མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་གྱ་སྟོན་གྱི་ལོ་གསར་ལ་རོལ།

བོད་ཀྱི་དུས་བབ།
༢༠༡༥/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་རྔ་པ་ཁུལ་གྱི་དགོན་གྲོང་གཉིས་ནས་ད་ལོའི་ལོ་གསར་སྐབས་༧གོང་ས་མཆོག་དགུང་ལ་༨༠ ཕེབས་པའི་སྐུའི་གྱ་སྟོན་ཆེད་རྟེན་འབྲེལ་ཆེད་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་འདུག

དེ་རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བློ་བཟང་བསམ་འཕེལ་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༢ པའི་ཚེས་ ༡༨ ཉིན་ཏེ། ལུགས་རྙིང་གི་བོད་ལོའི་གནམ་གང་དགོང་མོའི་བོད་ནང་གི་ཆུ་ཚོད་ ༡༢།༠༠ སྟེང་། བོད་མདོ་སྨད་རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགེ་འདུན་པ་ཡོངས་དགོན་པའི་མདུན་ཐང་དུ་འཛོམས་ཏེ། རྒྱ་སྒོར་ཁྲི་ ༤ ལྷག་གི་ཤོག་སྦག་སྒྲོན་པ་དང་ལྷ་ཁང་འདུ་ཁང་སྟེང་གློག་སྒྲོན་སྤར་བ་སོགས་བྱས་ཏེ་༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་གྱ་སྟོན་གྱི་ལོ་གསར་སྲུང་གཙི་གནང་ཡོད་འདུག

ཚེས་ ༡ ཉིན་གྱི་ཐོ་རངས་ཆུ་ཚོད་ ༣ པ་ཡས་མས་ལ་དགོན་པའི་བླ་མ་ལས་སྣེ་ཚོས་འདུ་ཁང་ཡང་སྟེང་གི་༧གོང་ས་མཆོག་གི་གཟིམ་ཆུང་གི་བཞུགས་ཁྲིའི་སྟེང་དུ། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞལ་འབྱེད་གནང་སྟེ། གྲྭ་མང་ཡོངས་ཀྱིས་ཁ་བཏགས་སྒྲོན་འབུལ་དང་མཇལ་ཁ་ཞུས་ཏེ་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པར། དེ་ནི་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་བ་ནས་ད་བར་བོད་ཕྱི་ནང་གཉིས་སུ་ཛ་དྲག་གི་གནས་ཚུལ་མུ་མཐུད་ལྷག་པར་བརྟེན་ཏེ། འདས་པའི་ལོ་ངོ་དྲུག་རིང་རྔ་པ་ས་ཁུལ་ཡོངས་ཀྱི་བོད་མི་ཚོས་ལོ་གསར་བཏང་མེད་ཀྱང་། ད་ལོ་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་གྱ་སྟོན་ལ་འཁེལ་ཡོད་སྟབས། ཁོང་ཉིད་སྐུ་ཚེའི་བསྐལ་བརྒྱབ་བརྟེན་ཞིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་བརྟེན་འབྲེལ་མཚོན་ཆེད་དུ། སྒོ་མང་དགོན་པའི་གྲྭ་མང་ཡོངས་ཀྱིས་མ་སྐུལ་དང་བླངས་ཐོག་དེ་ལྟ་བུའི་བྱེད་སྒོ་རྒྱ་ཆེན་པོ་ཞིག་སྤེལ་བ་ཡིན་འདུག

ལོ་གསར་ཚེས་ ༢ ཉིན་སྒོ་མང་དགོན་པའི་གནས་ཆུང་སྒོ་རྭའི་ནང་དུ་ལྷ་སྡེ་ཚོ་བ་དྲུག་གིས་བསང་གསོལ་ཆེན་པོ་ཞིག་བྱས་ཡོད་པ་དང་། སྐབས་དེར་ཚོ་དཔོན་གྱིས་མང་ཚོགས་འདུ་འཛོམས་ཀྱི་དབུས་སུ་ད་ལོ་ནི་གོང་ས་ལྷ་མིའི་རྣམ་འདྲེན། འཛམ་གླིང་ཞི་བདེ་དེད་དཔོན། ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དགུང་གྲངས་བརྒྱ་ཅུར་ཕེབས་པའི་བཀྲ་ཤིས་པའི་ལོ་གསར་ཁྱད་པར་ཅན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ཅེས་བརྟེན་འབྲེལ་བསྒྲིགས་ཏེ་ཁ་གཡང་བརྗོད་ཡོད་འདུག

གནས་ཚུལ་ཁོ་སྤྲོད་པས་བརྗོད་པ་ལྟར་ན། ཀུན་མཁྱེན་བསྟན་པའི་རྒྱལ་མཚན་མཆོག་གིས་སྲོལ་གཏོད་མཛད་པ་ལྟར། སྔོན་ཆད་ལོ་ལྟར་ལོ་གསར་ཚེས་པ་ ༢ ཉིན་ལྷ་སྡེ་ཚོ་བ་དྲུག་གིས་གནས་ཆུང་ར་བའི་ནང་དུ་བསང་གསོལ་ཆེན་པོ་ཞིག་བྱས་རྗེས། སྒོ་མང་དགོན་པའི་རྒྱབ་ལོགས་ཀྱི་ཐང་ཆེན་དུ་རྟ་རྒྱུག་བྱེད་སྲོལ་ཡོད་པ་དང་། དེ་དང་འབྲེལ་ནས་ཚེས་ ༣ ཉིན་ནས་བཟུང་ཚེས་ ༡༦ ཉིན་བར་སྒོ་མང་དགོན་པའི་སྨོན་ལམ་ཆེན་མོ་ཚོགས་སྲོལ་ཡོད་ཀྱང་། ༢༠༠༨ ལོ་ནས་བསང་གསོལ་དང་རྟ་རྒྱུག་གཉིས་ཀ་མཚམས་འཇོག་བྱས་ཡོད་ཀྱང་། ད་ལོ་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་བརྟེན་འབྲེལ་ཆེད་བསང་གསོལ་ཆེན་མོ་བསྐྱར་དུ་དབུ་འཛུགས་གནང་ཡོད་ནའང་རྟ་རྒྱུག་ད་ལོར་ཡང་མེད་པ་བྱས་ཡོད་འདུག  

སྒོ་མང་དགོན་པའི་སྨོན་ལམ་ཆེན་མོ་དེར་ཚོ་བ་དྲུག་གིས་རེས་མོས་ཀྱིས་འགན་འཁུར་ཏེ་བསྟན་པའི་སྦྱིན་བདག་གནང་གི་ཡོད་པ་ལྟར་ད་ལོ་བསུ་བ་མཚོ་བའི་གཙོ་འགན་འཁུར་ཡོད་འདུག རྔ་པ་སྒོ་མང་དགོན་དུ་གྲྭ་ཚང་གཉིས་དང་ད་ལྟ་དགེ་འདུན་པ་ཞལ་གྲངས་ཆིག་སྟོང་ལྷག་ཡོད་འདུག ལྷ་སྡེ་ཚོ་བ་དྲུག་ཅེས་པ་ནི་སྣ་ཤུལ་ལྷ་སྡེ་དང་བསུ་བ་ལྷ་སྡེ། སྔོན་ཤུལ་ལྷ་སྡེ། རྒྱ་སྟོད་ལྷ་སྡེ། འཚམས་རིང་ལྷ་སྡེ། ཞིང་ངེ་ལྷ་སྡེ་བཅས་ཡིན་འདུག

གཞན། ལོ་གསར་ཚེས་གཅིག་ཉིན་རྔ་པ་ས་ཁུལ་གྱི་ཇོ་ནང་བསེྭ་དགོན་པ་དང་ཀིརྟི་དགོན་པ། གཉེན་རྩེ་དགོན། མགོ་ལོག་ཁང་གསར་ཁང་རྒན། བླ་བྲང་དང་རེབ་གོང་། གཅན་ཚ་སོགས་སུའང་དགོན་སྡེ་ཁག་ནང་༧གོང་ས་མཆོག་གི་སྐུ་པར་བསྒྲིག་ཤོམ་དང་། གྲོང་པའི་སྐྱ་བོ་ཚོས་བསང་གསོལ་དར་འཛུགས་སོགས་ཀྱི་ལམ་ནས་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པར་རྟེན་འབྲེལ་མཚོན་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་འདུག

མདོ་སྨད་ཕྱོགས་སུ་བླ་སྤྲུལ་དགེ་བཤེས་དང་མི་ཆེན་དཔོན་ཆེན་ཚོ་དགུང་ལོ་ ༨༠ ལ་ཕེབས་སྐབས། ‘བརྒྱད་ཅུའི་གྱ་སྟོན’ཞེས་དགུང་ལོ་མཐོན་པོའི་བར་སྐུ་འཚོ་བཞུགས་གནང་བའི་དགའ་སྟོན་ཆེད། ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བའི་ལམ་སྲོལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese