༄༅། །བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱི་བོད་ཡིག་དགེ་རྒན་ཞིག་དགོས་ངེས་ཤིང། གཤམ་གསལ་ཆ་རྐྱེན་ཁག་ཚང་བའི་རིགས། ཕྱི་ཟླ་ ༧ ཚེས་ ༢༠ ནང་ཚུན་དུ་སྙན་ཞུ་འདི་ག་རིགས་ལམ་སློབ་གཉེར་ཁང་གི་སློབ་སྤྱིའི་ཡིག་ཚང་ལ་འབུལ་གནང་ཡོད་པ་ཞུ།
དགོས་ངེས་ཀྱི་ཆ་རྐྱེན་གཤམ་གསལ།
༡༽ བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་ཆ་ཚང་ཕུལ་བའི་ལག་དེབ་ངོ་བཤུས་དགོས།
༢༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ Updated R.C. ངོ་བཤུས་ངེས་འབུལ་དགོས།
༣༽ གལ་ཏེ་རང་ཉིད་ཚོགས་སྡེ་གང་རུང་དུ་ལས་ཀ་བྱེད་བཞིན་ཡོད་ན་ཚོགས་པ་དེའི་འགག་བྱ་མེད་པའི་ངོ་སྦྱོར་དགོས།
༤༽ རང་གཞུང་ཁྱབ་ཁོངས་སྨན་ཁང་གང་རུང་ཞིག་ནས་གཟུགས་ཐང་ལས་ཕེར་ཡིན་པའི་སྨན་པའི་ངོ་སྦྱོར་དགོས།
5༽ གོང་གསལ་དགོས་ངེས་ཀྱི་ཡིག་ཆ་ཁག་གི་ངོ་བཤུས་དངོས་བདེན་ཡིན་པའི་ས་གནས་འགོ་འཛིན་དང་གལ་སྲིད་ས་གནས་འགོ་འཛིན་མེད་པའི་ས་གནས་ཡིན་ཚེ། རང་བདེན་ཚོགས་ཆུང་གི་དག་མཆན་དགོས།
ཤེས་ཚད་ཀྱི་ཆ་རྐྱེན།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་ཁང་གི་ངོས་འཛིན་ཡོད་པའི་མཐོ་རིམ་རིག་གནས་རབ་འབྱམས་པ་ཐོན་པའི་ཕྱག་འཁྱེར་དང། དགེ་རྒན་འོས་སྦྱོང་གི་ཕྱག་འཁྱེར་ཡོད་པ། ཡང་ན་ཉུང་ཐར་ལོ་གཅིག་རིང་དགེ་རྒན་ཉམས་མྱོང་ཡོད་པ་དགོས།
གལ་སྲིད་དགེ་རྒན་དུ་འདམས་ཐོན་བྱུང་བ་ཡིན་ན་ལོ་གཅིག་རིང་ཚོད་ལྟ་དང་དེ་ནས་ལས་བྱེད་དངོས་སུ་འཇོག་རྒྱུ། གོང་གསལ་གྱི་ཆ་རྐྱེན་ཚང་བ་རྣམས་འདི་ག་བཙུན་དགོན་སྒྲོལ་མ་གླིང་དུ་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༥ ཉིན་ཞོགས་པའི་ཕྱག་ཚོད་ ༡༠༌༠༠ ཐོག་དོ་བདག་རང་ཉིད་ངེས་ཕེབས་ཐོག་ཤེས་ཡོན་ཚོགས་ཆུང་ནས་ངག་རྒྱུགས་ལེན་གཏན་འཁེལ་བ་ལགས་ན། ཕེབས་བློ་ཡོད་རིགས་རྣམས་གོང་ཚེས་ཉིན་དུས་ཐོག་ཏུ་ངེས་ཕེབས་ཡོད་པ་ཞུ།
བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ལ།།
Principal Geshi Rigzin Choedak (8679173308)
Dolma Ling Nuunnery
P.O. Sidhpur 176057
Distt kangra H.P. India