མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་ཀྱི་ལོ་གསར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༥/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ལོ་གསར་སྲུང་གཙི་དང་འབྲེལ་བོད་ཀྱི་ཐུན་མོང་མིན་པའི་ཆོས་རིག་ལ་ཆེ་བསྟོད་ཞུས་ཡོད་འདུག

ཟླ་འདིའི་ཚེས་ ༢༣ ཉིན་ཝ་ཤིན་ཌོན་དུ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག བོད་པའི་ལོ་གསར་སྲུང་གཙི་ཞུས་ཡོད་ཅིང་། དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་འབྲེལ་མཐུད་པ་ལྕམ་སཱ་ར་སི་ཝལ་ (Sarah Sewall) མཆོག་དང་གཞུང་ཚབ་ཁག་གི་ལས་བྱེད་རྣམ་པ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་བ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། གཞན། ས་གནས་བོད་རིགས་དང་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་ ༡༠༠ ཡས་མས་ཤིག་མགྲོན་འབོད་གནང་ཡོད་པ་དང་། དེ་ནི་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐོག་མ་དེ་ཡང་ཆགས་ཡོད་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་འབྲེལ་མཐུད་པ་ལྕམ་སཱ་ར་སི་ཝལ་མཆོག་གིས་ངོ་སྤྲོད་གཏམ་བཤད་གནང་དོན། “ད་རེབ་ཐེངས་དང་པོར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་པའི་ཆོས་རིག་གི་ངོ་བོ་མཚོན་མཁན་ཚོ་དང་ལྷན་དུ་བོད་ཀྱི་ལོ་གསར་སྲུང་གཙི་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། དུས་རྒྱུན་ང་ཚོ་མང་ཆེ་བའི་སྡོད་ཁྱིམ་གྱི་ཕྱི་ནང་དུ་རླུང་དར་འདོགས་སྲོལ་ཡོད་ཀྱང་། ད་ཐེངས་ཕྱི་སྲིད་ལྷན་ཁང་ནང་རྒྱལ་སྤྱིའི་ཐོག་བོད་ཀྱི་རིག་གཞུང་གི་ངོ་བོ་མཚོན་ཞིང་། མཛེས་སྡུག་རྣམ་པར་བཀྲ་བའི་རླུང་དར་འདོཊ་ཐུབ་པར་སྤྲོ་བ་ཆེན་པོ་སྐྱེས་བྱུང་བ་མ་ཟད། མ་འོངས་པར་མུ་མཐུད་ལོ་གསར་གྱི་དུས་སྟོན་འདི་གཉེར་ཐུབ་པའི་རེ་བ་ཡོད” ཅེས་དང་།

ཁོ་མོས་མུ་མཐུད་དུ། “ད་ལྟ་ཨ་རིའི་ནང་བོད་རིགས་ཁྲི་གཅིག་ཙམ་ལས་མེད་ཀྱང་། ཁྱེད་ཚོར་བླ་ན་མེད་པའི་དབུ་ཁྲིད་དང་རླུང་དར། ཟློས་གར་གཙོས་ཐུན་མོང་མིན་པའི་རིག་གཞུང་བརྒྱུད། རྒྱལ་སྤྱིའི་སྤྱི་ཚོགས་དང་མང་ཚོགས་ལ་བོད་ཀྱི་གནས་བབ་དང་རིག་གཞུང་དག་ཁྱབ་སྤེལ་གཏོང་ཐུབ་པ་བྱུང་སྟེ། ད་ལྟ་ཡུལ་གྲུ་མང་པོ་ཞིག་ནང་ལོ་གསར་སྲུང་གཙི་ཞུ་བཞིན་ཡོད་སྟབས། ཁྱེད་ཚོའི་ཤུགས་རྐྱེན་ནི་ཧ་ཅང་ཆེན་པོ་དང་འགུལ་ཤུགས་ལྡན་པ་ཞིག་ཆགས་ཡོད། ༡༩༤༢ ལོར་ཨ་རིའི་སྲིད་འཛིན་རའོ་སེ་ཝལ་ (Franklin D. Roosevelt) གྱིས་དགུང་གྲངས་བདུན་ལ་ཕེབས་པའི་ཏཱ་ལའི་བླ་མ་མཆོག་ལ་ཕྱག་བྲིས་ཤིག་སྤྲིངས་པའི་ནང་། ཁོང་གིས། དུས་ཡུན་རིང་པོ་ཞིག་ནས་བཟུང་ཨ་རིའི་ནང་ཕྲན་གྱི་གཙོས་མི་མང་པོ་ཞིག་གིས་ཁྱེད་ཀྱི་ཡུལ་དང་མི་མང་ལ་དགའ་མོས་བྱེད་ཀྱི་ཡོད་གསུངས་ཡོད་པ་དེ་ད་ལྟ་དོན་དངོས་ཤིག་ཆགས་ཏེ། ལག་ལེན་དངོས་ཐོག་སྐྱོད་བཞིན་ཡོད་པ་རེད། ན་ནིང་ཕྲན་བལ་ཡུལ་དང་རྒྱ་གར་ནང་བོད་མི་འདུས་སྡོད་བྱེད་ཡུལ་གྱི་གཞིས་ཆགས་ཁག་ཅིག་ནང་ལྟ་སྐོར་བྱེད་རྒྱུའི་གོ་སྐབས་ཐོབ་ཅིང་། དྷ་རམ་ས་ལར་བོད་ཀྱི་ཟློས་གར་བལྟས་པ་དང་བོད་མི་མང་པོ་ཞིག་དང་གླེང་མོལ་བྱས་སྐབས། ཁོ་ཚོ་མང་ཆེ་བས་སོ་སོའི་རིག་གཞུང་ལ་སྤོབས་སེམས་ཆེན་པོ་བྱེད་ཀྱི་འདུག་ལ། བྱམས་སྙིང་རྗེ་དང་ཡ་རབས་སྤྱོད་ཚུལ་ལྡན་ཞིང་ཀུན་གྱིས་དགའ་འོས་པ་ཞིག་འདུག དེ་རིང་ཕྱི་སྲིད་ལྷན་ཁང་དང་འདིར་མཉམ་འཛོམས་བྱུང་བའི་མང་ཚོགས་ཚོས་བོད་པའི་རིག་གཞུང་བཟང་པོ་དེར་ཆེ་བསྟོད་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་གཟི་བརྗིད་རེད”ཅེས་སོགས་བརྗོད་འདུག

རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ཨ་རིའི་གཞུང་གིས་ད་ཐེངས་བོད་ཀྱི་ལོ་གསར་སྲུང་གཙི་ཞུས་པ་དེས་གང་མཚོན་གྱི་ཡོད་མེད་ཐད། ད་རེབ་ཨ་རིའི་གཞུང་དང་ལྷག་པར་དུ་ཕྱི་སྲིད་ལྷན་ཁང་ངོས་ནས་བོད་ཀྱི་ལོ་གསར་སྲུང་གཙི་ཞུས་པ་དེ་ནི། ཨ་རིས་བོད་ཀྱི་ཐུན་མོང་མིན་པའི་ངོ་བོ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་རྒྱུའི་སྲིད་ཇུས་གཏན་ལ་ཕབ་ཡོད་པ་དེ་རྒྱུན་འཛིན་བྱས་ཏེ། དེར་མུ་མཐུད་རྐྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་པ་ཞིག་ཆགས་ཡོད་ཅེས་སོགས་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དུས་སྟོན་འདི་འདྲ་ཞིག་གོ་སྒྲིག་གནང་བ་དེ་ནི། བོད་རིགས་ཨ་རི་བ་ཚོའི་རིག་གཞུང་དང་དེས་ཨ་རིའི་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་གྱི་ཡོད་པར་ངོས་འཛིན་གནང་བ་ཞིག་ཆགས་ཡོད་སྟབས། ཨ་རིའི་གཞུང་གིས་ལས་འཆར་འདི་འདྲ་ཞིག་མགོ་འཛུགས་གནང་བར་ང་ཚོར་དགའ་སྤྲོ་ཆེན་པོ་བྱུང་ཞེས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རིག་ལྡན་སྒྲོལ་མ་ལགས་ཀྱིས། ཉེ་ལམ་༧གོང་ས་མཆོག་ཨ་རིའི་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་སྟོན་སྟེང་ཕེབས་པར་དགའ་སྤོབས་ཆེན་པོ་བྱུང་ཡོད་པའི་སྐབས་འདིར། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ལོ་གསར་དགའ་སྟོན་སྲུང་གཙི་ཞུས་པ་ནི་དེ་ལས་དགའ་སྤྲོ་འཕེལ་བ་ཞིག་ཡིན་སྐོར་བརྗོད་འདུག

ལོ་གསར་དུས་སྟོན་སྐབས་ས་གནས་བོད་རིགས་ཚོས་སྐུ་མགྲོན་ཚོར་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་། སྲོལ་རྒྱུན་གྱི་བཞེས་སྤྲོ་དང་འབྲས་ཆང་སོགས་འདེགས་འབུལ་ཞུས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༢༢ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༢༢ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༢༢ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese