མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཆེ་ཚོས་ཤཱག་ལི་ཚང་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཆེའི་རྒྱལ་ཁབ་དང་ཚགས་ཤོག་མང་པོ་ཞིག་གིས་ཤཱག་ལི་ཨེབ་དྷོ་ཚགས་དེབ་ཁང་ལ་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བཏང་རྗེས་ཀྱི་འདོན་ཐེངས་དང་པོ་དཔར་འགྲེམས་བྱས་པར་སྐྱོན་བརྗོད་བྱེད་བཞིན་འདུག

ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་རྟེན་གཞི་བྱས་པའི་ཤཱག་ལི་ཧབ་དྷོ་(Charlie Hebdo) ཟེར་བའི་ཟུར་ཟའི་བདུན་རེ་ཚགས་དེབ་ཁང་གིས་ཟླ་འདིའི་ཚེས་ ༧ ཉིན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་བཏང་རྗེས་ཀྱི་ཚགས་དེབ་འདོན་ཐེངས་དང་པོ་བསྐྱར་དུ་དཔར་འགྲེམས་བྱས་ཏེ། འདོན་ཐེངས་འདིའི་མདུན་ངོས་སུ་ཁ་ཆེའི་སྟོན་པ་མཱོ་ཧཱ་མཱ་ཋ་(Prophet Muhammad) ཡིས་ངུ་འབོད་བྱེད་བཞིན་ལག་ཏུ། “ཤཱག་ལི” ཞེས་བྲིས་ཡོད་པ་དང་། རྒྱབ་ངོས་སུ་ “ཚང་མར་དགོངས་པ་དག་པ་ཡིན” ཞེས་འཁོད་པའི་ཟུར་ཟའི་རི་མོ་ཞིག་བཏོན་ཡོད་པ་དེར། ཁ་སང་པ་ཀི་སི་ཐན་གྲོས་ཚོགས་ཀྱིས་སྐྱོན་འཛུགས་གྲོས་ཆོད་ཅིག་བཞག་ཡོད་པ་དང་། པ་ཀི་སི་ཐན་གྱི་རྒྱལ་སའི་གཞུང་ལམ་ཐོག་མང་ཚོགས་སྟོང་ཕྲག་གཅིག་ལྷག་གིས་ཟུར་ཟའི་རི་མོ་འབྲི་མཁན་དེར་སྐེ་ཐག་དཔྱང་སྟེ་གསོད་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག གཞན། ཀྲར་ཀི་དང་ཧྥི་ལི་པན། ནེ་ཇི་རི་ཡ་དང་མུ་རེ་ཌ་ནེ་ཡ་(Mauritania)སོགས་ཀྱི་ནང་དུའང་ཁ་ཆེ་ཚོས་གཅིག་མཚུངས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

འདིའི་ཐད་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཨ་རིའི་སི་ཨན་ཨན་ (CNN) གསར་ལམ་ཐོག་བརྗོད་དོན། “སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་ཆོས་ལུགས་ཀྱི་དད་ཞེན་ལ་གཏོར་བརླག་བཏང་སྟེ། གཞན་ལ་འཚེ་བ་བྱེད་པར་སྐུལ་མ་བྱེད་པ་དེ་བཏང་སྙོམས་སུ་འཇོག་མི་རུང་བ་ཞིག་ཡིན་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ཁོང་ཁྲོ་སློང་གཞིའི་སྒྱུ་རྩལ་རིགས་ལ་སྔོན་འགོག་བྱེད་དགོས” ཞེས་བརྗོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་ཤཱག་ལི་ཚགས་དེབ་ཁང་གིས་བསྐྱར་དུ་འདོན་སྤེལ་བྱས་པ་དེ་བྲིན་རྒྱུག་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། ད་བར་དུས་དེབ་གྲངས་ས་ཡ་ ༥ དང་ཕྱེད་ལྷག་ཚོང་འགྲེམས་ཐུབ་ཡོད་ཀྱང་། ཁ་ཆེའི་རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུགས་མང་པོ་ཞིག་གིས་ད་རེབ་ཀྱི་ཚགས་དེབ་སྟེང་གི་རི་མོ་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག ཚེས་ ༡༥ ཉིན་ཇོར་ཌན་གཞུང་གིས་དུས་དེབ་ཁང་གིས་ཟུར་ཟའི་རི་མོ་དེ་འདྲ་མུ་མཐུད་འདོན་སྤེལ་བྱས་པ་དེས། ཁ་ཆེའི་མི་རིགས་ཀྱི་སེམས་ཚོར་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་མ་ཟད། དེ་ནི་གཞི་རྩའི་སྨྲ་བརྗོད་རང་དབང་ལ་རྒྱབ་འགལ་ཞིག་ཆགས་ཡོད་སྐོར་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག དེ་བཞིན། ནེ་ཇི་རི་ཡ་དང་སི་ཎི་གྷལ་སོགས་རྒྱལ་ཁབ་ཁག་ཅིག་ནང་ཚགས་དེབ་དེ་ཚོང་འགྲེམས་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་འདུག

ཁ་སང་ཨབ་གྷན་ནང་རྟེན་གཞི་བྱས་པའི་ཨལ་ཁེ་ཌ་འཇིགས་སྐུལ་ཚོགས་པས་ཤཱག་ལི་ཧེབ་དྷོ་གསར་ཁང་གིས་ཚགས་དེབ་ཐོག་མཱོ་ཧཱ་མཱ་ཋ་འདྲ་རིས་རི་མོ་བཏོན་པར་སྐྱོན་བརྗོད་དང་། ཚགས་དེབ་ཁང་ལ་གཏོར་རྒོལ་གཏོང་མཁན་གྱི་དྲག་སྤྱོད་པར་བསྟོད་བསྔགས་བཏང་ཡོད་པ་དང་། ཀྲར་ཀི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་དྲ་ཚིགས་ཐོག་ཤཱག་ལི་ཧེབ་དྷོ་དུས་དེབ་ཀྱི་མདུན་ངོས་རི་མོ་བཀོད་ཡོད་པ་དག་ལ་དམ་བསྒྲགས་བྱ་རྒྱུའི་བཀའ་རྒྱ་བཀྲམ་ཡོད་འདུག་ལ། སྲིད་བློན་ཨཱ་མེ་ཌི་(Ahmet Davutoglu) ཡིས་སྨྲ་བརྗོད་རང་དབང་ཟེར་བ་དེ་གཞན་ལ་དམའ་འབེབས་བྱེད་ཆེད་མ་རེད་ཅེས་སྐྱོན་བརྗོད་དང་། ཡེ་ཤུའི་བླ་ཆེན་པོབ་ཧྥན་སི་སི་མཆོག་ཤི་རི་ལན་ཁ་ནས་ཀྱང་། གསར་འགོད་པ་ཞིག་གི་དྲི་བར་བཀའ་ལན་བསྩལ་སྐབས་ཁོང་གིས་ང་ཚོས་མི་གཞན་གྱི་དད་ཞེན་ལ་དམའ་འབེབས་དང་ཁོང་ཁྲོ་སློང་གཞིའི་བྱ་འགུལ་དང་། ཀུ་རེ་སོགས་རྩེད་མི་རུང་། སྨྲ་བརྗོད་རང་དབང་ལ་ཚད་གཞི་ཞིག་དགོས་པ་རེད་ཅེས་བརྗོད་འདུག

བདུན་ཕྲག་འདིའི་རེས་གཟའ་ལྷག་པར་ཤཱག་ལི་ཧེབ་དྷོ་འདོན་སྤེལ་བྱས་རྗེས། ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་ཡིས་ཤཱག་ལི་ཧེབ་དྷོ་གསོན་པོར་གནས་ཡོད་ལ་མ་འོངས་པར་ཡང་མུ་མཐུད་དུ་གནས་རྒྱུ་རེད། ཁྱེད་ཚོས་བུད་མེད་དང་སྐྱེས་པ་དམར་གསོད་གཏོང་ཐུབ་ཀྱང་། ཁོ་ཚོའི་བསམ་བློའི་ངོས་ཀྱི་སྒྱུ་རྩལ་དེ་བཅོམ་ཐུབ་རྒྱུ་མ་རེད། དེ་རིང་སླར་ཡང་ཚགས་དེབ་འདི་ང་ཚོའི་མིག་མདུན་དུ་མངོན་ཡོད་ཅེས་དང་། ཁྲིམས་འཛིན་བློན་ཆེན་ཌུ་བྷེ་ར་ཡིས་ (Christiane Taubira) ཧྥ་རན་སི་ནི་མཱོ་ཧཱ་མཱ་ཋ་སོགས་ག་རེ་བྲིས་ཀྱང་འབྲི་ཆོག་པའི་རྒྱལ་ཁབ་ཅིག་ཡིན་ཞེས་བརྗོད་ཡོད་སྟབས། ཡེ་མན་ནང་རྟེན་གཞི་བྱས་པའི་ཨལ་ཁ་ཌ་ཚོགས་པའི་མགོ་གཙོ་ཡིས་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཏེ། ཁོས་ཤཱག་ལི་ཧེབ་དྷོ་ཁང་ལ་གཏོར་རྒོལ་བཏང་བ་དེ་ནི། ང་ཚོའི་སྟོན་པ་མཱོ་ཧཱ་མཱ་ཋ་མཆོག་ལ་ཟུར་ཟའི་རི་མོ་བྲིས་པར་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་བརྗོད་འདུག

ནེའུ་ཡོག་དུས་བབ་ཀྱི་མདུན་ཤོག་སྟེང་ཤཱག་ལི་ཧེབ་དྷོ་འདོན་ཐེངས་འདིས་སྔར་ལྷག་ཁ་ཆེ་བ་ཚོར་འཚེ་བར་སྐུལ་བ་ཞིག་ཆགས་སྲིད་སྐོར་བཀོད་ཡོད་པ་དང་། ཇོར་ཌན་གྱི་ཨལ་དྷ་ས་ཌོར་ (Al-Dustour) ཚགས་ཤོག་གི་མདུན་ངོས་སུའང་ཤཱག་ལི་ཧེབ་དྷོ་ཡིས་མུ་མཐུད་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་སྤེལ་བཞིན་འདུག་འཁོད་ཡོད་འདུག ཨལ་ཇེ་རི་ཡའི་ཨི་ཆོར་རུག་(Echourouk) དང་ཧཱ་བྷེབ་ (Habib Rashdin) གསར་འགྱུར་བརྒྱུད་ལམ་གཉིས་ཀྱིས་ཤཱག་ལི་ཧེབ་དྷོས་དམར་ཐིག་ལས་བརྒལ་ཏེ་ཁ་ཆེ་ཚོར་ཁ་གཏད་གཅོག་བཞིན་ཡོད་པ་ནི་མ་འགྲིག་པ་ཞིག་ཡིན་སྟབས། ཁ་ཆེའི་མི་རིགས་ཚོས་གཞུང་ཚབ་ཁང་བརྒྱུད་ཁྲིམས་གཏུགས་བྱེད་དགོས་ཞེས་བཀོད་འདུག དེ་བཞིན་ཨལ་ཇེ་རི་ཡའི་ཨན་ཎཱ་ཧར་ (Ennahar) ཚགས་ཤོག་གི་མདུན་ཤོག་སྟེང་དུ། ང་ཤཱག་ལི་ཡིན་ཟེར་བའི་ཚབ་ཏུ་ང་ཚོ་ཚང་མ་མཱོ་ཧཱ་མཱ་ཋ་ (We are all Muhammad) ཡིན་ཞེས་བཀོད་ཡོད་འདུག དེ་བཞིན། རྒྱ་ནག་གི་གོ་ལའི་དུས་བབ་ (Global Times) ཀྱི་རྩོམ་སྒྲིག་པའི་གཏམ་ནང་དུའང་། ཟུར་ཟའི་རི་མོ་དེ་འབྲི་མི་འོས་པ་ཞིག་རེད་ཅེས་དང་། བྷི་བྷི་སི་ཡིས་ཟུར་ཟའི་རི་མོ་དེ་ནི་གནས་ཚུལ་འགོད་སྤེལ་བྱེད་ཆེད་ཀྱི་རྒྱུ་ཆ་གཙོ་བོ་དེ་ཡིན་སྟབས་ང་ཚོས་འདོན་སྤེལ་བྱས་པ་ཡིན་ཞེས་བཀོད་འདུག

