མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་ཐང་དུ་ཞི་བདེའི་ལྷན་ཚོཊ་ཐེངས་གཉིས་པ་བསྡུས།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

འཛམ་ཐང་བསམ་གྲུབ་ནོར་ནུའི་གླིང་དུ་ཞི་བདེའི་ལྷན་ཚོགས་ཐེངས་གཉིས་པ་བསྐོངས་པའི་ཐོག བོད་མི་ནང་ཁུལ་དུ་འཁྲུག་འཛིང་རྐུ་འཕྲོག་བཅོམ་གསུམ་སོགས་མི་བྱེད་པའི་གྲོས་ཆོད་དོན་ཚན་བཞི་བཞག་ཡོད་འདུག

ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ནས་བཟུང་ཉིན་གསུམ་རིང་ཇོ་ནང་པའི་གདན་ས་ཆེན་མོ་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དུ། ཕྱི་ལོ་ ༢༠༡༢ ལོར་དྲག་པོའི་མཚོན་ཆའི་རིགས་རྩ་རྫོགས་བྱས་ཤིང་རང་རིགས་ཕུ་ནུ་ཡོངས་ལ་ནང་དམེ་དང་། ནང་རྐུན་མི་བྱེད་པའི་དམ་བཅའ་བཞག་ནས་ལོ་འཁོར་གསུམ་འཁོར་བའི་རྗེས་དྲན་དང་འབྲེལ་བའི་ཞི་བདེའི་ལྷན་ཚོགས་ཐེངས་གཉིས་པ་ཞེས་པ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་ཇོ་ནང་ཆོས་བརྒྱུད་ཀྱི་དབུ་འཛིན་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་མཆོག་གིས་དབུས་གཙང་བ་དགོན་པ་དང་། ཆོས་རྗེ་དགོན། ཚེ་བཅུ་དགོན། གསང་ལུང་དགོན། ཨ་སིག་དགོན་སོགས་འཛི་གཞུང་གི་ཇོ་ནང་དང་། རྙིང་མའི་དགོན་སྡེ་བཅུ་ ༣༠ ལྷག་གི་བླ་སྤྲུལ་མཁན་གསུམ་དབུ་བཞུགས་ཐོག་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་འདུའི་ཉིན་དང་པོར་སྟོད་མ་ཡུལ་ཚོ་སྟེ་ཚྭ་ཁ་དང་། གོང་རྒྱ། རི་འཕོང་། ཤོས་མདའ་སོགས་དང་། ཉིན་གཉིས་པར་བར་མ་ཡུལ་ཚོ་སྟེ་ཆོས་རྗེ། གཙང་བ། ཡུལ་བ། ཡག་མདོ། ཀ་ཐོག་ཡུལ་ཚོ། ཉིན་གསུམ་པར་ན་མདའ་ཡུལ་ཚོ་དང་། རྫོང་མདའ་ཡུལ་ཚོ་གཉིས་བཅས་ཆ་བགོས་ཀྱིས་འཛོམས་ཡོད་ཅིང་། ཉིན་རེར་ཁྱོན་མི་གྲངས་ཆིག་སྟོང་ནས་ཉིས་སྟོང་ལྷག་འདུ་འཛོམས་བྱུང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་ལྷན་ཚོགས་ཀྱི་དགོས་དམིགས་དང་བརྗོད་དོན་སྐོར་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༢ པ་ནས་བཟུང་ཇོ་ནང་འཛམ་ཐང་དགོན་ཆེན་དུ་འཛམ་ཐང་གཙང་སྡེ་ཚོ་བ་དང་། ཆོས་རྗེ་ཚོ་བ་གཉིས་ཀྱིས་གཙོས་འཛི་གཞུང་གི་ཚོ་བ་ཡོངས་ཀྱི་མི་སྐྱ་ཕོ་མོ་ཡོངས་ཀྱིས། བོད་མིའི་ནང་ཕན་ཚུན་ལ་ནང་དམེ་དང་། ནང་རྐུ་སོགས་མི་བྱེད་པའི་དམ་བཅའ་བརྟན་པོར་བཞག་ནས་ལོ་འཁོར་གསུམ་འཁོར་བའི་རྗེས་དྲན་འཚོགས་འདུ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུ་དང་འབྲེལ་ནས་འཛི་ཡུལ་སྟོད་སྨད་བར་གསུམ་གྱི་རྒན་དར་གཞོན་གསུམ་གྱིས་མཐུན་པའི་ལག་ཟུང་དམ་དུ་སྦྲེལ་ཏེ། འཚེ་མེད་ཞི་བདེའི་ལམ་བཟང་བརྟན་འཇགས་ཡོང་ཆེད། མ་བསྐུལ་དང་བླངས་པ་ཆིག་ཁྲི་ལྷག་གིས་ཤོ་མི་རྒྱག་པ་དང་། མི་རིགས་གང་ཡིན་ཡང་འཁོན་འཛིང་མི་བྱེད་པ། རྐུ་འཕྲོག་བཅོམ་གསུམ་སོགས་མི་བྱེད་པ་དང་། ཡང་ན་མང་ཚོགས་ཁྲོད་དོན་རྐྱེན་གང་བྱུང་འདུམ་འགྲིག་ཚོགས་པའམ་ཞི་བདེ་ཚོགས་པས་ཐག་གཅོད་ལ་གུས་བཀུར་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དོན་ཚན་བཞི་གཏན་འབེབས་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༢༢ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༢༣ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་ འཚེ་མེད་ཞི་བདེའི་ལམ་བཟང་བརྟན་འཇགས་ཡོང་ཆེད། མ་བསྐུལ་དང་བླངས་པ་ཆིག་ཁྲི་ལྷག་གིས་ཤོ་མི་རྒྱག་པ་དང་། མི་རིགས་གང་ཡིན་ཡང་འཁོན་འཛིང་མི་བྱེད་པ། རྐུ་འཕྲོག་བཅོམ་གསུམ་སོགས་མི་བྱེད་པ་དང་།
    ཡང་ན་མང་ཚོགས་ཁྲོད་དོན་རྐྱེན་གང་བྱུང་འདུམ་འགྲིག་ཚོགས་པའམ་ཞི་བདེ་ཚོགས་པས་ཐག་གཅོད་ལ་གུས་བཀུར་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དོན་ཚན་བཞི་གཏན་འབེབས་གནང་ཡོད་འདུག ་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese