མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིང་མོ་ལུག་ལོའི་དམ་བཅའ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོ་བོད་ཕྱི་ནང་གཉིས་དང་མདོ་དབུས་ཁམས་གསུམ་གྱི་ལོ་གསར་ཉིན་གཅིག་ལ་ཁེལ་འདུག ལོ་གསར་གཏོང་སྟངས་ཀྱི་རྣམ་པའང་འདས་པའི་ལོ་ཤས་ནང་གི་ཡག་ཤོས་དེ་རེད། འདི་གཅིག་ནས་བོད་མི་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་གཅིག་པུ་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་དགའ་སྟོན་གྱི་རྣམ་པ་ཞིག་ཡིན་ལ། གཉིས་ནས་དཀའ་སྡུག་གི་གོ་རིམ་ཁྲོད་ནས་རེ་བ་གསར་པ་བསླེབས་ཏེ། བོད་མི་ཚོས་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་འདོད་པའི་དོན་རྣམས་མངོན་འགྱུར་བྱེད་རྒྱུར་སྟ་གོན་བྱས་པ་མཚོན་ཡོད།

ཉིས་སྟོང་བརྒྱད་ཚུན་གྱི་ལོ་ངོ་དྲུག་རིང་བོད་ཕྱི་ནང་གཉིས་སུ་ལོ་གསར་ལ་སྤྲོ་སྐྱིད་གཏོང་མཚམས་བཞག་སྟེ། ལོ་ནག་སྲུང་གཙི་དང་མྱ་ངན་གྱི་ལོ་གསར། ང་ལ་ལོ་གསར་མེད་ཟེར་བ་སོགས་ཀྱི་སྨྲེ་སྔགས་སྣ་ཚོགས་གང་སར་ཐོས་རྒྱུ་ཡོད། དེ་ནི་མྱ་ངན་གྱི་རྣམ་པས་ངོ་རྒོལ་མཚོན་སྟངས་ཤིག་ཡིན་ནའང་། འདིའི་ཟུར་ཞིག་ན་ཨ་ཆད་ཨུ་ཐུག་གི་ཉམས་ཤིག་ཀྱང་ངང་གིས་མངོན་ཡོད། ད་ལོ་སླར་ཡང་བོད་མི་ཚོ་ཡར་ལངས་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་གར་དྷ་རམ་ས་ལ། ཨ་རིའི་རྒྱལ་ས་ཝ་ཞིན་ཌོན་སོགས་སུ་བོད་ཤིང་མོ་ལུག་གི་ལོ་གསར་གྱི་རྣམ་པས་ཁེངས་ཡོད།

དེ་བཞིན་རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་དང་བལ་ཡུལ་མཆོད་རྟེན་ཁུལ། ཡུ་རོབ་དང་ཤར་ཨེ་ཤ་ཡའི་བོད་མི་སྐྱབས་བཅོལ་བ་སྡོད་ཡུལ་གང་སར་ལོ་གསར་གྱི་རྣམ་པ་རྒྱ་ཆེ་ཞིང་། བོད་མི་ཚོའི་གདོང་ལ་དགའ་སྤྲོ་དང་རེ་བས་ཁེངས་འདུག ལྷག་པར་དུ་ཨ་རིའི་ཕྱི་སྲིད་བོད་དོན་འབྲེལ་མཐུད་ཁང་དུ་བོད་པའི་ལོ་གསར་སྲུང་གཙི་ཞུས་པ་དང་། ཉེ་ལམ་༧གོང་ས་མཆོག་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་སྟེང་གདན་ཞུ་གནང་བ་སོགས་ནི་བོད་དང་ཨ་རིའི་ལོ་རྒྱུས་ཐོག་གི་གོམ་པ་གསར་པ་ཞིག་དང་། སྔ་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་གྲང་ཤུར་ཤུར་གྱི་ལག་འཇུ་བྱས་པའི་ཚུན་གྱི་རྣམ་འགྱུར་གསར་ཤོས་དེ་རེད།

བོད་ནང་ཁུལ་གྱི་ས་གནས་མང་པོའི་དགོན་པ་དང་གྲོང་སྡེ་དག་ཏུ། ༧གོང་ས་མཆོག་གི་སྐུ་པར་བཤམས་ཏེ་བསང་གསོལ་དར་འཛུགས་དང་། རླུང་རྟ་གཏོར་བ། མཆོད་བསྟོད་སྨོན་ལམ་སོགས་རྒྱ་ཆེན་པོ་བྱས་འདུག ལོ་གསར་ཚེས་གཅིག་ཉིན་ཁམས་ཕྱོགས་ཀྱི་ལུང་པ་འགའ་རེར་བོད་མི་ཚོས་རྒྱའི་ཉེན་རྟོག་པའི་སྟེང་དུ་རྩམ་པ་གཏོར་ཏེ། སྒྲིག་ཆས་ནག་པོའི་ཁ་དོག་དཀར་པོར་བཏང་འདུག་པ་འདིས། སྔོན་ཆད་ཡུ་ཁུ་རེན་གྱིས་ཨུ་རུ་སུའི་འོག་ནས་རང་བཙན་རྩོད་སྐབས། ཞི་བའི་མི་མང་གིས་དྲག་པོའི་དམག་མིར་མེ་ཏོག་ཕུལ་བའི་རྣམ་པ་དེ་མངོན་འདུག

རྒྱལ་ཁབ་དང་མི་རིགས་སུ་ཞིག་ཡིན་ཡང་ལོ་གསར་ལ་ཧ་ཅང་རེ་བ་དང་དགའ་མོས་བྱེད་ཅིང་། ལོ་གསར་པ་དང་བསྟུན་ཏེ་གནས་ཚུལ་ངན་པ་ཐམས་ཅད་ཞི་ཞིང་དག་སྟེ། ལོ་གསར་པའི་ནང་གི་བྱ་བཞག་ཐམས་ཅད་མགོ་འཛུགས་ཀྱི་རྟེན་འབྲེལ་སྒྲིག་གི་ཡོད། སྤྱིར་བོད་པ་རྟེན་འབྲེལ་གྱི་བདག་པོ་ཡིན་ཡང་། ཆོས་ལུགས་མི་འདྲ་བ་དང་ཆོས་མེད་སྨྲ་བ་ཚོས་ཀྱང་ལོ་གསར་པར་ལས་དོན་གསར་པ་མགོ་འཛུགས་དང་། ལས་དོན་གསར་པ་མགོ་འཛུགས་ལ་རྟགས་དང་རྟེན་འབྲེལ་ཡག་པོ་ཡོང་བར་སྨོན་ལམ་རྒྱག་སྲོལ་ཡོད།

ཤིང་མོ་ལུག་གི་ལོ་མགོ་ཚུགས་པ་དང་མཉམ་དུ་བོད་པ་མི་རེ་ངོ་རེར་ཁས་ལེན་དམ་བཅའ་གསར་པ་རེའང་ཡོད་དགོས། བོད་མི་རེ་རེའི་དམ་བཅའ་དེ་བོད་སྤྱི་ཚོགས་ཀྱི་དམ་བཅའ་ཡིན་ལ། བོད་སྤྱི་ཚོགས་ཀྱི་དམ་བཅའ་དེ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དམ་བཅའ་ཡིན། བོད་སྤྱི་བའི་མངོན་འདོད་མངོན་འགྱུར་བྱེད་ཐུབ་མིན་བོད་མི་རེ་རེའི་ཁས་ལེན་དམ་བཅའ་མངོན་འགྱུར་ཐུབ་མིན་ལ་རག་ལས་ཡོད་ཅིང་། བོད་མི་རེ་རེའི་དམ་བཅའ་མངོན་འགྱུར་ཐུབ་མིན་ང་དང་ཁྱོད་ཚུད་པའི་བོད་མི་ས་ཡ་དྲུག་གིས་དེ་རིང་མགོ་རྩོམ་སྟངས་ནས་མཐར་བསྐྱལ་སྟངས་ལ་ཐུག་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

སྐར་མ ༣༠ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese