མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༤ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

༼གཅིག༽གནམ་གྲུ་བོར་བརླག།

ཕྱི་ཟླ་ ༣ ཚེས་ ༨ ཉིན་མ་ལེ་ཞི་ཡ་ནས་རྒྱ་ནག་པེ་ཅིན་ལ་འཕུར་སྐྱོད་བྱེད་མཁན་གྱི་མ་ལེ་ཞི་ཡའི་ (༣༧༠) རྟགས་ཅན་གྱི་གནམ་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་བསླེབས་རྗེས། གནམ་གྲུའི་དོ་དམ་ལྟེ་གནས་དང་འབྲེལ་གཏུག་ཆད་ཡོད། གནམ་གྲུ་དེའི་ནང་འགྲུལ་བ་ ༢༢༧ དང་ལས་མི་ ༡༢ བཅས་ཁྱོན་མི་ ༢༣༩ ཡོད་འདུག འདས་པའི་ཟླ་ཤས་རིང་ཨ་རི་དང་སིང་གྷ་པུར། རྒྱ་ནག་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༢༤ གིས་འཚོལ་ཞིབ་བྱས་ཀྱང་རྙེད་མེད།

༼གཉིས།༽ཨི་བྷོ་ལཱ་ནད་ཡམས།

ཕྱི་ཟླ་ ༣ པའི་ནང་ནུབ་ཨ་ཧྥི་རི་ཀའི་རྒྱལ་ཁབ་སེ་ར་ལོན་དང་གྷི་ནི་ཡཱ། ལེ་བྷི་རི་ཡ། ། ནེ་ཇི་རེ་ཡ་བཅས་རྒྱལ་ཁབ་ནང་ཨི་བྷོ་ལཱ་ཞེས་པའི་ནད་ཡམས་ཁྱབ་བརྡལ་ཕྱིན་ཏེ། རིམ་པས་མཱ་ལི་དང་ཨ་རི། སི་པན། སེ་ཎི་གྷལ། དབྱིན་ཡུལ་བཅས་ནང་ཁྱབ་སྟེ་ཟླ་ ༡༢ ཚེས་ ༢༠ བར་ལེ་བྷི་རི་ཡའི་མི་ ༣༤༢༣ དང་སེ་ར་ལོན་གྱི་མི་ ༢༧༣༤། གྷི་ནིའི་མི་ ༡༦༧༢། ནེ་ཇི་རི་ཡའི་མི་ ༡༢། ཨ་རིའི་མི་ ༡ བཅས་ཤི་ཡོད་ཅིང་མི་ ༢༠༩༡ ལ་ནད་ཡམས་དེ་ཕོག་ཡོད་འདུག

༼གསུམ།༽རྒྱ་གར་འོས་བསྡུ་ཆེན་མོ།

ཕྱི་ཟླ་ ༤ ཚེས་ ༧ ནས་ ༥ ཚེས་ ༡༢ ཉིན་བར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་བྱས་ཏེ། ཟླ་ ༥ ཚེས་ ༡༧ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པར། རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་རྐུབ་སྟེགས་ ༥༤༣ ཡོད་པའི་ཁྲོད། བྷི་ཇེ་པི་ཕྱོགས་གཏོགས་ལ་ཁྱོན་རྐུབ་སྟེགས་ ༣༣༩ ཐོབ་སྟེ། བྷི་ཇེ་པི་སྲིད་དོན་ཚོགས་པའི་སྣེ་འཁྲིད་པ་ནཱ་རེན་ཌ་མུ་དྷེ་རྒྱ་གར་གྱི་སྲིད་བློན་སྐབས་ ༡༥ པར་བསྐོ་བཞག་བྱས།

༼བཞི ༽འཛམ་གླིང་རྐང་སྤོལ་འགྲན་བསྡུར།

ཕྱི་ཟླ་ ༦ ཚེས་ ༡༢ ནས་ ༧ ཚེས་ ༡༣ བར་བྷར་ཛིལ་གྲོང་ཁྱེར་སཱན་ཧྥོ་ལོའི་རྩེད་ཐང་དུ། ༢༠༡༤ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༠ པ་ཚོགས་ཏེ་རྒྱལ་ཁབ་ ༣༢ ཡི་རྐང་སྤོལ་རུ་ཁག་བར་འགྲན་བསྡུར་བྱས་པ་བརྒྱུད་ཇར་མན་ལ་ཨང་དང་པོ་ཐོབ་ཏེ་ཨ་སྒོར་ས་ཡ་ ༣༥ དང་། ཨར་ཇིན་ཌེ་ཎའི་ལ་ཨང་གཉིས་པ་ཐོབ་སྟེ་ཨ་སྒོར་ས་ཡ་ ༢༥། ཧོ་ལན་ཌིའི་ལ་ཨང་གསུམ་པ་ཐོབ་སྟེ་ཨ་སྒོར་ས་ཡ་ ༢༢ བཅས་ཀྱི་བྱ་དགའ་ཐོབ་ཡོད།

༼ལྔ༽དྲག་སྤྱོད་པའི་སྨྱོ་སྤྱོད།

ཕྱི་ཟླ་ ༧ ནང་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་(ISIS) ཞེས་པ་གསར་འཛུགས་བྱས་ཏེ། ཟླ་ ༡༢ ཚེས་ ༢༧ བར་ཨི་རག་དང་སི་རི་ཡའི་གཞུང་ལ་འཇབ་རྒོལ་བྱས་ཏེ་སྔ་ཕྱིར་མི་ ༦༨༧༢ བསད་ཡོད་པ་དང་། ཨ་རིའི་གསར་འགོད་པ་ ༢ དང་དབྱིན་ཇིའི་རོགས་སྐྱོར་ལས་མི་ ༢ བཅས་ཀྱི་མགོ་བཅད་དེ་བརྙན་ཐུང་ཞིག་ཁྱབ་བསྒྲགས་ཡོད་སྟབས། ཟླ་ ༩ ཚེས་ ༢༤ ནས་བཟུང་ཟླ་འདིའི་ཚེས་ ༡༨ ཉིན་བར་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་དྲག་སྤྱོད་ཤོག་ཁག་ལ་མཁའ་ཐོག་ནས་ཐེངས་ ༣༥ ཙམ་ལ་རྒོལ་འཛིང་བྱས་ཏེ་དྲག་སྤྱོད་པ་ ༥༢༦ བསད་ཡོད།

༼དྲུག༽གྷ་ཛ་ལུང་གཤོང་གི་དུད་སྨུག

ཕྱི་ཟླ་ ༧ ཚེས་ ༨ ཉིན་པ་ལི་སི་ཐན་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་གྷ་ཛ་ལུང་གཤོང་ནས་ཨི་ཛ་རལ་ལ་མེ་ཤུགས་འཕུར་མདེལ་ ༡༠༠ ལྷག་འཕངས་ཏེ་གཏོར་རྒོལ་བྱེད་མགོ་བཙུགས་ཡོད་སྟབས། ཟླ་དེའི་ཚེས་ ༡༧ ཉིན་ཨི་ཛི་རལ་དམག་དཔུང་གིས་གནམ་ས་གཉིས་ནས་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་རྟེན་གཞི་ཁག་ལ་རྒོལ་ལན་སློག་སྟེ་པ་ལི་སི་ཐན་གྱི་མི་ ༢༢༠༠ ལྷག་བསད་ཡོད། ཟླ་ ༧ ཚེས་ ༢༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་བར་གྲོས་འཆམ་བྱུང་སྟེ། ཆ་རྐྱེན་གང་ཡང་མེད་པའི་ཐོག་གྷ་ཛ་ལུང་གཤོང་གི་དམག་འཁྲུག་ཞི་འཇགས་ཡོང་དགོས་སྐོར་བསྒྲགས་ཡོད་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད།

༼བདུན༽སེ་ཀོ་ལན་ཌིའི་རང་ཐག་རང་གཅོད།

ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སེ་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ནས་ལོགས་སུ་རང་བཙན་བྱེད་མིན་ལ་མང་མོས་འོས་བསྡུ་བྱས་སྐབས། མང་ཚོགས་བརྒྱ་ཆ་ ༤༤།༧ ཡིས་རང་བཙན་ལ་རྒྱབ་སྐྱོར་དང་། བརྒྱ་ཆ་༥༥།༣ ཡིས་དབྱིན་ཇིའི་མངའ་འོག་མུ་མཐུད་སྡོད་རྒྱུར་འོས་ཤོག་འཕངས་ཡོད་སྟབས། སི་ལོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་སྡོད་རྒྱུའི་མང་མོས་ཐོབ་ཡོད་ཅིང་། དེ་ནི་སི་ཀོ་ལན་ཌི་དབྱིན་ཇིའི་མངའ་འོག་ཏུ་བསྡད་དེ་ལོ་ ༣༠༧ འཁོར་རྗེས་བྱུང་བའི་མང་མོས་འོས་བསྡུ་དང་པོ་དེ་ཆགས་ཡོད་འདུག

༼བརྒྱད༽ཉི་གདུགས་གསར་བརྗེ་ལས་འགུལ།

ཟླ་ ༩ ཚེས་ ༢༢ ཉིན་ནས་བཟུང་ཧོང་ཀོང་གི་མཐོ་རིམ་སློབ་གྲྭ་ཁག་ ༢༤ ནས་སློབ་མ་ ༢༠༠༠༠ ལྷག་གིས་སློབ་མཚམས་བཞག་སྟེ། ཧོང་ཀོང་གི་གྲོང་ཁྱེར་ལྟེ་བ་ཅིན་ཀྲུང་ཐེན་མཱ་ཞེས་པར་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཏེ། ཧོང་ཀོང་གི་དམངས་གཙོ་དང་རང་དབང་ཐོག་རྒྱ་ནག་གི་ཐེ་ཇུས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ ༢༠༡༧ ལོའི་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་མི་རྒྱ་ནག་གཞུང་གིས་འདོན་འཆར་བཅས་ལ་ངོ་རྒོལ་ཤུགས་ཆེན་བྱས་པར། ཧོང་ཀོང་གི་ཉེན་རྟོག་པས་མིག་ཆུ་ཤོར་བའི་དུག་རླངས་གཏོར་ཏེ་ངོ་རྒོལ་ཞི་འཇགས་ཡོང་ཐབས་བྱས་པར། སློབ་ཕྲུག་ཚོས་ཉི་གདུགས་བཟུང་སྟེ་འགོག་སྲུང་བྱས་པར་ “ཉི་གདུགས་གསར་བརྗེ་ལས་འགུལ།”ཞེས་འཛམ་གླིང་ལ་གྲགས།

༼དགུ༽འཇིགས་སྐུལ་པས་སློབ་གྲྭར་འཇབ་རྒོལ།

ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་པ་ཀི་སི་ཐན་གི་ཏ་ལི་བྷན་དྲག་སྤྱོད་པ་མི་དགུ་ཡིས་ལུས་ཐོག་ཏུ་འབར་རྫས་དང་ལག་ཏུ་མཚོན་ཆ་བཟུང་སྟེ་པ་ཀི་སི་ཐན་པེ་ཞཱ་ཝ་གྲོང་ཁྱེར་གྱི་དམག་མིའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ། སློབ་ཕྲུག་ ༡༣༢ དང་ལས་བྱེད་ ༡༠། དམག་མི་ ༣ བཅས་ཁྱོན་མི་ ༡༤༥ དམར་གསོད་དང་། སློབ་ཕྲུག་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་སྟབས། པ་ཀི་སི་ཐན་གྱི་བདེ་འཇགས་དམག་མི་དང་ཉེན་རྟོག་པས་ཆུ་ཚོད་བརྒྱད་རིང་ཕར་རྒོལ་བྱས་མཐར་འཇིགས་སྐུལ་བ་དག་བསད་ཡོད་པ་དང་། ཟླ་འདིའི་ཚེས་ ༢༢ ཉིན་པ་ཀི་སི་ཐན་གཞུང་གིས་འཇུ་བཟུང་འོག་ཡོད་པའི་ཏ་ལི་བྷན་དྲག་སྤྱོད་པ་ ༥༠༠ སྲོག་ཁྲིམས་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས།

༼བཅུ།༽ཡུག་རེན་གྱི་གཡོ་འཁྱོམ།

ཕྱི་ཟླ་ ༢ ཚེས་ ༢༡ ཉིན་ཡུག་རེན་མང་ཚོགས་ཀྱིས་རྒྱལ་སའི་ཐང་ཆེན་དུ་འཛོམས་ཏེ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཅིང་། ཚེས་ ༢༢ ཉིན་ཡུག་རེན་གྲོས་ཚོགས་ཀྱིས་དམིགས་བསལ་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ་ཡཱ་ཎོ་ཁོ་བོ་ཆི་སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་སྟབས། ཨུ་རུ་སུར་རྒྱབ་སྐྱོར་བྱེད་མཁན་གྱི་ཡུག་རེན་གྱེན་ལོག་ཤོག་ཁག་དང་ཡུག་རེན་གཞུང་བར་དམག་འཁྲུག་ལངས་ཏེ། མཐར་ཟླ་ ༡༠ ནང་ཨུ་རུ་སུས་ཡུག་རེན་གྱི་ས་ཁུལ་ཁེར་མེ་ཡཱ་མངའ་འོག་ཏུ་བསྡུས་ཡོད་སྟབས། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཐེངས་བཞི་བཏང་ནས་ཟུར་ཕུད་བྱས།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese