༄། ། བལ་ཡུལ་ཀོ་པཱན་འོག་མིན་བྱང་ཆུན་གླིང་གྲྭ་ཚང་དུ་འབྲིང་རིམ་བོད་ཡིག་དགེ་རྒན་གཅིག ཚན་རིག་དགེ་རྒན་གཅིག དབྱིན་ཇིའི་དགེ་རྒན་གཅིག་གི་ས་མིག་སྟོང་པ་ཡོད་པས་སྙན་ཞུ་འབུལ་འདོད་ཡོད་མཁན་རྣམས་ནས་གཤམ་གསལ་ལྟར་ཤེས་ཚད་ལྡན་པ་དགོས་རྒྱུ།
༡༽ བོད་དགེའི་ཆ་རྐྱེན་དང་ཤེས་ཚད།
སློབ་དཔོན་ཨཱཅཱརྱ་ (M.A) ནམ་ཤསྟྲི (B.A)། གལ་ཏེ་གསང་ཆ་རྐྱེན་ཚང་བའི་སྟེང་དགེ་འོས་ཞུ་མྱོང་བའི་ཕྱག་འཁྱེར་ཡོད་ཚེ་དམིགས་བསལ་ཆ་རྐྱེན་འབུལ་རྒྱུ།
༢༽ དབྱིན་ཇི་དང་ཚན་རིག་དགེའི་ཆ་རྐྱེན་དང་ཤེས་ཚད།
ཤསྟྲི་ (B.A) འམ་ (XII) ཐོན་པའི་ལག་འཁྱེར་ཡོད་པ་དང་དབྱིན་སྐད་རང་རྐྱ་འཕེར་བ་ཞིག་དགོས་རྒྱུ། གལ་ཏེ་གོང་གསལ་ཆ་རྐྱེན་ཚང་བའི་སྟེང་དགེ་འོས་ཞུ་མྱོང་བའི་ཕྱག་འཁྱེར་ཡོད་ཚེ་དམིགས་བསལ་ཆ་རྐྱེན་འབུལ་རྒྱུ།
༣༽ ཚོགས་པ་གཞན་དུ་ཕྱག་ལས་གནང་མུས་ཡིན་ཚེ་དེ་ལས་གོང་གསལ་ས་མིག་དེར་ཕྱག་ལས་གནང་རྒྱུར་དགག་བྱ་མེད་པའི་ངོས་སྦྱོར་ཡི་གེ་དགོས་རྒྱུ། འཚང་སྙན་འབུལ་བློ་ཡོད་རིགས་ནས་འདི་གའི་ཤེས་ཡོན་འགན་འཛིན་གྱི་མཚན་ ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༠ འགྱངས་མེད་གོང་གསལ་ཡིག་ཆ་རྣམས་ཀྱི་ངོ་བཤུས་དག་མཆན་ཞུས་ཏེ་གཤམ་གསལ་ཁ་བྱང་ཐོག་སྙན་ཞུ་འབུལ་གནང་ཡོད་པ་ཞུ།
To The Headmaster
Kopan Monastery
G.P. Box.No 817
Kathmandu Nepal
Email: kopanmcs@yahoo.com, Contact Phone No. 00977-9841233476, 9849634541