རྒྱ་ཆེའི་བོད་ཕྱི་ནང་གི་སྙུག་འཛིན་པ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ། ངེས་པ་དོན་གྱི་དམངས་གཙོ་ཁྲིམས་སྐྱོང་ཡིན་པའི་སྲིད་ལུགས་དེ་ནི་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་ཐོབ་སྐལ་དང་། རང་དབང་། འདྲ་མཉམ་སོགས་སྲུང་བྱེད་ཀྱི་ལྕགས་རི་ལྟ་བུའི་སྲིད་ལུགས་དེ་ཡིན་ཞིང་། སྤྱི་ཚོགས་ཀྱི་དགེ་སྐྱོན་དང་རྣམ་པ་སྣ་ཚོགས་མཚོན་པའི་རྩོམ་རིག་ནི་དེ་བས་ཀྱང་མེད་དུ་མི་རུང་བའི་དམངས་གཙོའི་བརྡ་རྟགས་ཤིག་ཡིན་པར་སེམས། དེའི་ཕྱིར། ཕྱི་ལོ་2014ལོའི་སྲིད་པའི་མིག་འདོན་ཐེངས་གཉིས་པ་མི་འགྱངས་བར་ཕུད་གྲབས་ཡོད་པས་རྒྱ་ཆེའི་དཔྱད་བརྗོད་པ་དང་ཡིག་སྒྱུར་བ་རྣམས་ཀྱིས་རྩོམ་ཡིག་གང་མང་སྐུར་བའི་རེ་བ་སྙིང་ནས་ཞུ། རྩོམ་ལུས་ཚིག་ལྷུག་ཡིན་དགོས་ཤིང་བརྗོད་བྱ་ལ་དམིགས་བསལ་བཀག་རྒྱ་མེད་མོད། སྤྱི་ཚོགས་དཔྱད་བརྗོད་དང་དམངས་གཙོའི་ལྟ་གྲུབ་སྐོར་གྱི་སྒྱུར་རྩོམ་གྱི་རིགས་ཡིན་ཚེ་དགའ་བསུ་བླ་མེད་ཞུ།
རྩོམ་སྐུར་ཡུལ།
shelge.tibetan@gmail.com
འབྲེལ་གཏུགསབྱེད་ཡུལ། འདྲེ་གླེན་པ།
98057-01289 / 98570-92583
རྩོམ་བསྡུའི་དུས་ཡིན་ 15/7/2014 བར། སྲིད་མིག་རྩོམ་སྒྲིག་པས།