ཁ་སང་ཧྥ་རན་སི་གཞུང་དང་ནང་མི་ཉེ་འབྲེལ་གཙོས་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་སྐྱེལ་མ་འོག ཟླ་འདིའི་ཚེས་ ༧ ཉིན་འཇིགས་སྐུལ་རིང་ལུགས་པའི་ལག་འོག་ཏུ་འདས་གྲོངས་སུ་སོང་བའི་ཟུར་ཟའི་རི་མོ་འབྲི་མཁན་གྷོར་ཇི་ (Georges Wolinski) དང་བྷེ་ཎར་ཌི་ (Bernard Verlhac)། ཆེད་རྩོམ་སྤེལ་མཁན་ལྕམ་ཨིལ་སཱ་ (Elsa Cayat) དང་ཉེན་རྟོག་པ་ཧྥན་ཁཱ་ (Franck Brinsolaro) བཅས་ཀྱི་ཕུང་པོ་དུར་མཆོད་བྱས་ཡོད་ཅིང་། སྐབས་དེར་གྷོར་ཇི་ (Georges Wolinski) ལགས་ཀྱི་བུ་མོ་ཨིལ་སཱ་ (Elsa) ཡིས་ཁོ་ཚོས་ངའི་པ་ལགས་བསད་ཀྱང་། ཁོང་གི་བློ་རིག་རྩ་མེད་བཟོ་ཐུབ་ཀྱི་མ་རེད། དེར་བརྟེན། ང་ཚོ་འདིར་ཤཱག་ལི་ཧེབ་དྷོའི་ལྟ་གྲུབ་རྣམ་གཞག་རྒྱུན་འཁྱོངས་ཆེད་ཡར་ལངས་བྱེད་པར་ཡོང་བ་ཡིན་ཞེས་དང་། ཤཱག་ལི་ཧེབ་དྷོའི་ཟུར་ཟའི་རི་མོ་འབྲི་མཁན་ཁཱོ་རེ་ཎེ་(Corinne Rey) ཡིས་ང་ཚོའི་དུས་དེབ་མུ་མཐུད་གནས་རྒྱུ་རེད་ལ། སྔར་ལས་མི་འདྲ་བ་ཞིག་ཀྱང་ཆགས་རྒྱུ་རེད། ཁྱེད་རང་ཚོ་ཞེད་དགོས་དོན་མེད་ལ་ང་ཚོ་ཡང་ཞེད་སྣང་སྐྱེ་དགོས་དོན་མི་འདུག་ཅེས་ བརྗོད་འདུག

ད་ལྟ་ཧྥ་རན་སི་གཞུང་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མུ་མཐུད་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མ་ཟད། དེ་རིང་འཇར་མན་གྱི་སྲིད་བློན་ཨན་གྷི་ལ་མེར་གྷལ་མཆོག་གིས། ཧྥ་རན་སིའི་སྲིད་འཛིན་མཆོག་ལ་ཁ་པར་བཏང་སྟེ་ང་ཚོར་དཀའ་ངལ་འཕྲད་སྐབས་མཉམ་དུ་ཡར་ལངས་བྱེད་དགོས་ཞེས་བརྗོད་ཡོད་འདུག ཁ་སང་ཕྱི་དྲོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་མཆོག་ཧྥ་རན་སིར་བསྐྱོད་དེ་འདས་པོ་ཚོའི་ནང་མིར་སེམས་གསོ་བཏང་ཡོད་པ་མ་ཟད། དེ་རིང་དང་སང་ཉིན་ཧྥ་རན་སིའི་སྲིད་འཛིན་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་གནད་དོན་དང་། དེ་མིན་གྱི་གནད་དོན་ཁག་ཅིག་གི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་་་་ ནེའུ་ཡོག་དུས་བབ་ཀྱི་མདུན་ཤོག་སྟེང་ཤཱག་ལི་ཧེབ་དྷོ་འདོན་ཐེངས་འདིས་སྔར་ལྷག་ཁ་ཆེ་བ་ཚོར་འཚེ་བར་སྐུལ་བ་ཞིག་ཆགས་སྲིད་སྐོར་བཀོད་ཡོད་པ་དང་། ཇོར་ཌན་གྱི་ཨལ་དྷ་ས་ཌོར་ (Al-Dustour) ཚགས་ཤོག་གི་མདུན་ངོས་སུའང་ཤཱག་ལི་ཧེབ་དྷོ་ཡིས་མུ་མཐུད་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་སྤེལ་བཞིན་འདུག་འཁོད་ཡོད་འདུག ་་་་་་་་་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་་་་ ཡེ་མན་ནང་རྟེན་གཞི་བྱས་པའི་ཨལ་ཁ་ཌ་ཚོགས་པའི་མགོ་གཙོ་ཡིས་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཏེ། ཁོས་ཤཱག་ལི་ཧེབ་དྷོ་ཁང་ལ་གཏོར་རྒོལ་བཏང་བ་དེ་ནི། ང་ཚོའི་སྟོན་པ་མཱོ་ཧཱ་མཱ་ཋ་མཆོག་ལ་ཟུར་ཟའི་རི་མོ་བྲིས་པར་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་བརྗོད་འདུག ་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese