། ཇམ་མུ་དང་ཀཱ་ཤི་མེར་ལ་ ༦། ཇར་ཁནཌི་ལ་ ༡༤། ཀཱ་ཎཱ་ཀྲ་ཁཱར་ ༢༨། ཀེ་ར་ལཱར་ ༢༠། མཱ་དྷེཡ་པར་དྷི་ཤིར་ ༢༩། མཱཧ་ར་ཤི་ཌར་ ༤༨། མ་ནི་པུར་ ༢། མེ་གྷ་ལཱ་ཡཱར་ ༢། མེ་ཛོ་རམ་ལ་ ༡། ཎ་གྷ་ལན་ཌིར་ ༡། ཨོ་རི་སར་ ༢༡། པན་ཇབ་ལ་ ༡༣། ར་ཇེ་སི་ཐན་ལ་ ༢༥། འབྲས་ལྗོངས་ལ་ ༡། ཏ་མིལ་ཎཌོར་ ༣༩། ཏེར་པུ་རར་ ༢། ཡུ་པི་ལ་ ༨༠། ཨུ་དྷ་ར་ཁན་ཌིར་ ༥། ནུབ་བྷང་གྷར་ ༤༢། ཨན་དྷ་མན་དང་ཎ་ཁཱོ་བྷར་གླིང་ཕྲན་ལ་ ༡། ཅན་དྷི་གྷར་ ༡། དྷ་ར་དང་ཎ་གྷར་ཨཝུ་ལིར་ (Dadra and Nagar Haveli) ༡། དྷ་མན་དང་དྷེཝུ་ལ་ ༡། ལག་ཤི་དྷེཝུབ་ལ་ ༡། རྒྱལ་ས་ལྡི་ལིར་ ༡། པོན་ཌོ་ཆུ་རིར་ ༡ བཅས་ཡོད་འདུག

ཕྱི་ཟླ་ ༤ པའི་ཚེས་ ༧ ཉིན། ཨ་སམ་དང་ཏེར་པུ་ར་མངའ་སྡེ་ ༢ དང་། ཚེས་ ༩ ཉིན་ཨ་རུ་ན་ཅལ་དང་མེ་ཛོ་རམ། མ་ནི་པུར། མེ་གྷ་ལཱ་ཡཱ། ཎ་གྷ་ལན་ཌི་བཅས་མངའ་སྡེ་ ༥། ཚེས་ ༡༠ ཉིན་ཇམ་མུ་དང་ཀཱ་ཤི་མེར་དང་། ཧར་ཡཱཎ། ཀེ་ར་ལཱ། མཱཧ་ར་ཤི་ཌ། ཇར་ཁནཌི། ཨན་དྷ་མན་དང་ཎ་ཁཱོ་བྷར་གླིང་ཕྲན། རྒྱལ་ས་ལྡི་ལི། ལག་ཤི་དྷེཝུབ་ (Lakshadweep) ཅན་དྷི་གྷ། ཆཱ་དྷིསེ་གྷ། ཡུ་པི། ཨོ་རི་ས། མཱ་དྷེཡ་པར་དྷི་ཤི བྷེ་ཧར་བཅས་མངའ་སྡེ་ ༡༤། ཚེས་ ༡༢ ཉིན་འབྲས་ལྗོངས་དང་ཨ་སམ། ཏེར་པུ་ར་བཅས་མངའ་སྡེ་ ༣། ཚེས་ ༡༧ ཉིན་གྷོ་ཝ་དང་ཇམ་མུ་དང་ཀཱ་ཤི་མེར། མཱཧ་ར་ཤི་ཌ། ནུབ་བྷང་གྷ་ལཱ། ཇར་ཁནཌི། ཆཱ་དྷིསེ་གྷ། ཡུ་པི། ར་ཇེ་སི་ཐན། ཨོ་རི་ས། མ་ནི་པུ། མཱ་དྷེཡ་པར་དྷི་ཤི ཀཱ་ཎཱ་ཀྲ་ཁཱ། བྷེ་ཧར་བཅས་མངའ་སྡེ་ ༡༣ ནང་འོས་བསྡུ་བྱ་རྒྱུ་ཡིན་འདུག

ཚེས་ ༢༤ ཉིན་ཨ་སམ་དང་ཇམ་མུ་དང་ཀཱ་ཤི་མེར། མཱཧ་ར་ཤི་ཌ། ནུབ་བྷང་གྷ་ལཱ། ཇར་ཁནཌི། པོན་ཌོ་ཆུ་རིར། ཆཱ་དྷིསེ་གྷ། ཡུ་པི། ཏ་མིལ་ཎཌོ། ར་ཇེ་སི་ཐན། མཱ་དྷེཡ་པར་དྷི་ཤི བྷེ་ཧར་བཅས་མངའ་སྡེ་ ༡༢། ཚེས་ ༣༠ ཉིན་ཨན་དྷ་ར་པར་དྷི་ཤི་དང་ཇམ་མུ་དང་ཀཱ་ཤི་མེར། པན་ཇབ། ནུབ་བྷང་གྷ་ལཱ། དྷ་ར་དང་ཎ་གྷར་ཨཝུ་ལི། དྷ་མན་དང་དྷེཝུ། གྷོ་ཅུ་ར་ཌེ། བྷེ་ཧར་བཅས་མངའ་སྡེ་ ༩། ཟླ་ ༥ པའི་ཚེས་ ༧ ཉིན་ཨན་དྷ་ར་པར་དྷི་ཤི་དང་ཇམ་མུ་དང་ཀཱ་ཤི་མེར། ནུབ་བྷང་གྷ་ལཱ། ཨུ་དྷ་ར་ཁནཌི། ཡུ་པི། ཧེ་མ་ཅལ། བྷེ་ཧར་བཅས་མངའ་སྡེ་ ༧། ཚེས་ ༡༢ ཉིན་ནུབ་གྷང་བྷ་ལཱ་དང་ཡུ་པི། བྷེ་ཧར་བཅས་མངའ་སྡེ་ ༣ ནང་འོས་བསྡུ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༢ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༢ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༢ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese