མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་རྫས་ཡིན་མིན་མ་ཤེས་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་སྔ་དྲོར་དྷ་སའི་གླིང་སྐོར་ལམ་ནས་ཅ་དངོས་ཤིག་རྙེད་ཡོད་པ་དེ་འབར་རྫས་ཡིན་པའི་དོགས་གཞིའི་འོག་རྒྱ་གར་བདེ་སྲུང་ལས་ཁུངས་ལ་སྤྲད་ཡོད་འདུག

དེ་རིང་སྔ་དྲོར་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་ཉེ་འགྲམ་གླིང་སྐོར་ལམ་དུ་ཨ་ཅག་གད་སྙིགས་སྒྲུག་མཁན་ཞིག་གིས་འབར་རྫས་ཤིག་རྙེད་ཡོད་པའི་པར་དང་གནས་ཚུལ་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་སྐད་ཆ་དྲིས་པར། ཅ་དངོས་དེ་འདྲ་ཞིག་རྙེད་དེ་ང་ཚོར་སྤྲད་པ་བདེན་པ་རེད། ང་ཚོས་དེ་མ་ཐག་རྒྱ་གར་བདེ་སྲུང་ལས་ཁུངས་ལ་སྤྲད་ཚར་ཡིན། ཅ་དངོས་དེ་ག་རེ་ཡིན་མིན་ང་ཚོས་གསལ་བོ་ཤེས་ཡོད་པ་མ་རེད། ད་ཆར་རྒྱ་གར་ལས་ཁུངས་སུ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༢༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༢༡ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 7

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 11 སྔོན།

    ཅ་ལག་འདི་གད་སྙིགས་ཡིན་སྲིད་ཀྱང་བལྟས་ཚོད་ཀྱིས་དོགས་འདྲོགས་ཡོང་བ་ཞིག་འདུག་་་་གང་ལྟར་གནས་ཚུལ་ད་རུང་གསལ་བོ་མི་འདུག

    Reply
  2. S D says:
    ལོ་ 11 སྔོན།

    ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བདེ་སྲུང་དྲུང་འཕར་ཀརྨ་རིན་ཆེན་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་སྤྱི་ཚོགས་དྲ་ལམ་ཁག་གི་ནང་བཞུགས་སྒར་རྡ་སའི་གླིང་སྐོར་ལམ་དུ་འབར་རྫས་རྙེད་པ་རེད། ཅེས་དོགས་འདྲོག་ཡོང་བའི་གནས་ཚུལ་ཐོན་ཡོད། ཅ་དངོས་དེར་བལྟས་པ་ཙམ་གྱི་དངངས་སྐྲག་དང་དོགས་འདྲོག་ཡོང་རྒྱུ་ཞིག་བརྒྱུད་ལམ་ཁག་གི་ནང་སྤེལ་བཞིན་འདུག་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་དུའང་གནས་ཚུལ་དེ་བཀོད་འདུག་པས་གནད་དོན་དེའི་ཐད་བདེ་སྲུང་ལས་ཁུངས་ནས་ཅ་དངོས་དེ་གང་ཡིན་ཞིབ་འཇུག་བྱ་ཆེད་འབྲེལ་ཡོད་ས་གནས་སྐོར་སྲུང་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད། ས་གནས་སྐོར་སྲུང་ལས་ཁུངས་ནས་ཀྱང་ཛ་དྲག་ཐོག་ཆེད་ལས་པ་སྐད་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་བར་བརྟེན་ཅ་དངོས་དེ་ནི་རྫས་རིགས་སོགས་ཉེན་ཚབས་ཅན་གང་ཡང་མིན་སྐོར་གསལ་པོ་གསུངས་བྱུང་།

    ངས་མི་དམངས་ཡོངས་ལ་ཞུ་རྒྱུར། སྤྱི་ཚོགས་ཀྱི་དྲ་ལམ་ཁག་གི་ནང་གནས་ཚུལ་ཞིབ་ཕྲ་མ་བརྟག་མ་དཔྱད་པར་གང་དྲན་བཀོད་རྒྱུ་དེ་རྩ་བ་ནས་ཡག་པོ་མིན་འདུག གནས་ཚུལ་ཆ་ཚང་རྟོགས་པའི་རྗེས་སུ་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བ་ཡིན་ན་འོས་པ་ཞིག་རེད། དེ་མིན་གང་བྱུང་བརྒྱུད་བསྒྲགས་གནང་བ་ཡིན་ན་སྤྱི་ཚོགས་ནང་དོགས་འདྲོག་ཡོང་རྒྱུ་དང་། དེ་ཡང་འབར་རྫས་རིགས་དང་། ལྷག་པར་བཞུགས་སྒར་གླིང་སྐོར་ཉེ་འཁོར་དུ་རྙེད་པ་རེད་ཅེས་ཧ་ལམ་ཆ་ཚང་ཧ་གོ་གི་ཡོད་པ་ལྟ་བུ་བྱས་ཏེ་སོ་སོའི་ངོས་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་པ་ལྟ་བུ་གནང་ན་རྩ་བ་ནས་ཡག་པོ་མིན་འདུག དེས་ང་ཚོའི་སྤྱི་ཚོགས་ལྷིང་འཇགས་ལ་གནོད་པ་མ་ཟད། དོ་བདག་རང་ཉིད་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། གང་ཡིན་ཞེ་ན་གནས་ཚུལ་འདི་རིགས་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པར་བརྟེན། མ་འོངས་པར་ཚང་མས་ཐུགས་གཟབ་གནང་རོགས་ཞུ་རྒྱུ་ཡིན། ལྷག་པར་མི་དམངས་ཡོངས་ལ་ཞུ་རྒྱུར་ཅ་དངོས་དེ་ནི་གད་སྙིགས་ཙམ་ལས་གཞན་གང་ཡང་རེད་མི་འདུག་པས་ཚང་མ་བློ་བདེ་པོ་གནང་རོགས་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་། །

    Reply
  3. ཤར་མདའ། says:
    ལོ་ 11 སྔོན།

    འདི་དཀྲོག་གཏམ་རེད།

    Reply
  4. མཁར་སྟོད། says:
    ལོ་ 11 སྔོན།

    གཙུག་ལག་ཁང་ཉེ་འགྲམ་ནས་ཅ་དངོས་རྙེད་སོན་བྱུང་བ་དེ་འབར་རྫས་ཀྱི་མིང་ཐོག་ཏུ་ཁྱབ་སྤེལ་བྱས་པ་ལས་བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་རིགས་སྤུ་ཟླ་མང་དག་ཅིག་ལ་བློ་འཚབ་ཐད་པ་ཞིག་བཟོས་ཡོད།

    མདང་ནུབ་ཐག་རིང་གི་དགའ་ཉེ་སྤུན་མཆེད་མང་པོ་ཞིག་གིས་ཁ་པར་ཡོང་ནས་དེའི་སྐོར་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་འདུག ཡག་སྙིང་རྩ་མ་ཚང་བ་སུ་འདྲ་ཞིག་གིས་དེ་ལྟར་ཉེན་ཁ་ཆེན་པོ་བཟོས་པ་ཡིན་ནམ།

    དོགས་གཞི་ཅན་གྱི་ཅ་དངོས་ཞིག་རྙེད་སོན་བྱུང་འདུག་ཅེས་ཁྱབ་བསྒྲགས་བྱས་ན་འོས་ཤིང་མཚམས་མོད་ཀྱང་ཅ་དངོས་རྙེད་སོན་བྱུང་བ་དང་ལམ་སེང་འབར་རྫས་ཀྱི་མིང་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས་པའི་དམིགས་ཡུལ་ག་རེ་ཡིན་ནམ།

    Reply
  5. བོད་པའི་བུ། says:
    ལོ་ 11 སྔོན།

    འདི་དཀྲོག་གཏམ་རེད་ཟེར། གད་སྙིགས་ནང་ནས་ཅ་ལག་འདི་ལྟ་བུ་ཞིག་རྙེད་པ་གྲྭ་པ་ཞིག་གིས་ལམ་སང་པར་བརྒྱབ་ནས་དྲ་ལམ་ཁག་ཏུ་དཀྲོག་གཏམ་སྤེལ་བ་ཞིག་ཡིན་འདུག་ཅིང་། རྒྱ་གར་དང་བོད་པའི་བདེ་སྲུང་མི་སྣས་བརྟག་དཔྱད་བྱས་པས་འགད་རྫས་མིན་པ་གསལ་བོར་ར་འཕྲོད་ཅིང་། ད་ལྟ་གྲྭ་པ་དེ་གར་ཡོད་རྩད་གཅོད་བྱེད་བཞིན་འདུག་ཅེས་སྐུ་སྲུང་བ་ཞིག་ལས་གསལ་བོར་དགེ་བཤེས་ཤིག་གི་ཐོས་འདུག

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་གལ་སྲིད་འགད་རྫས་ཡིན་ན་དེ་སྦས་སྐུང་བྱེད་ས་དེ་ག་བ་ཡོད་མེད་བཅས་གསལ་བོ་ཞིག་བསྐྱར་དུ་འགོད་རོགས་གནང་འབོད་སྐུལ་ཞུས་པ་ཡིན། ་་་་་་་་་

    Reply
  7. བསམ་དཀར། says:
    ལོ་ 11 སྔོན།

    གསར་འགྱུར་འདིས་ཀྱོག་ཀྱོག་ཆགས་བཞིན་པའི་གླེང་གཞི་ཞིག་ཡོ་བསྲང་བྱས་སོང་། དེ་རིང་གནས་ཚུལ་འདི་ཐོག་མ་སླེབས་སྐབས་རྡ་སུའི་གཙུག་ལག་ཁང་གུ་གླིང་སྐོར་ལམ་ཁ་ཞིག་ཅེས་བརྗོད་བཞིན་འདུག རིམ་གྱིས་སྐད་འཕྲིན་སོགས་སུ་གཙུག་ལག་ཁང་གི་སྒོ་རའི་ནང་གི་བརྩུགས་པའི་འོག་ཏུ་ཞེས་བཞིན་འདུག འདུག ཡང་གཞན་པ་ཞིག་ན་ཕོ་བྲང་རྒྱབ་ལོག་གི་བྲག་གསེབ་ཅིག་ཏུ་ཞེས་བརྗོད་བཞིན་འདགུ་ལ། ཁག་ཅིག་གིས་ལག་འབམ་གྲངས་བདུན་ཟེར་བ་དང་། ཁག་ཅིག་གིས་ཚད་མཐོ་བའི་འགད་རྫས་ལྕི་ཁོག་ཆེན་པོ་ཞིག་ཟེར་བ་སོགས་གནས་ཚུལ་མ་འདྲ་བ་ན་འདྲ་བ་གཅིག་རྗེས་གཉིས་མཐུད་དུ་གླེང་སློང་བྱེད་བཞིན་འདུག མ་འོངས་པར་རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་གི་མཇུག་འབྲས་གང་འདྲ་ཡིན་མིན་དང་གལ་སྲིད་འགད་རྫས་ཡིན་ན་དེ་སྦས་སྐུང་བྱེད་ས་དེ་ག་བ་ཡོད་མེད་བཅས་གསལ་བོ་ཞིག་བསྐྱར་དུ་འགོད་རོགས་གནང་འབོད་སྐུལ་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese