མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་སུ་གྱ་སྟོན་སྲུང་གཙིའི་རྣམ་པ་གསར་པ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རེས་གཟའ་ལྷག་པའི་༸སྐུའི་བླ་གཟའ་དང་ལྷག་དཀར་དང་བསྟུན་ཏེ།  ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ལྡི་ལིའི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་ལ་དྭགས་བོད་ཁྱིམ་གྱི་སློབ་ཟུར་སྐོར་ཞིག་གིས་སྣེ་ཁྲིད་དེ། གཞིས་ཆགས་ཀྱི་ཁོར་ཡུག་དང་། ཉེ་འཁོར་གྱི་ཁྲོམ་གཞུང་ཁག་གཙང་བཟོ་བྱེད་པའི་སྒོ་ནས་༸སྐུའི་གྱ་སྟོན་སྲུང་གཙི་བྱས་དང་བྱེད་བཞིན་ཡོད་འདུག

ས་གནས་ནས་འགྱུར་མེད་ཚེ་རིང་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་༸སྐུའི་གྱ་སྟོན་སྲུང་གཙི་དང་འབྲེལ་བའི་ལས་འགུལ་གྱི་ཐོག་མར།  སློབ་གཉེར་བ་ཚོས་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་དུ་འདུ་འཛོམས་བྱས་ཏེ་གཞུང་བསྟན་སྲུང་མ་དང་། དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་ལ་འཕྲིན་བཅོལ་བསང་གསོལ་གནང་རྗེས།  གཞིས་ཆགས་ཀྱི་ཁོར་ཡུག་དང་། ཁྲོམ་གཞུང་ཁག་ཅིག་ལ་གཙང་བཟོ་བྱེད་པའི་ཉིན་ ༤ རིང་གི་ལས་འགུལ་མགོ་འཛུགས་གནང་ཡོད་འདུག

དེའི་ཐད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སློབ་གཉེར་བ་བཀྲ་ཤིས་དོན་གྲུབ་ཀྱིས་གསུངས་དོན། ད་ལྟ་སྤེལ་དང་སྤེལ་བཞིན་པའི་ཁོར་ཡུག་གཙང་བཟོའི་ལས་འགུལ་དེ་ནི། འདི་ལོ་རང་ཅག་བོད་མིའི་འདུ་ཕྱིའི་སྐྱབས་མགོན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་རྣམ་པ་མི་འདྲ་ཞིག་གི་ལམ་ནས་སྲུང་གཙི་བྱེད་ཁུལ་ཡིན། ༸གོང་ས་མཆོག་གིས་རྒྱུན་དུ་ཁོར་ཡུག་ནི་འགྲོ་བ་མི་ཙམ་མ་ཟད། འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐང་ལ་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ཁོར་ཡུག་གཏོར་སྐྱོན་གཏོང་བ་ནི། རང་ཉིད་ཀྱི་ཚེ་སྲོག་ལ་གཏོར་སྐྱོན་བྱེད་པ་དང་གཅིག་མཚུངས་ཡིན་པས། རྟག་ཏུ་ཁོར་ཡུག་ལ་བག་མེད་གཏོར་སྐྱོན་བྱེད་མི་ཆོག་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཕེབས་པ་དེ་ཉིད་གཙོ་བོར་བཟུང་ནས་༸རྒྱལ་བ་དགྱེས་པའི་ལས་འགུལ་གྱི་ཆ་ཤས་སུ་སྤེལ་བ་ཞིག་ཡིན། ཞེས་སོགས་ངོ་སྤྲོད་གནང་འདུག

ཁོར་ཡུག་གཙང་བཟོ་དང་འབྲེལ་བའི་དང་བླང་སློབ་ཕྲུག་གི་ལས་འགུལ་དེ་ནི།  ཁ་སང་ཉིན་དང་པོར་གཞིས་ཆགས་ལས་ཁུངས་ཀྱི་གཡས་གཡོན་དང་།  བརྒྱ་ཤོག་གསུམ་པ་དང་། རུ་ཐོག་ཆོས་སྡིངས་དགོན་གྱི་མཐའ་འཁོར། དེ་བཞིན་ཉེ་འཁྲིས་ཁྲོམ་གཞུང་དང་གཞུང་ལམ་བཅས་ལ་གནང་རྗེས། དེ་རིང་ཉིན་གཉིས་པར་ལྕོག་ལམ་བརྒྱ་ཤོག་བཞི་པ་དང་། ལྔ་པ།   དེ་བཞིན་བཅུ་པ་དང་།  བཅུ་གཉིས་བཅས་ལ་མུ་མཐུད་གནང་རྒྱུ་དང་། སང་ཉིན་ཉིན་གསུམ་པར་སླེ་གྲོང་ཁྱེར་ནས་སྤྱི་ལེ་ ༧ ཙམ་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཨ་གླིང་གཞིས་ཆགས་ཀྱི་བརྒྱ་ཤོག་བཞིའི་ཁོར་ཡུག་ཡོངས་རྫོགས་དང་།   སླེ་ཁྲོམ་གཞུང་བཅས་ལ་གཙང་བཟོ་བྱས་རྗེས།  ཉིན་མཐའ་མར་བསོད་ནམས་གླིང་གཞིས་ཆགས་ཀྱི་བརྒྱ་ཤོག་དང་པོ་དང་གཉིས་པ། དེ་བཞིན་ཟམ་པའི་གཡས་གཡོན་ལ་ཡོད་པའི་ཁྲོམ་གཞུང་དང་། ༸རྒྱལ་བའི་ཕོ་བྲང་དགེ་འཕེལ་གླིང་སོགས་སུ་ཁོར་ཡུག་གཙང་བཟོ་བྱས་རྗེས། དེ་རིང་གི་ཉིན་གྲངས་བཞིའི་རིང་གི་༸སྐུའི་གྱ་སྟོན་སྲུང་གཙི་དང་འབྲེལ་བའི་ལས་འགུལ་མཇུག་བསྡོམས་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

ཆུ་ཚོད་ ༡༥ སྔོན་ལ།
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese